Skip to main content Skip to search
21 Jun 2018
4 min 40 sec
Ariana Maki
Video Overview
Creators: 
Sonam Chophel, Duptho

Therpo from Zor village (in Jamkhar Gewog, Trashiyangtse) narrates a story about offering Mingchang (a local millet brew). Once upon a time, there were two Koche brothers. The younger brother lived naked, without wearing clothes. One day, the elder Koche invited some of his friends to his house. He asked his younger brother to wear clothes, but the younger brother did not listen. He was ashamed in front of his friends when his younger brother did not wear any clothes; he threw his younger brother in the river. The elder brother fell physically ill because of this bad deed. Someone advised him to offer Mingchang as a remembrance for his younger brother.

 

བཀྲིས་གཡང་རྩིས་  འཇམ་མཁར་རྒས་འོག་ གཡུས་ཟོར་ལས་ཨིན་མི་ ཐེར་པོ་གིས་ མིང་ཆང་ཕུལ་དགོ་པའི་པའི་སྐོར་ལས་ བཤད་འདི་ཡོདཔ་ཨིན་མས། ཧེ་མ་ གཡུས་མཚན་ཅིག་ནང་ལུ་ མཁོ་ཆད་ སྤུན་ཆ་གཉིས་ཡོདཔ་ཨིན་མས།  སྥུན་ཆ་ཆུང་ཤོས་འདི་གིས་ གོ་ལ་ག་ནི་ཡང་ མ་གྱོན་བ་ ཡོདཔ་ཨིན་མས། ཚར་ཅིག་འབདཝ་ད་ སྤུན་ཆ་སྦོམ་ཤོས་ཀྱིས་  ཁྱིམ་ནང་ལུ་ གྱོནམ་འོང་ནི་ཡོདཔ་ལས་ སྤུན་ཆ་ཆུང་ཤོས་ལུ་ གོ་ལ་གྱོན་ཟེར་ སླབ་པའི་སྐབས་ལུ་ ནུ་ཅུ་གིས་ཉན་མ་བཏུབ་བ་ ཕོ་རྒནམ་ངོ་ཚ་འདི་ ནུ་ཅུ་ཆུ་ནང་ བཀོ་བཏང་ཡོདཔ་ཨིན་མས། འདི་འབདཝ་ལས་ ཁོ་རའི་བྱ་བ་ལུ་ བལྟ་འདི་ སེམས་ཤི་འདི་ ད་ལྟོ་མིང་ཆང་ཕུལ་དགོ་མི་འདི་ ནུ་ཅུ་སེམས་ཁར་འདྲན་ནིའི་དོན་ལུ་ཨིན་མས། 

 

