Skip to main content Skip to search
10 Oct 2011
15 min 35 sec
Otto Wendekar
Video Overview
Creators: 
Unknown

This video is about the art of making incense in Dzongsar, Degé, Kham. It shows some of the raw ingredients used and how they are mixed together and dried to become Tibetan incense.

Transcript search
No results found for this search
0 of 0
  • བཀྲ་ཤིས་བདེ་སྐྱིད
    འདི་ཅི་ཞི་རེད། ཚྭ།
    >>扎西德吉:这是什么,盐?
  • ཟླ་སྒྲོན 达卓
    སྤོས་རྫས་རེད།
    是香料。
  • བཀྲ་ཤིས་བདེ་སྐྱིད
    ཚྭ་མ་རེད་དམ།
    >>扎西德吉:不是盐吗?
  • ཟླ་སྒྲོན 达卓
    ཚྭ་མ་རེད།
    不是盐。
  • བཀྲ་ཤིས་བདེ་སྐྱིད
    མིང་ཅི་ཞིག་རེད།
    >>扎西德吉:叫什么呢?
  • ཟླ་སྒྲོན 达卓
    ཨ།
    啊?
  • ཟླ་སྒྲོན 达卓
    མིང་ལ་ཅི་ཟེར་ན་མི་ཤེས།
    这个叫什么不知道。
  • བཀྲ་ཤིས་བདེ་སྐྱིད
    གང་ནས་ཁུར་ཡོང་ནི་རེད།
    >>扎西德吉:是从哪里来的?
  • ཟླ་སྒྲོན 达卓
    རྒྱ་གར་ནས་ཁུར་ཡོང་ནི་རེད།
    从印度拿过来的。
  • བཀྲ་ཤིས་བདེ་སྐྱིད
    དེ་སྲང་ཅི་ཚད་ལྡུག་དགོས་རེད།
    >>扎西德吉:这个要配多少。
  • ཟླ་སྒྲོན 达卓
    སྲང་གསུམ།
    三两。
  • ཟླ་སྒྲོན 达卓
    སྤོས་རྒྱ་མ་བཅོ་ལྔའི་ནང་སྲང་གསུམ།
    十五斤香料中配三两。
  • བཀྲ་ཤིས་བདེ་སྐྱིད
    སྤོས་རྒྱ་མ་བཅོ་ལྔའམ།
    >>扎西德吉:十五斤藏香?
  • ཟླ་སྒྲོན 达卓
    འོ། རྒྱ་མ་བཅོ་ལྔའི་ནང་སྲང་གསུམ།
    嗯,十五斤香料中配三两。
  • བཀྲ་ཤིས་བདེ་སྐྱིད
    དེ་ཆུ་འདིའི་ནང་འཚོད་དགོས་རེད་དམ།
    >>扎西德吉:是要煮到水里吗?
  • ཟླ་སྒྲོན 达卓
    དེ་ནས་ཆུ་འདིའི་ནང་ལྡུག་དགོས།
    然后要放到水里面。
  • བཀྲ་ཤིས་བདེ་སྐྱིད
    དེ་ནས་ཆུ་མང་པོ་དགོས་ནི་ཨེ་རེད།
    >>扎西德吉:要很多水吗?
  • ཟླ་སྒྲོན 达卓
    འོ།ཆུ་འགའ་དགོས་རེད།
    嗯,需要不少水。
  • ཟླ་སྒྲོན 达卓
    ད་ཁ་ལེབ་འགེབས་དགོས་རེད།
    现在要盖上盖子了。
  • བཟོ་པ། 工人
    འདི་རེད། གཅིག
    这是 另一种(原料)。
  • བཟོ་པ། 工人
    སོ་ལོ་མ།
    梭罗玛。
  • བཀྲ་ཤིས་བདེ་སྐྱིད
    གཙོ་བོ་འདྲ་ཨ་རེད།
    >>扎西德吉:是主要的药材吗。
  • བཟོ་པ། 工人
    འདི་རྒྱ་མཚོ་ཁ་ལ་ཡོད་ནི་རེད།
    这个是来自大海边上的。
  • བཀྲ་ཤིས་བདེ་སྐྱིད
    འོ། རེད་རེད་རེད།
    >>扎西德吉:嗯嗯,是。
  • བཟོ་པ། 工人
    ད་འདི་དཀའ་མོ་གཅིག་ལས་རྒྱུ་རེད།
    这个有点繁杂。
  • བཟོ་པ། 工人
    འདིའི་པགས་པ་ནི་ཕར་བཤུ།
    要把皮子剥了。
  • བཀྲ་ཤིས་བདེ་སྐྱིད
    དེ་ཅི་ཕན་ཐོགས་ཡོད་རེད། དེ་འདྲ་ཡིན་ན།
    >>扎西德吉:那样有什么功效呢?
