Skip to main content Skip to search
21 Jun 2018
4 min 31 sec
Ariana Maki
Video Overview
Creators: 
Duptho, Sonam Chophel

Chimi Rinzin from Bimkhar village in Yangtse, Trashiyangtse sings the Boedra song “La Zhoenpai Sonam Drenjung,” which loosely translates as “Missing Young Sonam.” The song is about a man missing his beloved partner, Sonam, who is far away. In the song, it is said when he sees the sun he is reminded of Sonam and wishes her to return; when he sees the snow lion on the mountain he wishes her return.

 

བཀྲས་གཡང་རྕིས་བིམ་ཁར་ལས་ཨིན་མི་ འཆི་མེད་རིགས་འཛིན་གྱིས་ བོད་སྒྲའི་གླུ་གཞས་ ལ་གཞོན་པའི་ བསོད་ནམས་འདྲེན་འབྱུང་ཟེར་མའི་སྐོར་ལས་ བཤད་སྲཽལ་ཡོདཔ་ཨིན་མས། གླུ་གཞས་འདི་གིས་ ཚིག་ནང་ལས་ དགའཝ་མཐུནམ་བསོད་ནམས་འདྲེན་པའི་ སྐོར་ལས་ བཤད་འདི་ཡོདཔ་ཨིན་མས།  ཁྲི་གདུགས་ཉིམ་མཐོང་བའི་སྐབས་ལུ་ དགའ་རོགས་བསོད་ནམས་ཡང་ འདྲན་དོ་ཡོདཔ་ཨིན་མས།  གང་སེང་རྒས་གང་རི་གུ་སྡོདཔ་ད་ ལོག་འོང་དོ་ཡོདཔ་ཨིན་མས། གླུ་གཞས་ཚིག་ག་ར་ ཁོ་རའི་དགའ་རོགས་མཉམ་ ཁ་འབྲལ་བའི་སྐོར་ལས་ཨིན་དོ་ཡོདཔ་ཨིན་མས།

 

Transcript search
No results found for this search
0 of 0
  • འཆི་མེད་རིན་འཛིན་ Chimi Rinzin
    ལགས་གཞོན་པའི་བསོད་ནམས་དྲན་བྱུང་ལ། །དགུང་སྟོད་བསྐོར་ནས་ལ་ལོག་འགྲོ། །ཁྲི་གདུགས་མཇལ་ནས་ལ་ལོག་འགྲོ། །བསོད་ནམས་ལ་དྲན་བྱུང་ལ། །དགུང་དང་ཁྲི་གདུགས་ཉི་མ། །འགོམ་པ་བཞུགས་(རྒྱབ་)ནས་ལ་ལོག་འགྲོ། །བསོད་ནམས་ལ་དྲན་བྱུང་ལ། །དགུང་དང་ཁྲི་གདུགས་ཉི་མ། །འགོམ་པ་བཞུགས་(རྒྱབ་)ནས་ལ་ལོག་ཤོག །བསོད་ནམས་ལ་དྲན་བྱུང་ལ། །
  • འཆི་མེད་རིན་འཛིན་ Chimi Rinzin
    ལགས་གཞོན་པའི་བསོད་ནམས་དྲན་བྱུང་ལ། །གངས་སྟོད་བསྐོར་ནས་ལ་ལོག་ཡོང་། །སེང་ཆེན་མཇལ་ནས་ལ་ལོག་ཤོག །བསོད་ནམས་ལ་དྲན་བྱུང་ལ། །གངས་དང་སེང་ཆེན་དཀར་མོ། །འགོམ་པ་བཞུགས་(རྒྱབ་)ནས་ལ་ལོག་ཤོག །བསོད་ནམས་ལ་དྲན་བྱུང་ལ། །གངས་དང་སེང་ཆེན་དཀར་མོ། །འགོམ་པ་བཞུགས་(རྒྱབ་)ནས་ལ་ལོག་ཤོག །བསོད་ནམས་ལ་དྲན་བྱུང་ལ། །
  • འཆི་མེད་རིན་འཛིན་ Chimi Rinzin
    ལགས་གཞོན་པའི་བསོད་ནམས་དྲན་བྱུང་ལ། །སྤང་སྟོད་བསྐོར་ནས་ལ་ལོག་འགྲོ། །སྤང་སྨད་མཇལ་ནས་ལ་ལོག་ཤོག །བསོད་ནམས་ལ་དྲན་བྱུང་ལ། །སྤང་དང་ཤཝ་རྒན་རྭ་བཅུ་འགོམ་པ་བཞུགས་(རྒྱབ་)ནས་ལ་ལོག་ཤོག །བསོད་ནམས་ལ་དྲན་བྱུང་ལ། །སྤང་དང་ཤཝ་རྒན་རྭ་བཅུ་འགོམ་པ་བཞུགས་(རྒྱབ་)ནས་ལ་ལོག་ཤོག །བསོད་ནམས་ལ་དྲན་བྱུང་ལ། །
  • འཆི་མེད་རིན་འཛིན་ Chimi Rinzin
    ལགས་གཞོན་པའི་བསོད་ནམས་དྲན་བྱུང་ལ། །གཡུས་སྟོད་བསྐོར་ནས་ལ་ལོག་ཤོག །གཡུས་སྨད་མཇལ་ནས་ལ་ལོག་ཤོག །བསོད་ནམས་དྲན་བྱུང་ལ། །གཡུས་དང་དྲིན་ཅན་ཡབ་ཡུམ། །འགོམ་པ་བཞུགས་(རྒྱབ་)ནས་ལ་ལོག་ཤོག །བསོད་ནམས་ལ་དྲན་བྱུང་ལ། །གཡུས་དང་དྲིན་ཅན་ཡབ་ཡུམ། །འགོམ་པ་བཞུགས་(རྒྱབ་)ནས་ལ་ལོག་ཤོག །བསོད་ནམས་ལ་དྲན་བྱུང་ལ། །ལགས་སོ།། །།