Transcript search
No results found for this search
0 of 0
  • མཐར་པོ་ Tharpo
    ད་ལྟོ་ཞུ་མི་འདི་ དོན་དག་ངོ་མ་རང་ང་བཅས་ར་མིང་ཆང་ཕུལ་དགོ་པའི་སྐོར་ལས་ཅིག་ཞུ་བ་ཅིན་ ཧེ་མ་ དང་ཕུ་ང་བཅས་ར་ཕམ་གིས་སླབ་དོ་བཟུམ་འབད་བ་ཅིན།
  • མཐར་པོ་ Tharpo
    ང་བཅས་ར་དུང་རོ་གི་མཁོ་ཆེ་སྤུན་ཆ་གཉིས་ཡོད་ས་ལས་ ཏེ་ཕོ་རྒནམ་འདི་མཁོ་ཆེ་ ནོ་གཅུང་འདི་མཁོ་ཆེ་ཡང་མེནམ་ ག་ཅི་ཡང་མེནམ་སྦེ་ ཏེ་ཁོ་གིས་ བགོ་ལ་ཡང་ལེགས་ཤོམ་འབད་གྱོནམ་མ་བཏུབ་པར་ ཨ་ནཱི་སྦེ་སྡོད་དོ་ཡོདཔ་མས།
  • མཐར་པོ་ Tharpo
    ཏེ་ཕོ་རྒནམ་གིས་ ག་དེམ་ཅིག་གསུངས་ལྟ་རུང་ ཁོ་གིས་ཏེ་ཉན་མ་བཏུབ་ ག་གིས་ཡང་གསུངས་རུང་ཉན་མ་བཏུར་པར་ ཏེ་ཉིནམ་ཅིག་འབདཝ་ད་ ཏེ་ཕོ་རྒནམ་ཨ་ཙི་དགོངམས་ཁྲེལ་ཏེ་ ད་མགྱོནམོ་ལེ་ཤཱ་འོངམ་ད་ ངོ་ཚ་སི་སི་ཅིག་ འ་ནཱི་ནོ་གཅུང་གིས་ལཱ་འ་ནཱི་བཟུམ་ཅིག་འབད་ནི་ཨིན་མས་ཟེར།
  • མཐར་པོ་ Tharpo
    ད་ཁོ་མི་བཏུབ་པས་ ད་བཟུང་ཞིན་ན་ ཆུ་ནང་ཕྲངམ་ཕྲང་སར་བཀོ་བཏང་རུང་མི་བཏུབ་པས་ ད་འ་ནཱི་མི་ གསད་བཞག་རུང་མི་བཏུབ་པས་ ང་བཅས་གཉིས་སྤུན་ཆ་འབད་ནི་འདི་གིས་ ཏེ་ད་མི་བཏུབ་པས་ ད་ཁོ་དེ་བ་འདི་ ང་གི་རྟ་ཚུ་གིས་བསྣད་སྦེ་གསད་བཞག་དགོ་པས་ཟེར།
  • མཐར་པོ་ Tharpo
    ཨ་ནཱི་ང་བཅས་རའི་རྟ་འབབ་མཆོད་རྟེན་ཟེར་ གཅིག་ཡོད་ལགས་ང་བཅས་ཀྱི་འཇམ་མཁར་ལུ་ འ་ནཱ་རྟ་འབབ་མཆོད་རྟེན་ཡོད་ས་རྒྱ་ལམ་ཁར་འབག་སྦེ་ རྐངམ་ལགཔ་ག་ར་སྤྲིང་བསྡམས་སྦེ་ ཏེ་དེ་ལས་ རྟ་སེམས་ཅན་ཚུ་ཕར་ཚུར་འགོམ་སྟེ་ བཏངམ་ད་ལུ་ ཁོ་གསད་ནི་འབད་ ཕར་འགོམ་བཏང་རུང་ ཏེ་རྟ་གིས་ཕར་འགོམ་ཚུར་འགོམ་འགྱོ་སྟེ་ ཁོ་རྩ་ལས་རང་བསྣད་མ་བཏུབ་པས་ལགས་ཁོ།
  • མཐར་པོ་ Tharpo