  • བཟོ་པ། 工人
    འདི་དྲི་མ་ཞིམ་པོ་གཅིག་ཡོད་རེད།
    味道特别香。
  • བཟོ་པ། 工人
    འདི་སྦྱར་ཆེ་སོང་ན་དྲི་མ་ཞིམ་པོ་ཡོད་ནི་མ་རེད། ཆུང་སོང་ནའང་དྲི་མ་བྲོ་ཐུབ་ནི་མ་རེད།
    这个如果加多了就不香了,如果少了则不会有味。
  • བཟོ་པ། 工人
    ཚད་གཅིག་རེད།
    要刚刚好。
  • ཟླ་སྒྲོན 达卓
    ངེད་མིང་་ཉི་མོ་གི་ཟེར་རེད།།
    我叫是尼莫。
  • >>བཀྲ་ཤིས་བདེ་སྐྱིད:གྲོང་པ་ཉི་མོ་ཞིང་ཟེར་རེ་ཨ།
    >>扎西德吉:是叫尼莫村庄的吗?
  • >>བཀྲ་ཤིས་བདེ་སྐྱིད:མིང་ཅི་ཞིག་རེད།
    >>扎西德吉:叫什么名字呢?
  • ཟླ་སྒྲོན 达卓
    མིང་ཟླ་སྒྲོན་རེད།
    叫达卓。
  • བཀྲ་ཤིས་བདེ་སྐྱིད
    སྤོས་འདི་སྦྱང་ནས་ལོ་དུ་རེད།
    >>扎西德吉:您学这个几年了。
  • ཟླ་སྒྲོན 达卓
    སྤོས་ལས་ནས་ལོ་བརྒྱད་ཙམ་རེད།
    八年多了。
  • བཀྲ་ཤིས་བདེ་སྐྱིད
    ཁེར་མས་བཟོ་དགོས་ན་བཟོ་ཤེས་ནི་ཨ་རེད།
    >>扎西德吉:您自己一个人能做出来吗?
  • ཟླ་སྒྲོན 达卓
    ང་ཁེར་རུ་མས་སྤོས་འདི་རྡུང་ནས་བཟོས་ན་ཟེར་ནས། བཟོ་ཤེས་ནི་རེད།
    是说我自己一个人加工吗?没问题的。
  • བཀྲ་ཤིས་བདེ་སྐྱིད
    དེ་ནས་བརྡུང་མི་ཤེས་ནི་ཨ་རེད།
    >>扎西德吉:你不会磨原料吗?
  • ཟླ་སྒྲོན 达卓
    བརྡུང་རྒྱུ་དེ། དེ་ནས་འཕྲུལ་ཆས་ནང་བརྡུང་ན་མ་གཏོགས་ངས་རྡུང་ཤེས་ཀྱི་མེད།
    除非用机器磨,不然我不会。
  • བཀྲ་ཤིས་བདེ་སྐྱིད
    སྨན་རྩྭ་བསྡེབ་ཤེས་ནི་མ་རེད་ཨ།
    >>扎西德吉:您不会配药材方子是吧?
  • བཀྲ་ཤིས་བདེ་སྐྱིད
    བསྡེབ་རྒྱུ་སྦྱང་ནི་ཨ་རེད།
    >>扎西德吉:会学配料吗?
