Skip to main content Skip to search
21 Jun 2018
6 min 2 sec
Ariana Maki
Video Overview
Creators: 
Yeshi Wangchuk

Lozey (ballad) recitation is popular in western Bhutan, and normally performed at leisure or during the construction of traditional houses. Though the composers of the lozey are unknown, the ballad’s lyrics can be found in the Lozey songbook. This lozey seems to be composed by Garps (high officials) of ancient Bhutan, and based on the problems they faced in the village while on tour or collecting taxes. The lyrics of the ballad express their concerns and worries in various scenarios while visiting villages. 

བློ་ཟེ་འགྱུར་ནི་འདི་ འབྲུག་གི་ནུབ་ཕྱོགས་རྫོང་ཁག་ཚུ་ནང་ གནམ་མེད་ས་མེད་ ཡོངས་གྲགས་སྦེ་ཡོདཔ་ད་ ངོ་མ་ར་ རང་ལུགས་ཀྱི་ ཁྱིམ་རྐྱབ་པའི་སྐབས་དང་ ལཱ་དལ་ཁོམ་རེ་ཐོན་པའི་འགྱུར་སྲོལ་ཡོདཔ་ཨིན། བློ་ཟེ་བརྩམས་མི་འདི་ ག་ཨིན་ན་མ་ཤེས་རུང་ བློ་ཟེ་འདི་ཀི་དེབ་ཡོདཔ་ད་ ནཱེ་སྦེ་བལྟ་བའི་སྐབས་ དང་ཕུགས་ སྒརཔ་འདི་ཚུ་ གཡུས་ཁ་ལས་ཕར་ བལྟ་བཤལ་དང་ ཡང་ཅིན་ ཁྲལ་རེ་བསྡུ་ལེན་འབད་བ་འགྱོ་བའི་སྐབས་ བྱ་སྟབས་མ་བདེཝ་བྱུང་མི་ལུ་ གཞི་བཞག་སྟེ་ སྒརཔ་འདི་ཚུ་གིས་ བརྩམས་བརྩམས་བཟུམ་ཅིག་འདུག། བློ་ཟེ་གི་ཚིག་འདི་ གཡུས་སྒོ་ཚུ་ནང་ བཤལ་བ་འགྱོ་བའི་སྐབས་ གནས་སྟངས་དང་བསྟུན་ཏེ་ ཁོང་རའི་ཚ་གྱང་ཚུའི་སྐོར་ལས་ཨིན་པས།

Transcript search
No results found for this search
0 of 0
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    ཡ་མེས་མེས་ དང་ཕུ་གི་
  • ཀརྨ་ Karma
    གཏམ།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    གཏམ་འདུག་མེན་ན་ང་བཅས་ར་གི།
  • ཀརྨ་ Karma
    དང་ཕུའི་གཏམ་ཏེ་ བདག་འཕེལ་ཕུན་ཚོགས་དཔལ་རི་ལོ་ སྒརཔ་ཤོམ་འདབ་མེད་པའི་སྡུག་བསྔལ་ལོ་ འདི་ལས་མར་འབད་སྐྱིད་མཁར་ཁ་ཐུག་ལུ་འབག་གེ་ སྐྱིད་མཁར་ཚལ་མའི་ནང་ལུ་ལོ་ སྒརཔ་དོམ་གྱིས་ཟ་བའི་ཚ་གྱང་ལོ།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    འ་ནཱི་འདི་ ག་དེ་སྦེ་ཨིན་ན་སྨོ་ལགས?
