Skip to main content Skip to search
28 Aug 2018
3 min 6 sec
Ariana Maki
Video Overview
Creators: 
Sonam Tobgye

ལྷུན་རྩེ་རྫོང་ཁག་ ཀུར་སྟོད་རྒེད་འོག་ལས་ སེངྒེ་བཟང་མོ་གིས་ སྭོ་ལ་འདི་བརྒྱད་དཀར་ཟེར་མི་ བོད་སྒྲའི་གླུ་གཞས་རྙིངམ་འདི་འཐེནམ་ཨིནམ་ད་ ཚིགས་བཅད་འདི་ཚུ་ནང་ བླམ་དང་གོ་གནས་ཆེ་རིམ་ཚུ་ལུ་དྲང་ནའི་ ནང་འཁོད་ཀྱི་ཇ་བཟོ་ནའི་ ཅ་ཆས་ཚུའི་སྐོར་ལས་ བཤད་པ་རྐྱབ་མས། གླུ་གཞས་ཀྱི་ཚིག་ནང་ ཨེ་་ཏོག་ཤིང་དང་ བ་ལུ་སུ་ལུའི་ཤིང་གི་ མེ་འཕུ་སྦེ་ ཇ་འདི་ གསེར་དང་དངུལ་གྱི་རྫམ་ནང་སྦེ་ བདུད་རྩི་དང་ཤིང་གི་འདབ་མ་མཆོག་ཏུ་འགྱུར་པ་ འདི་ལས་མར་དང་ ཚྭ་འདི་ཚུ་བླུགས་སྟེ་བཟོ་ཡི་ཟེར་མས། འདི་བཟུམ་གྱི་ ཇའི་མཆོད་པ་ཕུལ་མི་འདི་ཡང་ བླམ་ལས་བྱིན་རླབས་ཞུ་ནི་དང་ ཡུལ་གོང་མ་ཚུ་ལས་ བསླབ་སྟོན་ཚུ་ ཉན་ཐབས་ལུ་ཨིན་མས། 

 

Singye Zangmo from Dungkar geog under Lhuntse Dzongkhag sang the song So Ladi Gaykar, an old Boedra song. The verses of the song describes about materials used to prepare local tea to make an offer to a spiritual masters and to the high ranked officials. According to the lyrics, the wood used to make a fire is sacrd rododendhron primulae florum bur (Balu) and sulu (insence plant). The tea is been prepared in a golden and silver pot with holy water, special tea leaf, butter, salt etc. These offerings are made mainly to receive blessings from the spiritual masters and to receive council from the high ranking people. 

 

Transcript search
No results found for this search
0 of 0
  • སེངྒེ་བཟང་མོ་ Singye Zangmo
    སྭོ་ ལ་འདི་རྒྱས་དཀར་ལ་མའི་ལ་གཞོང་ནང་། །སུ་ལུ་བ་ལུ་འདྲ་བའི་ཤིང་གཅིག་འདུག །
  • སེངྒེ་བཟང་མོ་ Singye Zangmo
    སྭོ་ མེ་འདི་པདྨ་འདྲ་བའི་མེ་ཅིག་འཕུ། །རྡོ་འདི་སྤུན་གསུམ་འདྲ་བའི་རིགས་ལྔ་བཙུགས། །
    In the Peak of Gaykar, The plant like sulu and balu had grown. The fire like lotus had igniting; the stone like clan were worn.
  • སེངྒེ་བཟང་མོ་ Singye Zangmo
    སྭོ་ གསེར་དངུལ་ཟངས་གསུམ་འཛོམས་པའི་རྡིག་གཅིག་བཙུགས། །གངས་དཀར་བདུད་རྩི་འདྲ་བའི་ཆུ་ཅིག་བླུགས། །
    Put the pot which compose of gold, silver and copper. The pure holly amrita like water was poured.
  • སེངྒེ་བཟང་མོ་ Singye Zangmo
    སྭོ་ ཇ་འདི་འབྲུ་ཐང་ཡིན་ཟེར་མང་ཙམ་ཇ། །ཚྭ་འདི་ཤེལ་ཚྭ་ཡིན་ཟེར་ཉུང་ཙམ་ཇ། །
    Tea considering as the grain put more, Salt as the crystal put little.
  • སེངྒེ་བཟང་མོ་ Singye Zangmo
    སྭོ་ [བི་དོ་?]ཐིགས་པ་ཡིན་ཟེར་ཉུང་ཙམ་ཇ། །མར་འདི་འབྲི་མར་ཡིན་ཟེར་མང་ཙམ་ཇ། །
    Soda as the drop were put little, Butter as the yak butter were put more.
  • སེངྒེ་བཟང་མོ་ Singye Zangmo
    སྭོ་ ཇ་ཕུད་དང་པ་མཚན་ལྡན་བླ་མ་བཞེས། །ཕྱི་མ་ཇ་མཆོད་གནང་བའི་ཇ་ཅིག་བཞེས། །
  • སེངྒེ་བཟང་མོ་ Singye Zangmo
    སྭོ་ ཇ་ཕུད་གཉིས་པ་དབང་ཆེན་དཔོན་པོ་བཞེས། །བཀའ་བསྒོ་ཚིག་གསུམ་གནང་བའི་ཇ་ཅིག་བཞེས། །
    Lets have the first sip of tea by lord; have the blessing of praying in near future. Lets have the second sip of tea by great king; have the tea of blessing authority.
  • སེངྒེ་བཟང་མོ་ Singye Zangmo
    ལགས་སོ། ཨ་ནཱིམ་ཅིག་སྦེ་བཞག་དགོ་པས་ལགས།། །།