Skip to main content Skip to search
06 Jan 2016
2 min
Bradley Aaron
Video Overview
Creators: 
Tibetan & Himalayan Library

This is a video of Kesang from Garu Village in Chentsa singing a song called "The Monk Who Chants is at Home." This song is part of a collection of folk songs from the Rebgong cultural area.

འདི་ནི་མི་སོ་སོར་རང་རང་གི་དགོས་མཁོ་མི་འདྲ་བས་གང་ལ་ཅི་མཁོ་བ་དེ་བརྗོད་ཡོད།

གླུ་འདིའི་ནང་དོན་གཙོ་བོ་ནི་ཆོས་འདོན་པའི་བན་ཆུང་ལ་ཆོས་མཁོ་གལ་ཆེ་བ་དང་ལུས་རྩལ་དྲུག་འཛོམས་པའི་སྟག་ཤར་ལ་མདའ་གཞུ་མཁོ་བ།  ཡག་ལང་ཚོ་འཛོམས་པའི་སྨན་ཤར་ལ་གཡུ་བྱུར་གྱི་རྒྱན་ཆ་མཁོ་བ་བརྗོད་ཡོད།

Transcript search
No results found for this search
0 of 0
  • ༼ཡེ་་་་ལ་ལ་མོས་ལོ་་་ངས་གླུ་ཞིག་ལེན༽
  • ཁའི་གོང་མ་བར་མ་ཞོལ་མ་གསུམ། ། ༼ལ་ལ་མོས་ལོ་་་ངས་གླུ་ཞིག་ལེན༽
  • ཁའི་གོང་མའི་མགོ་ན་ཆོས་ཚོང་ཞིག ། ༼ལ་ལ་མོས་ལོ་་་ངས་གླུ་ཞིག་ལེན༽
  • ཆོས་མི་ཉོ་མ་ཟེར་ཉོས་ཡ་ཐོངས། ། ༼ལ་ལ་མོས་ལོ་་་ངས་གླུ་ཞིག་ལེན༽
  • ཆོས་འདོན་པའི་བན་ཆུང་ཡུལ་ན་ཡོད། ། ༼ལ་ལ་མོས་ལོ་་་ངས་གླུ་ཞིག་ལེན༽
  • ཁའི་བར་མའི་མགོ་ན་མདའ་བཙོང་ཞིག ། ༼ལ་ལ་མོས་ལོ་་་ངས་གླུ་ཞིག་ལེན༽
  • མདའ་མི་ཉོ་མ་ཟེར་ཉོས་ཡ་ཐོངས། ། ༼ལ་ལ་མོས་ལོ་་་ངས་གླུ་ཞིག་ལེན༽
  • མདའ་འཕེན་པའི་སྤུན་ཆུང་ཡུལ་ན་ཡོད། ། ༼ལ་ལ་མོས་ལོ་་་ངས་གླུ་ཞིག་ལེན༽
  • ཁའི་ཞོལ་མའི་མགོ་ན་གཡུ་བཙོང་ཞིག ། ༼ལ་ལ་མོས་ལོ་་་ངས་གླུ་ཞིག་ལེན༽
  • གཡུ་མི་ཉོ་མ་ཟེར་ཉོས་ཡ་ཐོངས། ། ༼ལ་ལ་མོས་ལོ་་་ངས་གླུ་ཞིག་ལེན༽
  • འདི་འདོགས་པའི་སྲིང་ཆུང་ཡུལ་ན་ཡོད། ། ༼ལ་ལ་མོས་ལོ་་་ངས་གླུ་ཞིག་ལེན༽
  • གླུ་སྐྱིད་པོ་མི་ཚེ་གང་བོར་ལེན། ། ༼ལ་ལ་མོས་ལོ་་་ངས་གླུ་ཞིག་ལེན༽