Skip to main content Skip to search
23 Aug 2018
30 min 12 sec
Rinchen Dorji
Video Overview
Creators: 
Penchela

Zhey, which was performed during the Ngang Lhakhang tsechu at Ura, was performed by the ngang dancers. This zhey talks about Lhasa in Tibet. This song comes originally from Tibet. Since fewer people perform zhey than in the past, they have to pay for zhey performers. This zhey has been performed only during the Ngang Lhakhang festival, and not elsewhere. Actually, zhey was noted in the Thram, but this zhey om lhasa mani zhey was performed during first day of the Tsechu.

བུམ་ཐང་ཨུ་ར་ལུ་ རྐྱབ་སྲོལ་ཡོད་པའི་ ངང་ལྷ་ཁང་གིས་ འཆམ་རྐྱབ་མི་ཚུ་གིས་ རྐྱབ་སྲོལ་ཡོདཔ་ཨིན་མས། དེ་ཡང་ བོད་ལས་འབྱུང་འབྱུངམ་བཟུམ་འདུག་ཟེར་ ཨིན་མས། འདི་ཡང་ བོད་ལྷ་ས་ ཕྱགས་པའི་ཕྱགས་ཚུལ་སྐོར་ལས་ ཚིག་ཡོད་ནི་འདི་གི་ ཨིན་མས།  གཞས་འདི་ ཧེ་མ་བཟུམ་འབད་ར་རྐྱབ་རུང་ ད་རེས་ནང་པ་རྐྱབ་མི་ མི་མེད་ནི་འདི་གིས་ ཏི་རུ་བྱིན་ཏེ་ རྐྱབ་དགོཔ་མཐོན་དོ་ ཡོདཔ་ཨིན་མས། གཞས་འདི་ཚུ་ ངང་ལྷ་ཁང་གི་རབས་གནས་་སྐབས་མ་བཏོག་ གཞན་ཁ་ལས་ཕར་རྐྱབ་སྲོལ་མེདཔ་ ཨིན་མས།   མ་གཞི་གིས་ གཞས་འདི་ཚུ་མ་འདྲཝ་ ལེ་ཤ་ཡོད་རུང་ ངང་ལྷ་ཁང་གི་གཞས་འདི་ གཞན་དང་མ་འདྲཝ་ཅིག་རང་ཡོདཔ་ཨིན་མས། གཞས་འདི་ ཧེ་མ་འབད་ཁྲམ་འདུག་དེ་འབད་ད་བསམ་ཐང་དུང་གི་མེ་བཏང་ད་ནུག་ དེ་ལས་ཤུས་ལས་ད་རུང་ཡང་ཁྲམ་རྐྱབ་འདི་འདུག ཨོ་ལྷ་ས་མཎི་ཟེར་མི་གཞས་འདི་རབས་གནས་ཉི་མ་དང་ནང་རྐྱབ་མས། གཞས་འདི་ཕྱོགས་བཞི་སྐོར་འདི་ རྐྱབ་སྲོལ་ཡོདཔ་ ཨིན་མས། འདི་ཡང་ཤར་རྡོེ་སེམས་པ་ ནུབ་སྣ་བ་མཐའ་གཡས་ བྱང་དོན་གཡོན་སྒྲུབ་ ལྷོ་རིན་ཆེན་འབྱུང་གནས། འདི་གཞས་མ་རྐྱབ་པའི་ཧེ་མ་ ཞཱ་གནག་འཆམ་རྐྱབ་འདི་ གསེར་སྐྱེམས་ཕུལ་དགོ་དོ་ཡོདཔ་ཨིན་མས། དེ་ལས་གཞས་འདི་རྐྱབ་སྲོལ་ཡོདཔ་ཨིན་མས།

Transcript search
No results found for this search
0 of 0
  • ངང་ལྷ་ཁང་གི་གཞས་རྐྱབ་མི་
    ལའེ་ཨོཾ་ས་ལ་མ་ཎི་པདྨེ་ཧཱུཾ་ལ།།
  • ངང་ལྷ་ཁང་གི་གཞས་རྐྱབ་མི་
    ལའེ་ཨོཾ་ས་ལ་མ་ཎི་པདྨེ་ཧཱུཾ་ལ།།
  • ངང་ལྷ་ཁང་གི་གཞས་རྐྱབ་མི་
    སྭ་ཡ་ས་ལ་མ་ཎི་པདྨེ་ཧཱུཾ།
  • ངང་ལྷ་ཁང་གི་གཞས་རྐྱབ་མི་
    སྭ་ཡ་ས་ལ་མ་ཎི་ལ་པདྨེ་ཧཱུཾ།།
  • ངང་ལྷ་ཁང་གི་གཞས་རྐྱབ་མི་
    ཡར་གྱི་དགུང་སྟོད་བླ་མ་ཆོས་གནང་དོ་ལ།
  • ངང་ལྷ་ཁང་གི་གཞས་རྐྱབ་མི་
    དངོས་ཀྱི་འབྲས་བུ་ཉི་མ་ཆོས་ཞུ་དོ།
  • ངང་ལྷ་ཁང་གི་གཞས་རྐྱབ་མི་
    ལའེ་ཨོཾ་ས་ལ་མ་ཎི་པདྨེ་ཧཱུཾ་ལ།
  • ངང་ལྷ་ཁང་གི་གཞས་རྐྱབ་མི་
    སྭ་ཡ་ས་ལ་མ་ཎི་པདྨེ་ཧཱུཾ།
  • ངང་ལྷ་ཁང་གི་གཞས་རྐྱབ་མི་
    ཆོས་ཅིག་གནང་ག་མི་གནང་བླ་མ་མཁན་ལ།
  • ངང་ལྷ་ཁང་གི་གཞས་རྐྱབ་མི་
    ཆོས་ལུ་བཙུན་ག་མ་བཙུན་ཆོས་གྲོགས་ཀྱིས།
  • ངང་ལྷ་ཁང་གི་གཞས་རྐྱབ་མི་
    ལའེ་ཨོཾ་ས་ལ་མ་ཎི་པདྨེ་ཧཱུཾ་ལ།
  • ངང་ལྷ་ཁང་གི་གཞས་རྐྱབ་མི་
    སྭ་ཡ་ས་ལ་མ་ཎི་པདྨེ་ཧཱུཾ།
  • ངང་ལྷ་ཁང་གི་གཞས་རྐྱབ་མི་
    བླ་མ་དེ་སྦེ་མ་བྱེད་བུ་མོའི་གླུ་ལ།
  • ངང་ལྷ་ཁང་གི་གཞས་རྐྱབ་མི་
    ་་་་་་་ཡར་སྒྲོན་བླ་མའི་ཐུགས།
  • ངང་ལྷ་ཁང་གི་གཞས་རྐྱབ་མི་
    ལའེ་ཨོཾ་ས་ལ་མ་ཎི་པདྨེ་ཧཱུཾ་ལ།
  • ངང་ལྷ་ཁང་གི་གཞས་རྐྱབ་མི་
    སྭ་ཡ་ས་ལ་མ་ཎི་པདྨེ་ཧཱུཾ།