Skip to main content Skip to search
05 Jan 2016
3 min 42 sec
Bradley Aaron
Video Overview
Creators: 
Tibetan & Himalayan Library

This is a video of Zungbum Thar from Badzong, Amdo singing a song called "One Needs a Father in This World." This song is part of a collection of folk songs from the Rebgong cultural area.

འདི་ནི་རྟ་འདོ་བ་དང་འབྲི་ཐུལ་མ།  མདའ་ཉག་ཕྲན་བཅས་ནི་སྤྱིར་བཏང་གི་འཚོ་བ་ལ་མེད་དུ་མི་རུང་བ་ཡིན་པ་བརྗོད་ཡོད།

གླུ་འདིའི་ནང་དོན་གཙོ་བོ་ནི་རྟ་འདོ་བ་དང་འབྲི་ཐུལ་མ།  མདའ་ཉག་ཕྲན་བཅས་ཀྱིས་སྤྱིའི་ཆ་ནས་རང་གི་དྲིན་ཕ་མ་གཉིས་དང་སྤུན་བཅས་ཀྱི་ཚབ་བྱེད་མི་ཐུབ་རུང་དོན་བྱེ་བྲག་རེ་འགའི་ཆ་ནས་མཚུངས་ཆ་ཡོད་པས་དུས་རྒྱུན་གྱི་འཚོ་བ་ལ་དགོས་གལ་ཤིན་ཏུ་ཆེ་བ་བརྗོད་ཡོད།

Transcript search
No results found for this search
0 of 0
 • ༼ཡེ་་་་་་ལྡོང་ཨ་དབྱངས་ལ་ལོ་ཡང་གཅིག་ངས་ཡ་རེ་ལེན།༽
 • འཇིག་རྟེན་འདི་ན་ཕ་ཞིག་དགོས།། ༼ ལྡོང་ཨ་དབྱངས་ལ་ལོ་ཡང་གཅིག་ངས་ཡ་རེ་ལེན། ༽
 • ཕ་མེད་ན་འདོ་རིགས་རྟ་ཞིག་དགོས།། ༼ ལྡོང་ཨ་དབྱངས་ལ་ལོ་ཡང་གཅིག་ངས་ཡ་རེ་ལེན། ༽
 • རྟ་འདོ་བའི་ཕ་གོ་མི་ཆོད་རུང་།། ༼ ལྡོང་ཨ་དབྱངས་ལ་ལོ་ཡང་གཅིག་ངས་ཡ་རེ་ལེན། ༽
 • ས་བྱང་ལམ་བཅད་ན་ཕ་འདྲ་རེད།། ༼ ལྡོང་ཨ་དབྱངས་ལ་ལོ་ཡང་གཅིག་ངས་ཡ་རེ་ལེན། ༽
 • འཇིག་རྟེན་འདི་ན་མ་ཞིག་དགོས།། ༼ ལྡོང་ཨ་དབྱངས་ལ་ལོ་ཡང་གཅིག་ངས་ཡ་རེ་ལེན། ༽
 • མ་མེད་ན་ཐོལ་གཀར་འབྲི་ཞིག་དགོས།། ༼ ལྡོང་ཨ་དབྱངས་ལ་ལོ་ཡང་གཅིག་ངས་ཡ་རེ་ལེན། ༽
 • འབྲི་ཐོལ་མས་མ་གོ་མི་ཆོད་རུང་།། ༼ ལྡོང་ཨ་དབྱངས་ལ་ལོ་ཡང་གཅིག་ངས་ཡ་རེ་ལེན། ༽
 • དཀར་འོ་མ་འཐུང་ན་མ་འདྲ་རེད།། ༼ ལྡོང་ཨ་དབྱངས་ལ་ལོ་ཡང་གཅིག་ངས་ཡ་རེ་ལེན། ༽
 • འཇིག་རྟེན་འདི་ན་སྤུན་ཞིག་དགོས།། ༼ ལྡོང་ཨ་དབྱངས་ལ་ལོ་ཡང་གཅིག་ངས་ཡ་རེ་ལེན། ༽
 • སྤུན་མེད་ན་ཉག་ཕྲན་མདའ་ཞིག་དགོས།། ༼ ལྡོང་ཨ་དབྱངས་ལ་ལོ་ཡང་གཅིག་ངས་ཡ་རེ་ལེན། ༽
 • མདའ་ལི་མས་སྤུན་གོ་མི་ཆོད་རུང་།། ༼ ལྡོང་ཨ་དབྱངས་ལ་ལོ་ཡང་གཅིག་ངས་ཡ་རེ་ལེན། ༽
 • དགྲ་ནག་པོར་ཐུག་ན་ཟིན་འདྲ་རེད།། ༼ ལྡོང་ཨ་དབྱངས་ལ་ལོ་ཡང་གཅིག་ངས་ཡ་རེ་ལེན། ༽
 • གླུ་སྐྱིད་ལ་མི་ཚེ་གང་པོར་ལེན།། ༼ ལྡོང་ཨ་དབྱངས་ལ་ལོ་ཡང་གཅིག་ངས་ཡ་རེ་ལེན། ༽