  • ཀརྨ་ Karma
    ཨ་ དོམ་གྱིས་ཟ་ནིའི་སྡུག་བསྔལ་ཨིན་པས་ཁོ་ བདག་འཕེལ་ལུ་ སྒརཔ་མར་སྤུར་བར་ནཱ་འབག་དགོ་བ། དེ་འབདཝ་ད་ འདབ་མ་མ་ཐོབ་པའི་སྡུག་བསྔལ་ཨིན་པས་སྒར་པ་ བདག་འཕེལ་ཕུན་ཚོགས་དཔལ་རི། །སྒརཔ་ཤོམ་འདབ་མེད་པའི་སྡུག་བསྔལ། །ཟེར།
  • ཀརྨ་ Karma
    སྐྱིད་མཁར་ཚལ་མའི་ནང་ལུ། །སྒརཔ་དོམ་གྱིས་ཟ་བའི་ཚ་གྱང་། །ཟེར་ ཏ་ལི་སྒང་སྟང་ཁར་ལུ། །སྒརཔ་སྦུན་དྲིལ་འབག་མི་མེད་པའི་ཚ་གྱང་། ཟེར་ བུ་ལི་པད་མའི་ཐང་ན། །སྒརཔ་ཆང་གིས་དྲང་བའི་ཚ་གྱང་། ཟེར།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    ཨ་ནཱི་འདི་ ད་གཡུས་ལེ་ཤ་སྡོད་སྡོདཔ་འདྲས་སྨོ? བུ་ལི་ལུ་འབད་བ་ཅིན།
  • ཀརྨ་ Karma
    ཨིན་པས་དང་ཕུ།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    ཆང་འཐུང་པར་བྱོན་བྱོན་ཟེར་ སླབ་དོཝ་མས་མེན་ན?
  • ཀརྨ་ Karma
    ཕར་ཆང་འཐུང་སྟེ་ ཆང་གིས་དྲངས་དཝོ་མས་སྒརཔ་ཕར་ལུ་འགྱོཝ་ད་ དུམ་གྲ་ཅིག་ཁོང་དྲག་དོཝ་འདྲས་མེན་ན་ཏེ་ འ་ནཱི་འབདཝ་ད་ ཆང་དྲངས་ལུས་ ཉ་མཁར་ལྟོགས་པའི་གཡུས་ལུ། །སྒརཔ་ལྟོགས་ཤི་པའི་སྡུག་བསྔལ། །ཟེར།
  • ཀརྨ་ Karma
    འ་ནཱི་ཨིན་གསུང་གསུངསམ་རང་།
  • ཀརྨ་ Karma
    ཧ་ཧ་ཧ་་་། (Speaker Laughs)
  • ཀརྨ་ Karma
    ལྟོགས་ཤི་ཟེར་ ཁོང་ཟ་ནི་འཐུང་ནི།
  • ཀརྨ་ Karma
    ཨོང་མེད་པར་དང་ཕུ།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    དཀོན་སུ་ཅིག་འབད་སྡོད་སྡོདཔ་འདྲས་སྨོ? དང་ཕུ།
  • ཀརྨ་ Karma
    ཨིན་ལོ་ཉ་མཁར་ལུ་དཀོན་སུ་ཅིག་ ཉ་མཁར་པད་མའི་ཐང་ན། །སྒརཔ་ལྟོགས་ཤི་བའི་སྡུག་བསྔལ། །འོང་དོ་འདྲས་ཁོ་ལུ་ ཡ་ད་ཉ་མཁར་ལུ་ལྷོདཔ་ད་ ལྟོགས་ཤི་འོང་ཟེར་ འ་ནཱི་བཙུགས་དོ་མས་ཁོང་གི་ལགས།
  • ཀརྨ་ Karma
    བདག་འཕེལ་ཕུན་ཚོགས་དཔལ་རི། །སྒརཔ་ཤོམ་འདབ་མེད་པའི་ཚ་གྱང་། ཟེར་ ཁོང་གིས་བློ་ལས་བཙུགས་དོ་མས་ ཁོང་གིས་ཏེ་ སྐྱིད་མཁར་ཚལ་མའི་ནང་ལུ། །སྒརཔ་དོམ་གྱིས་ཟ་བའི་ཚ་གྱང་། །ཟེར།
  • ཀརྨ་ Karma
    སྐྱིད་མཁར་ལུ་གཡུས་མ་སྡོད་ཧེ་མ་ ཉུང་སུ་ཅིག་རྐྱངམ་ཅིག་སྡོད་ཅི་ ང་ཨ་ལོའི་བསྒང་ལུ་ གུང་པ་གསུམ་རྐྱངམ་ཅིག་སྡོད་ཅི།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    ཚལ་མ་སྡོད་སྡོདཔ་མས་སྨོ? ཚལ་མ།
  • ཀརྨ་ Karma
    ཚལ་མ་ཙམ་ཅིག་སྡོད་ཅི་ འ་ནཱི་གིས་ཨིན། ད་མི་གནམ་མེད་ས་མེད་འཕེལ་སོ་ཡི།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    ཏ་ལི་ལུ་འབད་བ་ཅིན་ གུང་མངམ་མེདཔ་འདྲས་སྨོ? ཨ་ནཱི་སྦུན་དྲིལ་འབག་མི་ འུ་ལག་འབག་མི?
