Skip to main content Skip to search
16 Feb 2017
1 min 17 sec
Video Overview

མི་སྡེ་ཕན་རླབས་ཀྱི་དོན་ལུ་ གཡུས་སྒོ་ཆ་མཉམ་ནང་ རང་སོའི་གསོལ་བཏབ་སའི་ སྲུང་མ་དང་ གཡུས་ལྷ་ཚུ་ཡོདཔ་ཨིན། འཇིག་རྟེན་གྱི་ལྷ་ལུ་གསོལཝ་བཏབ་མི་གིས་ བདེ་བ་མཆོག་ཏུ་འགྱུར་པ་སྦེ་ བྱིན་ནི་ལུ་ ཕན་ཐོགས་མ་ཚུགསཔ་ཨིན་རུང་ ཁོང་ལུ་གསོལཝ་བཏབ་མི་གིས་ ཚེ་འདིའི་འགལ་རྐྱེན་ཚུ་བཟློག་སྟེ་ ཚེ་འདིའི་བདེ་བ་བྱིན་ཚུགསཔ་ཨིན་པས། འདི་བཟུམ་སྦེ་ རི་ཏི་གཡུས་ཚན་ནང་ཡང་ ལྷ་ཚངས་པ་ལ་སོགས་པའི་ ལོ་བསྟར་གསོལ་དགོཔ་གི་ ལྷ་ཚུ་ཡོདཔ་ཨིནམ་ད་ སེངྒེ་གིས་འབད་བ་ཅིན་ འདི་བཟུམ་གྱི་ ལམ་སྲོལ་འདི་ ཁོང་གི་ ཕ་མེས་ཀྱི་སྐབས་ལས་ར་འདུག་ཟེར་མས།