    དབའི་འ་ནཱི་མི་འདི་གིས་ གནམ་མེད་ས་མེད་ཅིག་འབད་དེ་དྲེགས་མི་ཚུགས་པས་ རྟ་གིས་ཡང་རྐངམ་བསྣད་མི་བཏུབ་པས་ ཁོ་ག་ཅི་ཅིག་ཨིན་ན་ཅིག་འདུག་འ་ནཱི་མི་ འུམ་་་་་མི་བཏུབ་པས་ ཁོ་དེ་སྦེ་བཞགཔ་ད་འདི་མི་བཏུབ་པས་ཟེར་ དེ་ལས་ཏེ་ ད་རུང་ཕོ་རྒནམ་གིས་བཀའ་གནང་སྟེ་ དེ་ལས་བཟུང་འབག་སྦེ་ ང་བཅས་ར་འཇམ་མཁར་ཆུ་ཟེར་རང་སླབ་ཨིན་ལགས་ ང་བཅས་ཀྱིས་འདི་ད་ལྟོ། ཏེ་ཧེ་མ་རོགས་ཨ་རྒས་ཨང་རྒས་ཚུ་གིས་འདི་ གླིང་འགྱིར་ཆུ་མོ་ ཟེར་སླབ་ཨིན་ལོ་ལགས།
  • མཐར་པོ་ Tharpo
    འ་ནཱི་ནང་ ཨ་ནཱི་ཟངས་སྦོམ་ནང་འབག་ ཏེ་ཁོ་ཟངས་ནང་བཙུགས་ཏེ་ དེ་ལས་ཟངས་སྒོ་བསྡམས་ ཁ་བསྡམས་ ལྡེ་མིག་རྐྱབ་ དེ་ལས་འ་ནཱི་གླིང་འགྱིར་ཆུ་མོ་ཟེར་མི་ནང་སྐྱེལ་སྐྱེལཝ་ཨིན་མས་ལགས། སྐྱེལ་སྦེ་ ཏེ་དེ་ལས་གླིང་འགྱིར་ཆུ་མོ་ནང་སྐྱེལ་ནི་འབད་ཀྲིག་ཀྲི་འབདཝ་ད་ལུ་ ཁོ་གིས་ཟངས་ནང་ལས་སྨོན་ལམ་བཏབ་ནུག་ཟེར་ཨིན་མས། ཡ་ ང་མཁོ་ཆེ་གི་ལྷ་ཨིན་ཟེར་བ་ཅིན་ ཆུ་ཆེན་གོང་རི་ལུ་ལྷོདཔ་ད་ ཡར་ཆུ་རྐའི་ཁ་ཐུག་འབག་ཤིག་ ང་ལྷ་མེན་པ་ཅིན་ ཆུ་མཇུག་ཁ་ཐུག་འབག་ཤིག་ གླིང་འགྱིར་ཆུ་མོ་གིས་འདི་ང་ན་ལས་མར་འབག་འོང་སྨེ་ ཁྱེད་ཆ་ཁྱབ་ལྟ་ཤིག་ཟེར་ ཏེ་ཁོ་ཆུ་ནང་བཀོ་བཀོཝ་ཨིན་མས་ལགས།
  • མཐར་པོ་ Tharpo
    ཏེ་བཀོཝ་སྦེ་ མར་ཆུ་ཆེན་གོང་རི་ལུ་ལྷོདཔ་ད་འབདན་ ཆུ་གིས་མར་ལྟ་མེན་པར་ གོང་རི་གིས་ཡར་ལྟ་འཕྱག་འབག་འབགཔ་ཨིན་པས་ལགས། ཡར་ལྟ་འཕྱག་འབག་སྟེ་ ང་བཅས་ར་ནཱ་ངང་མཁར་མཁོ་ཆེ་ དུང་རོ་མཁོ་ཆེ་ཟེར་ དུང་རོ་འདི་མར་ཨིན་ ངང་མཁར་འདི་ཡར་ཨིན་ལགས། འ་ནཱི་ངང་མཁར་གི་མཚམས་ཁར་ལྷོདཔ་ད་ལུ་ ཏེ་ཨ་ནཱི་ཨ་ཙི་མ་ལྷོདཔ་ཅིག་གི་བར་ན་ ཁོ་གི་ཕོ་རྒནམ་མཁོ་ཆེ་འདི་ ཤིང་བུ་ལོམ་འཕང་ཟེར་སླབ་ཨིན་ལགས་ གཞན་མི་གིས་ག་ཅི་སླབ་ཨིན་ན་མ་ཤེས་ མི་ཤེས་པས། ཏེ་ང་བཅས་ནཱ་འཇམ་མཁར་པ་གིས་འབད་བ་ཅིན་ ཤིང་བུ་ལོམ་འཕང་ཟེར་ གསོབ་བྱིན་འོང་ འ་ནཱི་གིས་ ཕོ་རྒནམ་གི་ལྕགས་ཀྱི་ལྷམ་ སྒྲོ་ཤུགས་རྐྱབ་སྟེ་ ཕོ་རྒནམ་གི་རྐང་མར་ཕོག་ཆི་ ཟེར་ཨིན་མས་ལགས།