  • ཟླ་སྒྲོན 达卓
    བསྡེབ་རྒྱུ་སྦྱངས་ཡོད་ནི་མ་རེད།དེ་སྦྱངས་མྱོང་ནི་མ་རེད།
    没学过。那个没有学过。
  • ཟླ་སྒྲོན 达卓
    དེ་འཕྲུལ་ལས་ལ་མ་གཏོགས་ཤེས་ཀྱི་མེད།
    那个只会在机器上操作。
  • ཟླ་སྒྲོན 达卓
    བཟོ་རྒྱུ་དེ་ད་འཕྲུལ་ཆས་མེད་ནི་དྲག་ནི་རེད། ལས་ཤེས་ནི་རེད།
    加工则可以,没机器也可以。
  • ཟླ་སྒྲོན 达卓
    ངས་ལས་ཤེས་ནི་རེད མོས་ཀྱང་ལས་ཤེས་ནི་རེད།
    我会做,她也会做。
  • བཀྲ་ཤིས་བདེ་སྐྱིད
    ཁྱེད་གཉིས་མ་གཏོགས་སློབ་མ་གཞན་དག་ཡོད་ནི་ཨ་རེད།
    >>扎西德吉:除了你俩,还有其他学员吗?
  • ཟླ་སྒྲོན 达卓
    མིའམ། མི་སུ་ཡོད་མ་རེད་ཡུན་རིང་ངེད་གཉིས་རེད།
    其他人吗?长期就我俩。
  • བཀྲ་ཤིས་བདེ་སྐྱིད 达卓
    ཁོང་ཚོ་ད་ལྟ་ག་ན་སོང་རེད།
    那他们现在去哪里了呢?
  • ཟླ་སྒྲོན 达卓
    ཁོང་ཚོ་སྨན་བསྡུ་ས་དང་དེར་འགྲོ་ཚར་ཐལ།
    他们都去采药材了。
  • བཀྲ་ཤིས་བདེ་སྐྱིད
    ཁྱེད་ཚོ་འདི་ལ་སྤོས་ལས་རྒྱུ་མེད་ནས་ཁ་ཁ་གཅིག་སྦྱང་རྒྱུ་ཡོད་ནི་ཨ་རེད།
    >>扎西德吉:除了制香以外,您们还有其他的工作吗?
  • ཟླ་སྒྲོན 达卓
    ཁ་ཁ། དེ་ནས་འདི་ན་སྤོས་ལས་མི་དགོས་དུས། དེ་ནས་སྨན་ལས་རེད།
    其他的,不需要制香时,就去制药。
  • ཟླ་སྒྲོན 达卓
    སྨན་ལས་སར་འགྲོ། སྨན་བཏག
    去制药,磨药材。
  • ཟླ་སྒྲོན 达卓
    སྨན་དེ་ཡང་སྤྱི་བཏང་གི་ལས་རེད། ནམ་རྒྱུན་གྱི་ལས་ཀ་དེ་རེད།
    一般长期都是制药。
  • བཀྲ་ཤིས་བདེ་སྐྱིད
    ཁྱེད་ཚོར་ཟླ་ཕོགས་ཅི་འདྲ་སྤྲད་ཀྱི་ཡོད་རེད།
    >>扎西德吉:您的月薪如何结算?
  • བཀྲ་ཤིས་བདེ་སྐྱིད
    གླ་ཅི་འདྲ་སྤྲད་ཅི་ཡོད་རེད།ཉི་མ་རེ་སྤྲད་རེད་དམ།
    >>扎西德吉:您的月薪如何结算?每天结算吗?
  • ཟླ་སྒྲོན 达卓
    སྤྲད་མ་རེད། ཟླ་བ་ལྟར་སྤྲད་རེད།
    不是,按月结算。
  • བཀྲ་ཤིས་བདེ་སྐྱིད
    ཉིན་མ་ལྟར་སྤྲད་རེད་དམ། ཡང་ན་ལས་ཀ་ལས་ནི་ལྟར་སྤྲད་རེད།
    >>扎西德吉:是算全月?还是按天数?
