Skip to main content Skip to search
20 Jun 2018
9 min 6 sec
Ariana Maki
Video Overview
Creators: 
Penchela

A villager from Bartsa in Karna Gewog, Dagana sings an old song entitled Gangi Etometo (Mountain Rhododendron). This song has a long and complex melody, and only a few elders in the village still know the song; village youth refuse to learn that song due to its complexity. The origin and composer of the song are unknown, but according to Aum Mendu, the song is performed during the Bartsa Tshechu and for official guests from the government. The lyrics of the song compare government officials with blooming rhododendron on the mountain. Just as government officials briefly visit their village, beautiful rhododendron blooms are similarly temporary. 

དར་དཀར་ན་རྫོང་ཁག་ ཀར་ན་རྒེད་འགོ་ བར་ཚྭ་གཡུས་ཚན་ལས་ ཨམ་སྲུ་ཅིག་གིས་ གངས་ཀྱི་ཨེ་ཏོག་མེ་ཏོག་ཟེར་མི་ གླུ་གཞས་རྙིངམ་འདི་འཐེནམ་ཨིནམ་ད་ གླུ་གཞས་འདི་མདངས་རིངམོ་སྦེ་ མགུ་འཐོམ་སི་སི་ཡོདཔ་ལས་ ཉམས་འགྱོ་ནིའི་ཉེན་ཁག་འདུག། གཡུས་ཁའི་མི་རྒས་ཤོས་དག་པ་ཅིག་ རྐྱངམ་ཅིག་གིས་ གླུ་གཞས་འདི་ཤེསཔ་ཨིན་རུང་ མདངས་མགུ་འཐོམ་སི་སི་ཡོདཔ་ལས་ ན་གཞོན་ཚུ་གིས་ གླུ་གཞས་འདི་ ལྷབ་ནིའི་དང་འདོད་མི་བསྐྱེད་པས། གླུ་གཞས་བརྩམས་མི་དང་ འདིའི་འབྱུང་ཁུངས་ མ་ཤེས་རུང་ ཨམ་སྨིན་དྲུག་དང་འཁྲིལ་བ་ཅིན་ གླུ་གཞས་འདི་ བར་ཚྭ་ཚེས་བཅུའི་སྐབས་སུ་ གཞུང་འབྲེལ་གྱི་སྐུ་མགྲོན་དང་ ལྟ་རྟོགས་འབད་མི་ཚུ་ཡོད་པའི་སྐབས་ རྐྱབ་ནི་ཡོད་ཟེར་མས། གླུ་གཞས་ནང་ གཞུང་གི་འགོ་དཔོན་ཚུ་ ལཱ་གུ་ཤར་བའི་ ཨེ་ཏོག་མེ་ཏོག་ལུ་དཔེ་བཞག་སྟེ་ གཞུང་གི་འགོ་དཔོན་ཚུ་ ཁོང་གི་གཡུས་ཁར་འོང་སྟེ་ལོག་འགྱོ་དོ་བཟུམ་སྦེ་ ལཱ་ཁར་ཤར་བའི་ ཨེ་ཏོག་མེ་ཏོག་འདི་ཡང་ གནམ་སྐབས་ཅིག་ཤར་ཏེ་ དུས་ཚོད་དང་བསྟུན་ སྐམ་འགྱོཝ་ཨིན་ཟེར་མས། 

Transcript search
No results found for this search
0 of 0
  • སྨིན་དྲུག་ལྷ་མོ་
    སྭོ་ སྒང་གི་ཨེ་ཏོག་མེ་ཏོག་འདི་ལ། །ཡ་ གཏན་རྐྱང་སྒང་ལུ་མི་ཤར་ཡིན་ལ། །
  • སྨིན་དྲུག་ལྷ་མོ་
    དུས་གཏན་རྐྱང་སྒང་ལུ་ཤར་ན་ནི་ལ། །འཕྲལ་སྒང་སྟོད་གཡུས་ཀྱི་གྱོན་ཆ་འབད་ལ། །
  • སྨིན་དྲུག་ལྷ་མོ་
    མཇུག་མེ་ཏོག་གཞན་གྱི་དཔེ་བཏུབ་འབད་ལ། །ཡ་ གཞུང་ལས་བྱོན་མིའི་མཚོ་མ་འདི་ལ། །
  • སྨིན་དྲུག་ལྷ་མོ་
    དུས་གཏན་རྐྱང་གཞུང་ལས་མི་བྱོན་ལ། །དུས་གཏན་རྐྱང་གཞུང་ལས་བྱོན་འདི་ལ། །
  • སྨིན་དྲུག་ལྷ་མོ་
    [འཕྲལ་གཞུང་ཞིང་གཡུས་ཀྱི་?]མགྱོན་ཆ་འབད་ལ། །མཇུག་མཚོ་མ་གཞན་གྱི་དཔེ་བཏུབ་འབད་ལ། །
  • སྨིན་དྲུག་ལྷ་མོ་
    ཡ་ [བརྡུང་རྫེ་རྐྱབ་?]འདི་སུམ་ཆང་བསྐོལ་ལ། །ཡ་ སུམ་ཆང་ཁག་མའི་བདུད་རྩི་འདི་ལ། །
  • སྨིན་དྲུག་ལྷ་མོ་
    ཡ་སྤོ་ར་བང་ཅུང་ཁྲ་མ་རྒྱན་ལ། །དཔོན་གཟིམ་དཔོན་གཉིས་ཆེ་མཇལ་སོང་གེ་ལ། །
  • སྨིན་དྲུག་ལྷ་མོ་
    ཡ་ གོངམ་སྐུ་ཚེ་ཡར་སེང་བཞུགས་དགོ་ཟེར་ལ། །ཡ་ སྦྱིན་བདག་དུས་བཞི་སྐྱིད་གོ་ཟེར་ལ། །ཨ་ལགས།། །།