  • མཐར་པོ་ Tharpo
    ཏེ་ཕོག་སྦེ་ ཏེ་སྨན་བཅོས་རིམ་གྲོ་ག་ཅི་བཟུམ་བཏང་རུང་མ་དྲག་པར་ ཏེ་ག་བཟུམ་གྱི་མོ་བཏབ་རྩིས་བཏབ་འབད་ལྟ་རུང་མ་དྲག་ཞིནམ་ལས་ དེ་ལས་ག་ཅི་གིས་དྲག་ནི་མས་ ཟེར་འབདཝ་ད་ལུ་ ཏེ་ཁོ་ར་གི་ནོ་གཅུང་འདི་ལྷ་སྡོད་སྡོདཔ་མས། ཁྱོད་ཀྱིས་འཛོལ་སོ་ནུག སྐུར་པ་བཏབ་ནུག ཏེ་འ་ནཱི་ལྷ་ཞུ་ཚུགས་པ་ཅིན་རྐྱངམ་ཅིག་དྲག་ནི་མས་ཟེར་ ཐོན་ཡི་ཟེར་ཨིན་མས་ལགས།
  • མཐར་པོ་ Tharpo
    དེ་ལས་འ་ནཱ་ལས་ ཁོ་གི་ལྷ་ཚུར་ཞུ་ནི་གི་དོན་ལས་ ཁོ་ར་གི་ ང་བཅས་ར་ནཱ་འཇམ་མཁར་ལུ་མིང་ཆང་ཕུལ་བའི་སྐབས་ [དུང་མཆོ་དགུ་ མཐོ་མ་?] དགུ་ཟེར་འགྱོཝ་ཨིན་ལགས། འ་ནཱི་འགྱོ་མི་དེ་ དེ་ལས་འ་ནཱི་སྤག་ཤིང་དེ་ སྤག་ཤིང་འདོམ་དགུ་ ཏེ་ནཱ་གླི་ཤིང་མཁར་ལས་འབག་ཅི་ཟེར་ ཏེ་འབག་དགོ་ཟེར་ ཨ་ནཱི་མཐོང་པོ་ཤིང་འབག་དགོ་ཟེར་ ཚལ་ཤིང་འབག་དགོ་ཟེར་ རོགས་ཨ་རྒས་ཨང་རྒས་ཚུ་གིས་ ཚལ་ཤིང་ མཐོང་པོ་འདི་མཐོང་པོ་ལེན་དགོ་ཟེར་ འ་ནཱི་སྦེ་ འ་ནཱི་བཟུམ་ཞུ་སྦེ་ ཏེ་ལོ་དགུ་ལུ་རྐྱངམ་ཅིག་ཚང་སྟེ་ དེ་ལས་ཕོ་རྒནམ་གི་གདན་ས་ལུ་ཞུ་ཞིནམ་ལས་རྐྱངམ་ཅིག་ ཕོ་རྒནམ་དྲག་ཚུགས་ཅི་ཟེར་
  • མཐར་པོ་ Tharpo
    ང་བཅས་རའི་ད་ལྟོ་ སྐྱེ་ལྷ་གཞི་ལྷ་ ཨ་ལོ་འབད་རུང་ཕ་མ་ལས་ཕ་མ་ ཕ་མ་ལས་ཕ་མ་ ཕུལ་དགོ་མི་འདི་ གནད་དོན་འ་ནཱི་ལས་བརྟེན་ཨིན་མས་ཟེར་ ཧེ་མ་ཨ་རྒས་ཨང་རྒས་ཚུ་གིས་ཡང་དེ་སྦེ་སླབ་དེས་ ཏེ་ད་ལྟོ་ཡང་ང་བཅས་ར་ ཁྱུན་མ་ཉམས་པར་ཕུལ་མི་འདི་ འ་ནཱི་སྦེ་ཨིན་ཟེར་ ཞུ་ནི་ལགས། འ་ནཱིམ་ཅིག་ཨིན་ལགས།། །།