  • ཀརྨ་ Karma
    རོགས་དཔོན་བཟུམ་ཅིག་འབད་ དྲག་དྲགམ་འབད་ནི་དེ་གིས་ བཀལ་མ་ཚུགས་དོ་མས་ཏེ་ཁོང་གིས་ དྲུང་པ་ཏ་ལི་དྲུང་པ་ལོ་ ཤིང་མཁར་དྲུང་པ་ཟེར་སྡོད་ནུག་མེན་ན་ཏེ་ཧེ་མ་ མཁྱེན་དོ་འོང་ཁྱོད་ར་གིས་ཡང་?
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    མི་ཤེས་པས་ལགས་འདི་ཚུ།
  • ཀརྨ་ Karma
    ཤིང་མཁར་དྲུང་པ་ཡང་ ཤུ་མར་དྲུང་པ་ཡང་ཁོང་སྡོད་ནུག་བ་ དྲུང་པ་ཨིན་ཧེ་མ་ ཤུགས་འཚམས་ཅིག་ཨིན་ཧེ་མ་ཏ་ལི་པ་ ཏ་ལི་པིར་དཔོན་གྱིས་ ཏ་ལི་པིར་དཔོན་གྱི་ཧེ་མ་ ལྷག་མ་ཡང་མི་ཟ་ སྒརཔ་གི་ལྷག་མ་ཡང་།
  • ཀརྨ་ Karma
    ད་འདི་ཉམས་སོང་ནུག་ཟེརཝ་མས་པིར་དཔོན་ཡང་།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    པིར་དཔོན་འདི་ག་གི་ཁྱིམ་ནང་ལས་ཨིན་ན་ ད་ལྟོ་བཟུམ་འབད་བ་ཅིན?
  • ཀརྨ་ Karma
    མར་གྱི་རང་ཨིན།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    མ་མའི་གི་ནང་ལུ་རང་?
