Skip to main content Skip to search
16 Jul 2014
1 min 17 sec
Rinchen Dorji
Video Overview
Creators: 
Sherig Dentshog, Ngawang Loday

༉  པདྨ་དགའ་ཚལ་རྫོང་ཁག་ མཐོང་ས་ལས་ ཆོས་ཉིད་བཟང་མོ་གིས་ སྐུདཔ་གི་མཐའམ་གཉིས་མཐུད་རྐྱབ་སྟེ་རྩེད་སྲོལ་ཡོད་པའི་རྩེདམོ་གི་རིགས་ལས་གཅིག་ཨིནམ་ད་ རྩེདམོ་དེ་གིས་ ཅ་ལ་མ་འདྲཝ་མ་འདྲཝ་ དཔེར་ན་ གོ་ག་བི་ལོ་ ཟམ་པ་ལོ་ ཕག་པ་ཤིང་ལྕོང་ལོ་ཟེར་མི་ཚུ་གི་བཟོ་རྣམ་ཚུ་ལེ་ཤ་བཟོ་དོ་ཡོད་པའི་གྱས་ཁ་ལས་ ཆོས་ཉིད་བཟང་མོ་གིས་ད་ལྟོ་གློག་བརྙན་ནང་སྟོན་མི་དེ་ ཚངས་ལའི་ཁ་ནང་ གོ་ག་བི་ཟེར་ བྱའི་རྐངམ་བཟོ་མི་དེ་ཨིན་པས། རྩེདམོ་འདི་རྩེ་བའི་སྐབས་ལུ་ དེ་སྦེ་ར་རྩེཝ་མ་གཏོགས་ རྩེདམོ་གཞན་བཟུམ་སྦེ་ ཐོབ་ཤོར་དང་རྒྱལ་ཕམ་ལ་སོགས་པ་ག་ནི་ཡང་མིན་འདུག

"Dundungmo" is a thread game played in Thongsa village in Pemagatshel district, the name means "to pick and pick". It is usually played with two people. One player wraps the thread through their fingers while the other pulls the thread onto his/her fingers in order to weave patterns resembling the feet of a hen, a bowl, a bridge, etc. The game continues with each player competing to see who can weave the most out of the thread. In this video Chening Zangmo exhibits by herself how to weave the pattern of a hen's foot.

 

Transcript search
No results found for this search
0 of 0
  • ཆོས་སྙིང་བཟང་མོ་ Chening Zangmo
    ང་གི་མིང་ ཆོས་སྙིང་བཟང་མོ་ཟེར་སླབ་ཨིན་ ཧེ་མ་ བྱའི་རྐངམ་དེ་སྦེ་རྩེད་དེས་ལགས།
    My name is Chening Zangmo. People used to play making hen's leg in the past.
  • ཆོས་སྙིང་བཟང་མོ་ Chening Zangmo
    ང་གིས་བྱའི་རྐངམ་གཅིག་བཟོ་ནི་ལགས།
    I am going to make a hen's leg model.
  • ཆོས་སྙིང་བཟང་མོ་ Chening Zangmo
    ལགཔ་གི་མི་བཏུབ་པས།
    My hand is not working well.
  • ཆོས་སྙིང་བཟང་མོ་ Chening Zangmo
    འགྲོས་ཀྱིས་སྦེ་བཟོ་ནི་ འགྲོས་ཀྱིས་སྦེ་ མགྱོགས་པར་མི་བཏུབ་པས།
    I will make it slowly, It doesn't work when I do it fast.
  • ཆོས་སྙིང་བཟང་མོ་ Chening Zangmo
    བྱའི་རྐངམ་འདི་ འདི་ཨིན་ དེ་སྦེ་རྩེད་དེས་ཧེ་མ།
    This is the hen's leg model. They use to play like this.