Skip to main content Skip to search
20 Jun 2018
7 min 47 sec
Ariana Maki
Video Overview
Creators: 
Penchela

Aum Mindu Lhamo of Karna Gwerog in Dagana sings a local song, or Zhem, which is performed only during the Bartsa Tshechu. Not all women in Bartsa village know this song, due to its complex melody and lyrics. The song’s lyrics praise the deities of Bartsa. They sing this song to appease the deities, and receive blessings on the part of the village.

དར་དཀར་ན་རྫོང་ཁག་ ཀར་ན་རྒེད་འོག་ལས་ ཨམ་སྨིན་དྲུག་ལྷ་མོ་གིས་ བར་ཚྭ་ཚེས་བཅུའི་སྐབས་རྐྱང་ཅིག་ རྐྱབ་སྲོལ་ཡོད་མི་ གཡུས་ཁའི་གཞསམ་འདི་འཐེནམ་ཨིནམ་ད་ གཞས་འདིའི་ཚིག་དང་ མདངས་མགུ་འཐོམ་སི་སི་ཡོདཔ་ལས་ བར་ཚྭ་གཡུས་ཚན་གྱི་ ཨམ་སྲུ་མང་ཤོས་ཅིག་གིས་ གཞས་འདི་མི་ཤེས་པས། གླུ་གཞས་འདི་ནང་ བར་ཚྭའི་ལྷ་དང་ སྲུང་མ་ཚུ་ལུ་བསྟོད་པ་རྐྱབ་ཨིནམ་ད་ ཁོང་གིས་ གཞས་འདི་ ཁོང་ཐུགས་དམ་བསྐང་སྟེ་ བྱིན་རླབས་ཞུ་ནིའི་དོན་ལུ་ཕུལཝ་ཨིན་པས། 

Transcript search
No results found for this search
0 of 0
  • སྨིན་དྲུག་ལྷ་མོ་
    གསུང་མཆོད་པ་འབུལ་ལོ་དཀོན་མཆོག་གསུམ་ལ། །ཐུགས་དགྱེས་པ་སྐྱེད་ཅིག་ཡི་དམ་ལྷ་ལ། །
  • སྨིན་དྲུག་ལྷ་མོ་
    ཡར་དགུང་སངས་སྐྱེས་པའི་གཡུས་ཕྱོགས་ལས་ལ། །རྐྱེན་བར་ཆད་ཟློག་ཅིག་མཁའ་འགྲོ་ཚོགས་ལ། །
  • སྨིན་དྲུག་ལྷ་མོ་
    དུས་ལམ་འགྲོས་བཟང་ཆད་བཅུ་གསུམ་(ཅིག)གཞལ་ལ། །ནང་ཕྱྭ་དང་ཤུག་པའི་བར་ལས་བྱོན་ལགས། །
  • སྨིན་དྲུག་ལྷ་མོ་
    [ཡར་དུང་མདའ་གཡས་པའི་?]མཚམས་ལས་བྱོན་ལ། །ཡར་གནས་དཀར་བྲག་ཅུང་དཀརཔོ་ལས་བྱོན་ལགས། །
  • སྨིན་དྲུག་ལྷ་མོ་
    ངེའི་ཐུགས་དམ་ཅན་གྱི་གཡུས་ལྷ་བྱོན་ལགས། །གནམ་བྱཱར་སུ་(ལུ་)བོད་ཁམས་གཡུས་ལུ་བྱོན་ལགས། །
  • སྨིན་དྲུག་ལྷ་མོ་
    བོད་པད་སྐོར་ཅན་མའི་ལྷ་འབད་བྱོན་ལགས། །གནམ་དགུན་སུ་(ལུ་)རྒྱ་ནག་གཡུས་ལུ་བྱོན་ལགས། །
  • སྨིན་དྲུག་ལྷ་མོ་
    ཡར་རྒྱ་ནག་ཡུམ་གྱི་ལྷ་འབད་བྱོན་ལགས། །འ་ལགས།། །།