  • ཀརྨ་ Karma
    ཨིན་ཁ་ཉིནམ་ང་གིས་ཁྱོད་ལུ་ཞུ་ཡི་མེན་ན? ཁྱོད་ཀྱི་ནུ་གཅུང་ལོ་ ཨ་ལྕོ་ལོ།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    ཨོང་ལགས།
  • ཀརྨ་ Karma
    ཨམ་སྲུ་མར་ལས་ཨིན་ཟེར་མི་འདི།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    ཨོང་ལགས།
  • ཀརྨ་ Karma
    ཉ་ལ་པ་གི་བུམོ་གི
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    ཨོང་ཉ་ལ་པ།
  • ཀརྨ་ Karma
    ཉ་ལ་པའི་ཨ་ལོ་ཚུ་ཡོད་དོ་འོང།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    ཨོང་།
  • ཀརྨ་ Karma
    ཉ་ལ་པའི་ཨ་ལོ་ཚུ་འོང་ མི་རང་ཉ་ལ་པའི་ཨ་ལོ་ཨིན་ཕར་ལུ་ མང་ཤོས་རང་ རོགས་པིར་དཔོན་ཨ་ཕི་རང་ཨིན་དང་ཕུ་འབད་བ་ཅིན་ འུ་ལག་ཕོག་རུང་ཕར་སྐྱེལ་དགོ་ ལྟོ་བྱིན་རུང་ཕར་ཟ་དགོ་ ཕར་ལུ་ འུ་ལག་འབག་མི་ ཁྲལ་པ་གཅིག་དང་པིར་དཔོན་གཅིག་སྡོད་ནུག
  • ཀརྨ་ Karma
    ཕར་ལས་འུ་ལག་གིས་དྲེགས་མ་ཚུགས་པར་ འ་ཕར་ཏ་ལི་པ་ ཏ་ལི་པ་ཟེར་སླབ་འོང་ང་བཅས་ཀྱིས་ ཕར་ལས་སྒར་པ་བཀྲིས་རྡོ་རྗེ་ཟེར་མི་གིས་ བཏོན་འབག་དོཝ་མས་ འབད་མ་ཚུགས་པར་བསུ་མ་ཞུ་སྟེ་འབད་ བསུ་མ་སྐྱིད་བ་ ད་རུང་།
  • ཀརྨ་ Karma
    ཨ་པ་བདག་འཕེལ་ལས་ཨིན་པས་ ཨམ་སྲུ་ཕར་ཏ་ལི་ལས་སྡོད་ནུག་ ཁྲལ་པ་གཅིག་པིར་དཔོན་གཅིག་ཡོདཔ་ཨིན་ཕར་ལུ་ཡང་ པིར་དཔོན་གྱིས་འུ་ལག་མི་འབག་ ཁྲལ་པ་དྲེགས་མ་ཚུགས་པར་ ཕྱུགཔོ་སྡོད་ཡི་ ཧེ་མ་དྲག་དྲགམ་འཚམས་ཅིག་སྡོད་ཡི་ཏ་ལི་ལས་འབད་མི་ཚུ།
  • ཀརྨ་ Karma
    ཤུ་མར་དྲུང་པ་ལོ་ ཤིང་མཁར་དྲུང་པ་ལོ་ཟེར་ ད་རེས་ནངས་པ་བཀྲིས་ལ་ཡོད་མེན་ན? འ་ནཱི་བཀྲིས་ལ་ཤིང་མཁར་དྲུང་པ་གི་མི་ཨིནམ་བ་ཏེ།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    མེས་མེས་བཀྲིས་ལ་ཡ?
  • ཀརྨ་ Karma
    ཨོང་་་ཨིནམ་བ་ཕར་ལས།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    ག་དེ་སྦེ་ལྷོད་ལྷོདཔ་ཨིན་ན་ཁོང་?
  • ཀརྨ་ Karma
    ཨ་་་།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    ག་དེ་སྦེ་ལྷོད་ལྷོདཔ་ཨིན་ན་ ནཱ་ཏ་ལི་ལུ?
  • ཀརྨ་ Karma
    གཉེན་བསྡོམས་བསྡོམས་མས་ཕར་ལུ།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    ཨེའེ་་་།
  • ཀརྨ་ Karma
    ཤུ་མར་དྲུང་པ་ཟེར་ ཤ་གནག་ཏང་ཏ་འཚམས་ཅིག་འབད་སྡོད་ཡི་ ཤིང་མཁར་དྲུང་པ་ཟེར་ ཤིང་མཁར་ལུ་དྲུང་པ་ཡོདཔ་ང་གིས་ཡང་ཤེས་དེ་འདི་ ཨ་ནཱི་བཀྲིས་ལ་གི་ཨའི་གི་གཉེན་འབད་སྡོད་ནུག་བ་ཏེ་ ཤུ་མར་དྲུང་པ་ཟེར་ ཤུ་མར་ལས་ཨིན་པས་ཏེ།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    ཤུ་མར?
