Skip to main content Skip to search
20 Sep 2012
12 min 29 sec
Otto Wendekar
Video Overview
Creators: 
Nyingcag Gyal, Friendship Charity Association

This video is part three of an enactment of the traditional way of requesting a bride according to the local custom in Mangra, Tsongön.

བརྙན་ཐུང་གསུམ་པ་འདི་ནི་མདོ་སྨད་མང་འབའ་བྱ་གསུམ་གྱི་ཡ་གྱལ་མང་ར་ས་ཆའི་བོད་ཀྱི་སྲོལ་རྒྱུན་ལྟར་འཁྲབ་པའི་མནའ་མ་སློང་ཚུལ་ཞིག་ཡིན།

གཉེན་སྟོན་གྱི་ཉིན་མོར་ཨ་ཞང་ཚང་འཁོར་དང་བཅས་པ་གཉེན་ཚང་གི་ཁྱིམ་དུ་ཐོན་པ་དང་། བར་བས་ཨ་ཞང་རྣམས་ཀྱི་སྐུ་མདུན་དུ་དེ་རིང་གི་སྟོན་མོ་འདི་ནི་དཀར་སྟོན་ཡིན་ཚུལ་དང་འདི་ཡང་དེང་དུས་ཀྱི་འགྲོ་ལུགས་དང་སེམས་ཅན་གྱི་མོས་པ་དང་མཐུན་ཚུལ་སོགས་བརྗོད་དེ། ཐོག་མར་བུ་བུ་མོ་གཉིས་རང་དབང་རང་འཐད་ཡིན་པས་བརྩེ་དུང་བརྟན་པ་དང་། བར་དུ་མོ་རྩིས་ལུང་གསུམ་ཐམས་ཅད་གཅིག་ཏུ་མཐུན་པ་དང་། ཐ་མར་གཉེན་ཚང་དང་ཨ་ཞང་ཚང་གཉིས་ཀའི་ཁྱིམ་རྒྱུད་ཀྱི་ལོ་རྒྱུས་དང་ཆེ་བ་བརྗོད་ནས་གཉེན་འདི་ནི་སྟག་གཉེན་གཟིག་གཉེན་ཡིན་ཚུལ་དང་རྗེས་མར་གཉེན་ཐོག་གཉེན་བརྩེགས་རྒྱུའི་བཀྲ་ཤིས་ཁ་གཡང་བོས་ཡོད། དེ་ནས་བུ་མོའི་ཨ་ཕས་བུ་མོ་འདི་གཞན་ལ་མནའ་མར་སྟེར་རྩིས་མེད་མོད། བར་བ་ཁྱེད་ལྟ་བུ་ཞིག་ཡོང་ན་མི་སྟེར་ཟེར་སྲོལ་མེད། དེ་རིང་ནས་བཟུང་བུ་མོ་འདི་གཉེན་ཚང་ལ་བྱིན་ཚར་བ་དང་ཁ་གཡང་དང་སྨོན་ལམ་བཏབ་སྟེ་མཇུག་བསྡུས་པའོ།།

བརྙན་ཐུང་འདི་ནི་གོང་གི་ཚན་པ་གཉིས་པའི་རྗེས་སུ་མཐུད་པ་ཞིག་ཡིན་ལ། འདིར་གཉེན་སྟོན་གྱི་ཉིན་མོར་ཨ་ཞང་ཚང་འཁོར་དང་བཅས་པ་གཉེན་ཚང་གི་ཁྱིམ་དུ་ཐོན་པ་དང་། བར་བས་ཨ་ཞང་རྣམས་ཀྱི་སྐུ་མདུན་དུ་དེ་རིང་གི་སྟོན་མོ་འདི་ནི་དཀར་སྟོན་ཡིན་ཚུལ་དང་འདི་ཡང་དེང་དུས་ཀྱི་འགྲོ་ལུགས་དང་སེམས་ཅན་གྱི་མོས་པ་དང་མཐུན་ཚུལ་སོགས་བརྗོད་དེ། བར་བ་ཁོ་ལ་མཚོན་ན་གཉེན་འདིའི་མགོ་རྔ་བར་གསུམ་གྱི་དོན་དག་ཐམས་ཅད་ལ་གསལ་ཆ་ཡོད་པས། ཐོག་མར་བུ་བུ་མོ་གཉིས་རང་དབང་རང་འཐད་ཡིན་པས་བརྩེ་དུང་བརྟན་པ་དང་། བར་དུ་མོ་རྩིས་ལུང་གསུམ་ཐམས་ཅད་གཅིག་ཏུ་མཐུན་པ་དང་། ཐ་མར་གཉེན་ཚང་དང་ཨ་ཞང་ཚང་གཉིས་ཀའི་ཁྱིམ་རྒྱུད་ཀྱི་ལོ་རྒྱུས་དང་ཆེ་བ་བརྗོད་ནས་གཉེན་འདི་ནི་སྟག་གཉེན་གཟིག་གཉེན་ཡིན་ཚུལ་དང་རྗེས་མར་གཉེན་ཐོག་གཉེན་བརྩེགས་རྒྱུའི་བཀྲ་ཤིས་ཁ་གཡང་བོས་ཡོད། དེ་ནས་བུ་མོའི་ཨ་ཕས་དེ་རིང་ནས་བཟུང་བུ་མོ་འདི་གཉེན་ཚང་ལ་བྱིན་ཚར་བ་དང་། བུ་མོ་འདི་ལ་མཚོན་ན་ད་དུང་ལོ་ན་ཆུང་བས། གཉེན་ཚང་གི་ཕ་མ་གཉིས་གཙོ་བྱས་ཤ་ཉེ་མི་ཀུན་གྱིས་བུ་མོ་འདི་ལ་ལག་ལས་ཀའི་ཕྱོགས་ནས་ཁ་ཁྲིད་སྣ་ཁྲིད་བྱེད་དགོས་པ་དང་། ཕ་མ་གཉིས་ནས་བུ་མོ་སྐྱོང་ཤེས་བྱེད་དགོས་ཚུལ་སོགས་བརྗོད་དེ་ཐ་མར་བུ་མོ་འདི་ཕ་མ་རྒན་རྒོན་གཉིས་ཀྱི་ལ་ཁེན་གྱི་ལ་རྟེན་དང་ཚེ་ཕྱི་མར་བསྐྱལ་རོགས་ཉན་པ་དང་། ཡང་ལོ་བཏབ་གསུམ་འབྲས་བུ་འཁྱོངས་དགོས་པ་དང་། མདའ་འཕངས་ཟིན་བྲག་ལ་ཟུག་དགོས་པའི་ཁ་གཡང་དང་སྨོན་ལམ་བཏབ་སྟེ་མཇུག་བསྡུས་པའོ། །

Transcript search
No results found for this search
0 of 0