Skip to main content Skip to search
01 Oct 2018
5 min 36 sec
Rinchen Dorji
Video Overview
Creators: 
Yeshey Wangchuk, Penchela

Sonam Choden sings “Shamtap Dolep.” According to Sonam Chophel, it is a popular Dagana zhungdra dangrem, a special set of songs from the era of the Zhabdrung Jigme Chogyal (1862-1904), who composed many zhungdra songs in Talo and Dagana. The song was composed on the occasion of his visit to Dagana. This song was first performed on a “big flat stone” (doleb) in front of Zhabdrung Jigme Chogyal. The stone is in Sham-Doely village, and is its namesake. This aspirational song wishes to plant a Bodhi Tree in the soil; where all natural elements are balanced in fertile land, the tree will grow well, produce green leaves, and finally yield jeweled fruits. “May this tree,” the song says, “bring happiness and prosperity to our communities.”

ཨ་ནཱི་བརྙན་འཁོར་འདི་ནང་ བསོད་ནམས་ཆོས་སྒྲོན་གྱིས་ གླུ་གཞས་ གཤམས་ཐབས་རྡོ་ལེབ་ཟེར་མི་འཐེན་དོ་ཡོདཔ་ཨིན། བློ་ལྡན་གཞི་ཚོགས་ཀྱི་ཞིབ་འཚོལ་པ་ བསོད་ནམས་ཆོས་འཕེལ་གྱི་བཤད་མི་ནང་ གླུ་གཞས་འདི་ དར་དཀར་ན་གིས་མི་སྡེ་ནང་ལུ་ རྩ་ཆེ་བའི་གླུ་གཞས་ཅིག་ཨིན་ཟེར་ཨིན་མས། གཞུང་སྒྲའི་གླུ་གཞས་འདི་ དར་དཀར་ན་རྫོང་ཁག་ནང་ལུ་ ཡོངས་གྲགས་ཅན་ཅིག་ཨིན་པའི་ཁར་ གླུ་མཛོད་འདི་ ཞབས་དྲུང་ངག་དབང་རྣམ་རྒྱལ་གྱི་ རྣམ་སྤྲུལ་བཞི་པ་ ཞབས་དྲུང་འཇིགས་མེད་ཆོས་རྒྱལ་གྱི་ དུས་བསྐལ་ལུ་འབྱུང་ཡི་ཟེར་ཨིན་མས། བསོད་ནམས་ཆོས་འཕེལ་གྱི་བཤད་མི་ནང་ གླུ་གཞས་འདི་ ཞབས་དྲུང་འཇིགས་མེད་ཆོས་རྒྱལ་མཆོག་ དར་དཀར་ན་རྫོང་ཁག་ནང་ལུ་ འབྱོན་པའི་སྐབས་ རྩམ་ཅིག་ཟེར་ཨིན་མས། རང་ལུགས་བཤད་སྲོལ་དང་འཁྲིལ་བ་ཅིན་ གླུ་གཞས་འདི་ འགོ་ཐོག་དང་པ་རང་ ཞབས་དྲུང་གིས་གདོང་ཁར་ རྡོ་ལེབ་གུ་ འཁྲབ་ཅིག་ཟེར་ཨིན་མས། རྡོ་ལེབ་འདི་ ད་ལྟོའི་བར་ནང་ཡང་ གཤམས་རྡོ་ལེབ་ཀྱི་གཡུས་ཚན་ནང་ལུ་ མཐོང་ནི་ཡོདཔ་དང་ གཡུས་ཀྱི་མིང་ཡང་ རྡོ་ལེབ་འདི་ལས་ འབྱུང་ཡི་ཟེར་ཨིན་མས། གླུ་གཞས་འདི་ དར་དཀར་ནའི་གཡུས་ཚན་ཚུ་ནང་ དགའ་སྐྱིད་དང་ ཕུནང་སུམ་ཚོགས་བཅུག་ཟེར་བའི་ རེ་འདོད་དང་སྨོན་ལམ་ཞུ་བའི་སྐོར་ལས་ སྟོན་དོ་ཡོདཔ་ཨིན། གླུ་གཞས་ཀྱི་ཚིག་ནང་ལུ་ བྱང་ཆུབ་ཤིང་འདི་ ས་གནསའདི་ཁར་ བཙུགས་ཞིནམ་ལས་ ས་གནས་འདི་ནང་ འབྲས་བུ་ཕུན་སུམ་ཚོགས་ཏེ་ གཡུས་སྒོ་འདི་ནང་ལུ་ བདེ་སྐྱིད་དང་ དགའ་སྐྱིད་ཕུན་སུམ་ཚོགས་ཏོག་ཏོ་འབྱུང་བཅུག་ཟེར་བའི་སྨོན་ཚིག་ཚུ་ཡོདཔ་ཨིན་མས། དེ་མ་ཚད་ གླུ་གཞས་འདི་ མཚུངས་དཔེ་ལག་ལེན་འཐབ་སྟེ་ ཧན་ཏོང་ཏོ་སྦེ་ རྩམ་སྟེ་ཡོདཔ་ཨིན། 

