Skip to main content Skip to search
21 Jun 2018
13 min 5 sec
Ariana Maki
Video Overview
Creators: 
Duptho, Sonam Chophel

Lobzang Phuntsho from Radhi, Trashigang has been practicing this art his whole life. Almost every household in Radhi has Lobzang Phuntsho’s work, especially his kitchen utensils. He hammers metals into different kinds of kitchen utensils in his workshops. He said that with the import of many tools from neighboring countries, the tradition of blacksmithing have, however, declined over the years.  

 

བཀྲིས་སྒང་རྫོང་ཁག་ ར་དྷི་རྒེད་འོག་ལས་ བློ་བཟང་ཕུན་ཚོགས་ཀྱིས་ ཀ་ལའི་གཟའ་རུ་བཟོ་ནི་འདི་ མི་ཚེ་གཅིག་གི་ལཱ་ཨིནམ་ད་ ཁོ་ལུ་མཁས་མཆོག་དང་ ལཱ་གི་སྐོར་ལས་ གཡུས་ཁའི་མི་ཆ་མཉམ་གྱིས་ ལེགས་ཤོམ་སྦེ་ཤེས་པས། ཏེ་ཁོ་གིས་ ཐབ་ཚང་ནང་གི་ ཅ་ཆས་མ་འདྲཝ་ལེ་ཤ་ཅིག་རྡུང་དོ་ཡོདཔ་ད་ ཁོ་གིས་འབད་བ་ཅིན་ རྒྱལ་ཁབ་གཞན་ཁ་ལས་ ལྕགས་བཟོ་དང་འབྲེལ་བའི་ ཅ་ཆས་ལེ་ཤ་ཅིག་ ནང་འདྲེན་འབད་དོ་ཡོདཔ་ལས་ ཤུལ་ལས་ ང་བཅས་རའི་རྒྱལ་ཁབ་ཀྱི་ ལྕགས་བཟོའི་ལམ་སྲོལ་འདི་ ཉམས་འགྱོ་ནིའི་ཉེན་ཁག་སྦོམ་འདུག་གསེས་མས།  

 

Transcript search
No results found for this search
0 of 0
  • བློ་བཟང་ཕུན་ཚོགས་ Lobzang Phuntsho
    ལགས་སོ། ནཱ་གཡུས་ཀྱི་མིང་འདི་ ར་སྡི་སྤང་ཐང་ཟེར་སླབ་ཨིན་ལགས། ཏེ་འ་ནཱི་ལཱ་འདི་ ཧེ་མ་ལས་ར་འབད་འོང་ལགས་ང་བཅས། ཧེ་མ་ཕ་མའི་སྐབས་ལས་ར་ འ་ནཱི་བཟུམ་ལཱ་འབད་སྦེ་ཟ་འོང་ལགས།
  • བློ་བཟང་ཕུན་ཚོགས་ Lobzang Phuntsho
    ང་བཅས་ས་ ས་གཞིས་ས་རྟེན་ཡང་མེད་ ཏེ་འ་ནཱི་བཟུམ་ལཱ་འབད་སྦེ་ ཨ་ལོ་ཚུ་ག་ར་ དེ་སྦེ་ར་ འདི་བཟུམ་མའི་ལཱ་འབད་སྦེ་ ཟད་འགྲོ་བཏང་སྟེ་གསོ་གསོཝ་ཨིན་ལགས།
  • བློ་བཟང་ཕུན་ཚོགས་ Lobzang Phuntsho
    ཏེ་འ་ནཱི་ འ་ནཱི་གི་མིང་འདི་ བུཊ་པ་ཟེར་སླབ་ཨིན་ལགས། དེ་ལས་ འ་ནཱི་གི་ ཐོཝ་ ཐོཝ་ཟེར་སླབ་ཨིན་ལགས་འ་ནཱི་ལུ། ཏེ་འ་ནཱི་གི་མིང་འདི་ བཏེག་མ་ཟེར་སླབ་ཨིན་ལགས། དེ་ལས་ འ་ནཱི་ལུ་འདི་སོལ་མོ་ ཟེར་སླབ་ཨིན་ལགས།
  • བློ་བཟང་ཕུན་ཚོགས་ Lobzang Phuntsho
    འ་ནཱི་ཨིན། དེ་ལས་ འ་ནི་བརྡུང་ནི་གི་རྒྱུ་ཚུ་འདི་ ཀ་ལ་ཨིན། ཀ་ལ་རྙིངམ་ འ་ནཱི་བཟུམ་ཚུ་བརྡུངམ་ཨིན།
  • བློ་བཟང་ཕུན་ཚོགས་ Lobzang Phuntsho
    ཏེ་ངེའི་ངོ་སྤྲོད་འདི་ མིང་འབད་བ་ཅིན་ ངེའི་མིང་ བློ་བཟང་ཕུན་ཚོགས་ཟེར་སླབ་ཨིན་ བློ་བཟང་ཕུན་ཚོགས་ཟེར་སླབ་ཨིན་མིང་འདི།
  • བློ་བཟང་ཕུན་ཚོགས་ Lobzang Phuntsho
    དེམ་ཅིག་རང་ཨིན་ལགས་ ང་བཅས་ལས་ ཧེ་མ་ལས་ར་ འདི་བཟུམ་མའི་ལཱ་འབད་སྦེ་ཟ་འོང་ལགས་ ཕ་མའི་སྐབས་ལས་ར་ལགས།
  • བློ་བཟང་ཕུན་ཚོགས་ Lobzang Phuntsho
    ཡ་་་་་།། །།