Skip to main content Skip to search
01 Sep 2018
3 min 35 sec
Ariana Maki
Video Overview
Creators: 
Monika Subba, Kencho Wangmo

ཐོས་སྒྲ་ནང་ལུ་ ཨམ་པདྨ་བདེ་སྐྱིད་ཀྱི་ རྒྱལ་ཁབ་ནང་ལུ་ཡོངས་གྲགས་ཡོད་པའི་འབོད་སྒྲའི་ཀླུ་གཞས་ཅིག་འཐེན་ནུག། ཀླུ་གཞས་འདི་མང་ཆེ་བ་ཅིག་ ལོ་ལྟར་གྱི་ཆོ་ག་ཚུ་ནང་ལུ་ མི་ཚུ་འརྫོམས་པའི་སྐབས་ཀླུ་འཐེན་འདི་གྲོ་ཁྲབ་དོ་ཡོདཔ་ཨིན་མས། ཀླུ་འདི་རང་གི་ གཡུས་དང་ཕམ་སྤུན་ཆ་ཚུ་དྲན་པའི་སྐབས་འཐེན་ནི་ དྲན་ཀླུ་ཅིག་ཨིན་མས། ཀླུ་འདི་ཀྱི་ དོན་ནག་དེ་གང་རིག་འདི་མཐོང་པའི་སྐབས་སུ་ཕ་གཡུལ་མས། ཁྲི་གདུངས་ཉི་མ་འཐོང་བའི་སྐབས་སུ་ཡབ་ཆེན་དྲན་མས། ཟླཝ་འདི་མཐོང་བའ་སྐབས་སུ་ཡུམ་ཆེན་དྲན་མས། གནམ་ཁའི་སྐར་མ་འདི་མཐོང་བའི་སྐབས་སུ་སྤུན་ཆ་ཚུ་དྲན་མས་ཟེར་བའི་ཚིག་ཚུ་བརྩུགས་ཏེ་འདུག། 

 

Pema Deki sings a popular Boedra song called "Nye Phayul Gangri Karpo Dra" (White mountain resembles my home town). It describes the resemblance of white mountains to the home town, the glowing sun as the father, the glowing moon as the mother, stars as relatives and a flower as the life partner.

Transcript search
No results found for this search
0 of 0
  • པདྨ་བདེ་སྐྱིད་ Pema Deki
    ངེད་ཕ་ཡུལ་གངས་རི་དཀར་པོ་འདྲ་ལ།
    My village looks like a white mountain.
  • པདྨ་བདེ་སྐྱིད་ Pema Deki
    གངས་རི་དཀར་པོ་མཐོང་ཚེ་ཕ་ཡུལ་དྲན་ལ།
    Whenever I see White Mountain I miss my village.
  • པདྨ་བདེ་སྐྱིད་ Pema Deki
    ཕ་ཡུལ་དྲན་ལ། སྤང་ལ་གི་འོ།
    Miss my village.
  • པདྨ་བདེ་སྐྱིད་ Pema Deki
    ངེད་ཡབ་ཆེན་ཁྲི་གདུག་ལ་ཉི་མ་འདྲ་ལ།
    My father is like a glowing sun.
  • པདྨ་བདེ་སྐྱིད་ Pema Deki
    ཁྲི་གདུག་ལ་ཉི་མ་མ་མཐོང་ཚེ་ཡབ་ཆེན་དྲན་ལ།
    Whenever I see a glowing sun I miss my father.
  • པདྨ་བདེ་སྐྱིད་ Pema Deki
    ཡབ་ཆེན་དྲན་ལ། སྤང་ལ་གི་འོ།
    Miss father
  • པདྨ་བདེ་སྐྱིད་ Pema Deki
    ངེད་ཡུམ་ཆེན་ཞོ་ཤེལ་ལ་ཟླ་བ་འདྲ་ལ།
    My mother is like a full moon.
  • པདྨ་བདེ་སྐྱིད་ Pema Deki
    ཞོ་ཤེལ་ཟླ་བ་མཐོང་ཚེ་ཡུམ་ཆེན་དྲན་ལ།
    Whenever I see full moon I miss my moon.
  • པདྨ་བདེ་སྐྱིད་ Pema Deki
    ཡུམ་ཆེན་དྲན་ལ། སྤང་ལ་གི་འོ།
    Miss my mom.
  • པདྨ་བདེ་སྐྱིད་ Pema Deki
    ངེའི་སྤུན་ཆ་ནམ་མཁའི་ལ་སྐར་མ་འདྲ་ལ།
    My relatives are like a star in the sky.
  • པདྨ་བདེ་སྐྱིད་ Pema Deki
    ནམ་མཁའི་སྐར་མ་མཐོང་ཚེ་སྤུན་ཆ་དྲན་ལ།
    Whenever I see the stars I miss my relatives.
  • པདྨ་བདེ་སྐྱིད་ Pema Deki
    སྤུན་ཆ་དྲན་ལ། སྤང་ལ་གི་འོ།
    Miss my relatives.
  • པདྨ་བདེ་སྐྱིད་ Pema Deki
    ངེའི་གཉེན་གྲོགས་སྤང་གི་ལ་མེ་ཏོག་འདྲ་ལ།
    My marriage partner is like a lawn flower.
  • པདྨ་བདེ་སྐྱིད་ Pema Deki
    སྤང་གི་ལ་མེ་ཏོག་མཐོང་ཚེ་གཉེན་གྲོགས་དྲན་ལ། སྤང་ལ་གི་འོ།
    Whenever i see lawn flower i miss my husband.
  • པདྨ་བདེ་སྐྱིད་ Pema Deki
    གཉེན་གྲོགས་དྲན་ལ། སྤང་ལ་གི་འོ། ལགས་སོ།
    I miss my husband. Ok