Transcript search
No results found for this search
0 of 0
  • བསོད་ནམས་ཆོས་སྒྲོན་ Sonam Choden
    གནམ་དེ་འཁོར་ལོ་ང་།།ས་བརྒྱད་སྤུབས་པའི་འོག།གཤམ་ཤ་རྡོ་ལེབ་ལ། །
  • བསོད་ནམས་ཆོས་སྒྲོན་ Sonam Choden
    ས་འདི་པདྨ་ང་། །འདབ་བརྒྱད་ཐིང་པའི་གདན། །གཤམ་ཤ་རྡོ་ལེབ་ལ། །
  • བསོད་ནམས་ཆོས་སྒྲོན་ Sonam Choden
    བར་འདི་བཀྲ་ཤིས་ང་། །རྟགས་བརྒྱད་ཚངས་པའི་དབྱངས། །གཤམ་ཤ་རྡོ་ལེབ་ལ། །
  • བསོད་ནམས་ཆོས་སྒྲོན་ Sonam Choden
    ང་འདི་ཚངས་མའི་ང་། །གཡང་འདི་ཁུག་པའི་ལོ། །གཤམ་ཤ་རྡོ་ལེབ་ལ། །
  • བསོད་ནམས་ཆོས་སྒྲོན་ Sonam Choden
    ཤིང་འདི་དཔག་བསམ་ང་། །གིས་ཤིང་བཙུགས་དགོ་པས། །གཤམ་ཤ་རྡོ་ལེབ་ལ། །
  • བསོད་ནམས་ཆོས་སྒྲོན་ Sonam Choden
    ཤིང་འདི་དཔག་བསམ་ང་། །གིས་ཤིང་བཙུགས་པ་ལུ། །གཤམ་ཤ་རྡོ་ལེབ་ལ། །
  • བསོད་ནམས་ཆོས་སྒྲོན་ Sonam Choden
    ང་ནི་སེན་ཞིང་ང་། །ལུས་དང་ལྡེའུ་དགོ་པས། །གཤམ་ཤ་རྡོ་ལེབ་ལ། །
  • བསོད་ནམས་ཆོས་སྒྲོན་ Sonam Choden
    ཤིང་འདི་དཔག་བསམ་ང་། །གིས་ཤིང་བཙུགས་དགོ་པས། །གཤམ་ཤ་རྡོ་ལེབ་ལ། །
  • བསོད་ནམས་ཆོས་སྒྲོན་ Sonam Choden
    ཤིང་འདི་དཔག་བསམ་ང་། །གིས་ཤིང་བཙུགས་པ་ལུ། །གཤམ་ཤ་རྡོ་ལེབ་ལ། །
  • བསོད་ནམས་ཆོས་སྒྲོན་ Sonam Choden
    ཤར་འདི་རྡོ་རྗེ་ང་། །རི་ལས་ཁྲི་གདུགས་ཤར། །གཤམ་ཤ་རྡོ་ལེབ་ལ། །
  • བསོད་ནམས་ཆོས་སྒྲོན་ Sonam Choden
    བྱང་འདི་རྡོ་རྗེ་ང་། །བྲག་ལས་འབྲུག་ཅིག་ལྡིར། །གཤམ་ཤ་རྡོ་ལེབ་ལ། །
  • བསོད་ནམས་ཆོས་སྒྲོན་ Sonam Choden
    ནུབ་འདི་པདྨ་ང་། །ཅིག་ལས་གློག་ཅིག་ཀེམ། །གཤམ་ཤ་རྡོ་ལེབ་ལ། །
  • བསོད་ནམས་ཆོས་སྒྲོན་ Sonam Choden
    ལྷོ་འདི་པདྨ་ང་། །ཅིག་ལས་སྲས་ཅིག་འཁོར། །གཤམ་ཤ་རྡོ་ལེབ་ལ། །
  • བསོད་ནམས་ཆོས་སྒྲོན་ Sonam Choden
    ང་ནི་གནམ་ལྕགས་ང་། །ཡས་ལས་འཇའ་ཆར་རྐྱབ། །གཤམ་ཤ་རྡོ་ལེབ་ལ། །
  • བསོད་ནམས་ཆོས་སྒྲོན་ Sonam Choden
    ང་ནི་སེན་ཞི་ང་། །ལུས་དང་ལྡེའུ་དང་ཡིན། །གཤམ་ཤ་རྡོ་ལེབ་ལ། །
  • བསོད་ནམས་ཆོས་སྒྲོན་ Sonam Choden
    གཙོ་བོ་འདི་རྒྱས་ཤིང་ང་། །བྲོ་ཅིག་ས་ལུ་བཙུགས། །གཤམ་ཤ་རྡོ་ལེབ་ལ། །
  • བསོད་ནམས་ཆོས་སྒྲོན་ Sonam Choden
    ཙན་དན་ཉིན་ཟླ་ང་། །བཟུམ་ཅིག་གནམ་ལུ་ལྡིང་། །གཤམ་ཤ་རྡོ་ལེབ་ལ། །
  • བསོད་ནམས་ཆོས་སྒྲོན་ Sonam Choden
    མདའ་མོ་གཡུ་སྒྲོ་ང་། །བཟུམ་ཅིག་ཟུར་ལས་བཏགས། །གཤམ་ཤ་རྡོ་ལེབ་ལ། །
  • བསོད་ནམས་ཆོས་སྒྲོན་ Sonam Choden
    མེ་ཏོག་རྒྱ་ཆེན་ང་། །མཟུམ་ཅིག་ཁོང་ལུ་ཤར། །གཤམ་ཤ་རྡོ་ལེབ་ལ། །
  • བསོད་ནམས་ཆོས་སྒྲོན་ Sonam Choden
    རྡོག་མ་ནོར་བུ་ང། །བཟུམ་ཅིག་མགུ་ལུ་བཏགས། །གཤམ་ཤ་རྡོ་ལེབ་ལ།། །།