  • ཟླ་སྒྲོན 达卓
    ཅི་ཟེར་ཐལ། ངས་མ་གོ་ཐལ།
    我没听明白。
  • ཟླ་སྒྲོན 达卓
    ཉིན་མ་བརྩི་དགོས་ནི་རེད།དེ་ནས་སྤྲད་ནི་རེད།
    是按总的工作日结算。
  • ཟླ་སྒྲོན 达卓
    དེ་རིང་ང་ཁྱིམ་ནང་ལས་ཀ་ཡོད། ང་དེ་རིང་ཡོང་གི་མིན་ཟེར་ན།
    如果家中有事,当天可不去。
  • ཟླ་སྒྲོན 达卓
    དེ་ནས་ཁྱེད་ལ་དགོངས་པ་གནང་ནི་རེད།
    会同意请假。
  • བཀྲ་ཤིས་བདེ་སྐྱིད
    འོ།
    >>扎西德吉:哦。
  • ཟླ་སྒྲོན 达卓
    ང་ཁྱིམ་ན་འགྲོ་དགོས། ཁྱིམ་ནང་ལས་ཀ་ཚབ་ཆེན་ཡོད་རེད།
    如果说家中有急事需要回家。
  • ཟླ་སྒྲོན 达卓
    དེ་རིང་ཁྱེད་ང་མངགས་དང་ཟེར་ན་ང་མངགས་ནི་རེད།
    就会让你走。
  • བཀྲ་ཤིས་བདེ་སྐྱིད
    ཟླ་བ་གཅིག་ལ་དུ་ཡོད་རེད།
    >>扎西德吉:一个月有多少呢?
  • ཟླ་སྒྲོན 达卓
    སྟོང་ཕྲག་གཅིག་ལྷག་ཙམ།
    一千多左右。
  • བཀྲ་ཤིས་བདེ་སྐྱིད
    རེད་རེད།ཁྱེད་ཚོའི་སྤོས་དེ་བཙོང་ས་གཙོ་བོ་ག་ན་བཙོང་གི་རེད།
    >>扎西德吉:嗯嗯。您们的香一般卖哪里呢?
  • ཟླ་སྒྲོན 达卓
    སྤོས།
    香。
  • བཀྲ་ཤིས་བདེ་སྐྱིད
    བཙོང་ས།
    >>扎西德吉:卖哪里。
  • ཟླ་སྒྲོན 达卓
    ང་ལ་དགོས། ཁོ་ལ་དགོས་ཟེར་ནས།
    有人说:我需要,他需要时。
  • ཟླ་སྒྲོན 达卓
    དེ་ནས་ཚོང་བ་མང་པོཁུར་འགྲོ་རེད།
    商家就会来提走很多货。
  • ཟླ་སྒྲོན 达卓
    མང་པོ་ཁུར་འགྲོ་རེད།
    会拿走很多。
  • ཟླ་སྒྲོན 达卓
    ལས་ཀ་དེ་ལས་ཐུབ་མི་ཐུབ་ཀྱི་བར་ལ།
    有时在生产途中,
  • ཟླ་སྒྲོན 达卓
    ད་རུང་དགོས་ཟེར་ནས་ཁུར་འགྲོ་མཁན་ཡོད་རེད།
    就会有人前来提货。
  • བཀྲ་ཤིས་བདེ་སྐྱིད
    དགོས་མཁན་གཙོ་བོ་མི་སྒེར་རེད་དང་དགོན་པ་འདྲ་སྨན་ཁང་འདྲ་དེ་འདྲ་རེད།
    >>扎西德吉:一般要的主要是私人,还是医院或寺院?