  • ཀརྨ་ Karma
    ཨ?
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    ཤུ་མར་ལས?
  • ཀརྨ་ Karma
    ཨོང་ཤུ་མར་ལས་ ཤུ་མར་དྲུང་པ་འབད་སྡོད་དོ་མས་ཏེ་ ཧེ་མ་ཁོ་ཤུགས་ག་ཅི་མ་ཐོན་ནི་ཏེ་ ཧེ་མ་དེ་སྦེ་བཀོལ་མ་ཚུགས་པས་མེན་ན་ཏེ་ དེ་གིས་འབད་ དེ་ལས་འུ་ལག་གིས་དྲེགས་མ་ཚུགས་པར་ ད་རེས་ནཱ་ཡོད་བ་མི་ གཡང་ཁུག་ལ་མཁྱེན་འོང་ག་ཁྱོད་ཀྱིས?
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    གཡང་ཁུག་ལ་གཡང་ཁུག་ལ་ཟེར་ ཧ་གོ་ཡི་ལགས།
  • ཀརྨ་ Karma
    འ་ནཱི་གི་ཨམ་སྲུ་ཚུ་ ཏ་ལི་ལས་ཨིནམ་བ་ཨིན་རྒྱུ།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    ཨེའེ་་་།
  • ཀརྨ་ Karma
    ཏ་ལི་ནཱ་འོང་འོངམ་ཨིན་ཁོང་བསུ་མ་ཞུ་སྟེ་ དེ་ལས་དཔོན་ལུ་ཕྱག་འཚལ་ཏེ་ ཁྲལ་པ་འབད་བཙུགས་བཙུགསཔ་ཨིན་ནཱ་ བཀོལ་མི་ཚུགས་ཧེ་མ་ཏ་ལི་ལུ་ ཁྲལ་ཡང་མི་ཆད་ཏ་ལི་གི་མི་ཚུ་གིས་ ཧེ་མ་ག་མེད་གུ་མེད།
  • ཀརྨ་ Karma
    ད་འབདཝ་ད་ སླ་བསྲེ་ནུག་བ་ཏེ་ གཉེན་ཡང་བུ་ལི་པ་དང་གཅིག་ཁར་འཕྱད་འོང་ཏ་ལི་པ་ཚུ་གིས་ གཉེན་ག་མེད་གུ་མེད་མི་བསྡོམས།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    བུ་ལི་པ་དང་གཅིག་ཁར་ཡ་ལགས?
  • ཀརྨ་ Karma
    བུ་ལི་པ་དང་བསྡོམས་ ཁ་ཡང་འདྲ་བ་བུ་ལི་པ་དང་ བུ་ལི་པ་དང་བསྡོམས་ གཉེན་ག་མེད་གུ་མེད་མི་འཚོལ་ཧེ་མ་ ད་རེས་ཁྱོད་ཀྱི་ནུ་གཅུང་ལོ་ཨ་ལྕོ་ལོ?
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    ངེའི་ཨ་ལྕོ་ལགས།
  • ཀརྨ་ Karma
    ཨ་ལྕོ་ འ་མར་འཚོལ་ནུག་བ་ཏེ་ ཉ་ལ་པའི་བུམོ་ཚུ་ཨིན་པས་ ཉ་ལ་པའི་བུམོ་ཚུ་ཨིན་པས་བ་ཏེ་ ཉ་ལ་ལས་ ཨ་པ་ཤི་སོ་ཡི་བ་ཏེ་ ཨ་ལོ་རང་ཁོ་གིས་ཨ་ལོ་ཨིན་མར་ལུ་མང་སུ་ཅིག་རང་ བདེ་ཆེན་ལྷ་སྒྲོན་གྱི་བུམོ་མེན་ག་ཏེ།། །།