Skip to main content Skip to search
16 Feb 2017
8 min 35 sec
Video Overview

གླུ་གཞས་དགུང་སྟོད་བརྒྱ་ཡང་འཛོམས་ས་སྟོང་ཡང་འཛོམས་ཟེར་མི་འདི་ སོ་སོར་སྦེ་ ཁ་འབྱལ་འགྱོ་བའི་སྐབས་ འཐེན་སྲོལ་ཡོད་པའི་ བོད་སྒྲའི་གླུ་གཞས ཡོངས་གྲགས་ཅན་ཅིག་ཨིན་པས། གླུ་གཞས་འདི་ མོང་སྒར་རྫོང་ཁག་ ཡེ་སྟོང་བྱར་ཤིང་སྦོག་ཏོར་གཡུས་ཚན་ལས་ བཀྲིས་རྡོ་རྗེ་གིས་འཐེནམ་ཨིནམ་ད་  ཁོ་གིས་འཐེན་མི་འདི་ གླུ་དེབ་ནང་བྲིས་ཡོད་མི་དང་ ཨ་ཙི་རེ་མ་འདྲཝ་སྦེ་འདུག། གླུ་དེབ་ནང་བྲིས་ཡོད་མི་གི་ ཚིག་བཅད་དང་པའི་ནང་ སྤང་གི་ཤ་བ་གི་ བཤད་པ་རྐྱབ་ཡོདཔ་ད་ ཁོ་གི་ནང་འབད་བ་ཅིན་ ནགས་ཚལ་དང་སྟག་གི་ བཤད་པ་རྐྱབ་ཨིན་པས།ཨིན་རུང་ གླུ་གཞས་འདི་ དམིགས་དོན་འདི་གཅིག་ཨིནམ་ད་ གླུ་གཞས་འདི་ གཅིག་ཁར་ཕྱད་ནི་དང་ ཁ་འབྱལ་བའི་སྐོར་ལས་ གནམ་དང་ཉིམ་ གངས་དང་སེངྒེ་ ཤཝ་དང་སྤང་ཚུ་ལུ་ དཔེ་སྦྱར་ཏེ་ བཤད་པ་རྐྱབ་ཨིན་པས།