  • ཟླ་སྒྲོན 达卓
    མ་ཤེས་ག་འདྲ་ཡིན་ན།།
    不清楚。
  • ཟླ་སྒྲོན 达卓
    འདི་དྲག་མོ་དགོས་རེད། དྲག་མོ་འགྲོ་རེད།
    反正要的人多,销量大。
  • བཀྲ་ཤིས་བདེ་སྐྱིད
    ད་ཁྱེད་རང་ཡིན་ན་འདི་ན་ལས་ཀ་ལས་ནས་འདུག་ནི་དང་། འཆར་གཞི་ཁ་ཁ་ཡོད།
    >>扎西德吉:那你现在是继续在这工作,还是有其他计划?
  • བཀྲ་ཤིས་བདེ་སྐྱིད
    མ་འོངས་པར་འཆར་གཞི་ཅི་འདྲ་འདྲ་ཡོད།
    >>扎西德吉:对未来有啥计划?
  • ཟླ་སྒྲོན 达卓
    ཅི་འདྲ་བཤད་ཀི།མ་འོངས་པར་ཅི་ལས་བསམ་ཟིག་ཟེར་གི
    在说什么྄?在说您未来想做什么?
  • ཟླ་སྒྲོན 达卓
    མ་འོངས་པ། འདི་འདྲ་ལས་བསམ་གི དེ་ནས་བསམ་བློ་གཅིག་མེད།
    未来啊,就做这些工作,没有其他想法。
  • བཀྲ་ཤིས་བདེ་སྐྱིད
    དེའི་གང་བརྫངས་ན་སྤོསག་འདྲ་ཡོད་རེད།
    >>扎西德吉:填满那个能出多少香?
  • ཟླ་སྒྲོན 达卓
    འདི་ཡིན་ན་ཤིང་ལེབ།དགུ་འདྲ་ཞིག་ཡོད་རེད།
    这个的话,大概九个板。
  • བཀྲ་ཤིས་བདེ་སྐྱིད
    རེད་རེད།
    >>扎西德吉:嗯嗯。
  • བཀྲ་ཤིས་བདེ་སྐྱིད 扎西德吉
    དེ་རྡུང་དགོས་རྒྱུ་ཅི་ཡིན་རེད།
    为什么要拍这个?
  • ཟླ་སྒྲོན 达卓
    རྡུང་དགོས་རྒྱུ།
    要拍的原因。
  • ཟླ་སྒྲོན 达卓
    འདི་འདྲ་བྱས་ན་ཡག་མོ་ཡོང་རེད།
    这样做的话,会做的好。
  • ཟླ་སྒྲོན 达卓
    ཨ།
    什么?
  • བཀྲ་ཤིས་བདེ་སྐྱིད
    སྤོས་རྒྱ་མ་བཅོ་ལྔ་བཟོ་དགོས་ན་ཉིན་མ་དུ་འདྲ་དགོས་རེད།
    >>扎西德吉:造十五斤藏香需要几天呢?
  • ཟླ་སྒྲོན 达卓
    ཉིན་མ་དུ།
    几天啊?
  • ཟླ་སྒྲོན 达卓
    ཉིན་རེ་སྤོས་རྒྱ་མ།
    一天能造。
  • ཟླ་སྒྲོན 达卓
    བཞི་བཅུ་རེད་ཟེར་ཐལ།ལྔ་བཅུ་རེད་ཟེར་ཐལ།
    好像说是四十多斤、五十斤吧。
  • བཀྲ་ཤིས་བདེ་སྐྱིད
    དཔེར་ན་སྨན་རྩྭ་རྡུང་རྒྱུ་དང་ཚང་མ་བརྩི་ན།
    >>扎西德吉:也包括药材的研磨吗?
  • ཟླ་སྒྲོན 达卓
    རྒྱ་མ་བཅོ་ལྔ་ཟེར་རམ།
    是说十五斤吗?
  • ཟླ་སྒྲོན 达卓
    རྒྱ་མ་ལྔ་ཅུ་རེ་རེད།དེ་ལས་ཐུབ་ཀི་འདུག
    是五十斤,可以做到的。
  • བཀྲ་ཤིས་བདེ་སྐྱིད
    ཉིན་མ་གཅིག་ལ་འེ།
    >>扎西德吉:一天吗?
