Skip to main content Skip to search
26 Jan 2016
2 min 50 sec
Samten Yeshi
Video Overview
Creators: 
Penchela

The song On My Path sung in this video by Choki Zangmo from Baleggang under Dagana Dzongkhag is similar to an old bodra song called “Rey la rey chung ma,” but at least in the first stanza the tune is completely different. The lyrics to the song suggest that people who are successful in life strive to overcome whatever difficulties they encounter on their way. 

 

ང་ཚོ་འགྲོ་བའི་ལམ་ལ། ཟེར་ དར་དཀར་ན་བ་ལེགས་སྒང་ལས་ ཆོས་སྐྱིད་བཟང་མོ་གིས་འཐེན་མི་འདི་ འགོ་བཙུགསཔ་ད་ གླུ་གཞས་ རེད་ལ་རེད་ཆུང་མ། ཟེར་མི་དང་འདྲ་སུ་ཅིག་འདུག དེ་འབདཝ་ད་ གདངས་ཀྱི་ཐད་ཁར་སོ་སོ་སྦེ་འཐེན་པ་གིས་མ་ཚད་ ལེའུ་གཉིས་པའི་ཚིག་ལས་མར་སོ་སོ་སྦེ་ར་འཐེན་ནི་འདུག དེ་ཡང་ ང་བཅས་ར་འགྱོ་དགོ་པའི་ལམ་ཁ་ལུ་ ཆུ་མོ་ལེ་ཤ་ཡོད་རུང་ ཟམ་པ་བཏགས་ཏེ་འགྱོ་ནི་དང་ ལྷ་ཁང་དང་མཆོད་རྟེན་མང་པོ་ཡོད་རུང་ བསྐོར་ར་བསྐོར་ནས་འགྲོ་རྒྱུ་ཞིན་པ་ཞིན་ལ་ཟེར་ སྒྲ་ཡང་མ་དགཔ་སྦེ་འཐེན་མི་འདི་ དོན་དག་དང་འཁྲིལ་བ་ཅིན་ ལྷ་ཁང་མཆོད་རྟེན་མང་པོ་ཡོད་རུང་ བསྐོར་ར་བསྐོར་ནས་འགྲོ་རྒྱུ་ཡིན་པ་ཡིན་ལགས། ཟེར་ཨིན་པས།

 

Transcript search
No results found for this search
0 of 0
  • Choki Zangmo/ཆོས་སྐྱིད་བཟངམོ:
    ང་ཚོ་ལ་འགྲོ་བའི་ལམ་ལུ། །ཆུ་མོ་ལ་མང་པོ་ཡོད་ན(འདུག་གོ)། །
  • Choki Zangmo/ཆོས་སྐྱིད་བཟངམོ:
    ཆུ་མོ་ལ་མང་པོ་ཡོད་ན། །ཟམ་པ་བཏགས་ནས་འགྲོ་རྒྱུ་ཞེས་(ཡིན་)པ་རེད།
  • Choki Zangmo/ཆོས་སྐྱིད་བཟངམོ:
    ང་ཚོ་ལ་འགྲོ་བའི་ལམ་ལུ། །མཆོད་རྟེན་ལ་མང་པོ་ཡོད་ན(འདུག་གོ)།
  • Choki Zangmo/ཆོས་སྐྱིད་བཟངམོ:
    མཆོད་རྟེན་ལ་མང་པོ་ཡོད་ན། །བསྐོར་བ་བསྐོར་ནས་འགྲོ་རྒྱུ་ཞེས་(ཡིན་)པ་རེད།
  • Choki Zangmo/ཆོས་སྐྱིད་བཟངམོ:
    ང་ཚོ་ལ་འགྲོ་བའི་ལམ་ལུ། །ལྷ་ཁང་ལ་མང་པོ་ཡོད་ན(འདུག་གོ)། །
  • Choki Zangmo/ཆོས་སྐྱིད་བཟངམོ:
    ལྷ་ཁང་ལ་མང་པོ་ཡོད་ན། །སྙན་དར་ཕུལ་ནས་འགྲོ་རྒྱུ་ཞེས་(ཡིན་)པ་རེད།
  • Choki Zangmo/ཆོས་སྐྱིད་བཟངམོ:
    ང་ཚོ་ལ་འགྲོ་བའི་ལམ་ལུ། །སློབ་དཔོན་ལ་མང་པོ་ཡོད་ན(འདུག་གོ)།
  • Choki Zangmo/ཆོས་སྐྱིད་བཟངམོ:
    སློབ་དཔོན་ལ་མང་པོ་ཡོད་ན། །ཚོགས་ཆང་དྲངས་ནས་འགྲོ་རྒྱུ་ཞེས་(ཡིན་)པ་རེད།
  • Choki Zangmo/ཆོས་སྐྱིད་བཟང་མོ:
    ལགས་སོ་ལགས།