  • བཀྲ་ཤིས་བདེ་སྐྱིད 扎西德吉
    སྨན་བརྡུང་རྒྱུ་དང་ཚང་མ། སྨན་ཕར་ག་ན་བརྡུང་དགོས་ནི་རེད། དེ་ཚང་མ་བརྩི་ན།
    也算研制药材的时间吗? 如果都算。
  • ཟླ་སྒྲོན 达卓
    དེ་མི་ཤེས། ད་འདི་འདྲ་བྱས་ན།
    这个就不清楚了。
  • ཟླ་སྒྲོན 达卓
    ཉིན་རེར་རྒྱ་མ་བཅོ་ལྔ་རེད་ཟེར་ཐལ། འོ་མ་རེད་རྒྱ་མ་ལྔ་ཅུ་རེད་ཟེར་ཐལ།
    反正说是一天能造十五斤,不是,是五十斤。
  • ཟླ་སྒྲོན 达卓
    ངེད་གཉིས་སྤོས་ལྡེ་ས་ཕ་རྒྱབ་ཕ་ན་སྒེའུ་ཁུང་ཞིག་ཡོད།
    那边有一个我们晒香料的地方。
  • ཟླ་སྒྲོན 达卓
    འདི་ས་ལ་ལྡེ་ས་ཡོད་རེད་དང་ངེད་གཉིས་ལྡེ་ཡོད་མ་རེད།
    有晒的地方, 但是我们两个没有晒。
  • ཟླ་སྒྲོན 达卓
    གློག་ཀླད་རྒྱབ་ས་ཁང་པ་གཡར་ནས་ལྡེ་ནི་རེད།
    借了计算机房来晒香。
  • ཟླ་སྒྲོན 达卓
    སྔོན་མ་སྤོས་ལྡེ་ནི་མ་རེད།གློག་ཀླད་རྒྱབ་ས་རེད།
    之前不是晒香的,是用计算机的地方。
  • བཀྲ་ཤིས་བདེ་སྐྱིད 扎西德吉
    ཕ་ཡུལ་ག་ན་རེད།
    家乡是哪里的?
  • བཟོ་པ 员工
    རྨེ་ཤོད།
    麦宿。
  • བཀྲ་ཤིས་བདེ་སྐྱིད 扎西德吉
    སྤོས་སྦྱང་ནས་ལོ་དུ་རེད།
    学习做香多久了 ?
  • བཟོ་པ 员工
    ལོ་བདུན་བརྒྱད་རེད།
    七八年了。
  • བཀྲ་ཤིས་བདེ་སྐྱིད 扎西德吉
    སྤོས་མ་ལས་སྔོན་ན་ཁྱེད་ལས་ཀ་ཅི་ལས་རེད།
    在制香之前做什么工作?
  • བཟོ་པ 员工
    མ་ལས་གོང་།
    没制香前啊?
  • བཟོ་པ 员工
    ཁྱིམ་ནང་ན་ཡི་གེ་འདོན་གྱི་ཡོད།
    在家里学习。
  • བཀྲ་ཤིས་བདེ་སྐྱིད 扎西德吉
    སློབ་གྲྭར་འགྲོ་མ་མྱོང་ངམ།
    没去过学校吗?
  • བཟོ་པ 员工
    སློབ་གྲྭར་འགྲོ་མ་མྱོང་།
    没去过。
  • བཀྲ་ཤིས་བདེ་སྐྱིད 扎西德吉
    ཁྱིམ་ནང་ལ་ཡི་གེ། ཁྱེད་ཁེར་རུ་མ་ག་འདྲ་བྱས་ནས་སྦྱངས་རེད།
    在家里,你一个人怎么学习?
  • བཟོ་པ 员工
    དེ་ཅི་ཟེར་དགོས་ནི་རེད།
    怎么说呢?
  • བཟོ་པ 员工
    དེ་དེབ་འདྲ་བལྟས་ནས་གཙོ་བོ་རྒྱ་ཡིག་སྦྱངས་ནི་ཡིན།
    就是读一些书,主要学是汉语。
  • བཟོ་པ 员工
    དེ་བོད་ཡིག་དྲག་མོ་ཤེས་ནི་མ་རེད། རྒྱ་ཡིག་ཉུང་ཙམ་ཤེས་ནི་རེད།
    藏文懂得还比较少,汉文就会一些。
  • བཟོ་པ 员工
    དེ་ནས་ཟུར་སྦྱང་འདྲ་ཟིག་བྱས་ནས་བསྡད།
    然后也有一些旁听。
  • བཀྲ་ཤིས་བདེ་སྐྱིད 扎西德吉
    འདི་ན་སྤོས་སྦྱང་རྒྱུ་མིན་པ་ཁ་ཁ་ཞིག་སྦྱང་རྒྱུ་ཡོད་ནི་ཨ་རེད།
    这里除了学习制香,还可以学什么?
  • བཟོ་པ 员工
    ཁ་ཁ། སྨན་སྦྱང་རྒྱུ་ཡོད་རེད།
    另外的啊?你在学医药吗?
  • བཀྲ་ཤིས་བདེ་སྐྱིད 扎西德吉
    ཁྱེད་སྨན་སྦྱང་གི་ཨེ་ཡོད།
    你在学医药吗?
  • ཟླ་སྒྲོན 达卓
    སྨན་ལས་ཟེར་རེད། སྤོས་ལས་རྒྱུ་འདྲ་བོ་ལས་ཀ་ལས་རྒྱུ་ཟེར་རེད་དམ།
    制吗?跟制香也是一样的?
  • བཟོ་པ 员工
    མ་རེད།སྦྱང་ཟེར་གི
    不是,是在问没有学习?
  • བཀྲ་ཤིས་བདེ་སྐྱིད 扎西德吉
    གཞན་པ་གཅིག་སྦྱང་རྒྱུ་ཡོད་ནི་ཨ་རེད།
    有什么其他的可以学吗?
  • བཟོ་པ 员工
    སྤོས་མིན་པ་ཞིག་སྦྱང་རྒྱུ་མི་འདུག དེ་ངས་སྦྱངས་མེད།
    除了制药也没啥,我没学过。
  • བཀྲ་ཤིས་བདེ་སྐྱིད 扎西德吉
    དེ་ཁྱེད་རང་མ་འོངས་པ་ལ་འཆར་གཞི་ཅི་འདྲ་ཡོད།
    您对未来有什么计划?
  • བཟོ་པ 员工
    ཅི་བཟོ་དགོས་རེད།
    做什么呢?
  • བཟོ་པ 员工
    ཡི་གེ་མ་ཤེས་ཚར་དུས། དེ་ནས་སྤོས་འདྲ་བཟོ།
    又没读书,只能制香。
  • 达卓
    >>ཟླ་སྒྲོན:ཕ་ག་ཚར་ག་ལྡེ་ས་མང་པོ་ཡོད་ནི་མེད་རེད།
    这边那边没有很多晒干处。
  • ཟླ་སྒྲོན 达卓
    གྲིབ་མའི་ནང་སྐམ་དགོས།ཉི་མ་ནང་ལ་ལྡེ་མ་རེད།
    必须要在阴凉处吹干,不能晒在太阳下。
  • 扎西德吉
    བཀྲ་ཤིས་བདེ་སྐྱིད:གྲི་མའི་ནང་ལ་སྐམ་དགོས་ཨ་རེད།
    要在阴凉处晾干吗?
  • ཟླ་སྒྲོན 达卓
    འདི་འདྲ་བྱས་ནས་གྲིབ་མའི་ནང་ལ་མང་པོ་ལྡེ་ནི་རེད།
    如此在阴凉里晾干很多。
  • བཀྲ་ཤིས་བདེ་སྐྱིད 扎西德吉
    ཉིན་མ་དུ་འདྲ་སྐམ་དགོས་རེད།
    晒多少天呢?
  • ཟླ་སྒྲོན 达卓
    ཉིན་མ་བཞི་ལྔར་སྐམ་དགོས་རེད།
    要晒四五天。