Skip to main content Skip to search
05 Sep 2018
3 min 52 sec
Video Overview
Creators: 
Sonam Tobgye

The song Amo Tsugray La, a Boedra song sang by Sanga Chozom from Lhuntse district and the same song was also sang Tshering Yangzom from Maedtsho geog under same district but can see slight difference in tone. The first three stanzas of the song is extreamly sentimental, in which the author saw both the land and the sky in mourning mood but when he recollect the reality, it was known that the author himself was in sad mood. In the rest stanzas of the song,ithe verses of the song makes an offerings to the powerful leader and spiritual masters with varities of flowers and other offerable stuffs. Thus, the merit of these offering bring happiness to the important figures and grand walefare of all sentient beings but if the flower offerings are not done, the flowers may fall on the ground and cannot gain any merits. 

 

ལྷུན་རྩེ་རྫོ་ཁག་ལས་ གསང་སྔགས་ཆོས་འཛོམས་ཀྱིས་འཐེན་མི་ ཨེ་མོ་ཚུ་རེད་ལ་ཟེར་མི་ བོད་སྒྲའི་གླུ་གཞས་རྙིངམ་འདི་ཅོག་ར་འཐདཔ་ཅིག་ སྨད་མཚོ་རྒེད་ལས་ ཚེ་རིང་དབྱངས་འཛོམས་ཀྱིས་ཡང་འཐེན་རུང་ འདི་གཉིས་ཀྱི་གདངས་ཨ་ཙི་རེ་མི་འདྲ་བས། གླུ་གཞས་འདིའི་ཚིགས་བཅད་དང་པ་གསུམ་འདི་ནང་ རྩོམ་པ་པོ་འདི་གིས་ དྲོ་པ་ཧ་སག་ལོང་སྦེ་ལྟ་བའི་སྐབས་ གནམ་དང་ས་གཉིས་ཆ་ར་ མ་དགའ་སི་སི་སྦེ་མཐོང་ཡོད་རུང་ ཁོ་ར་སེམས་དྲན་པ་ལེགས་ཤོམ་སྦེ་ ཚོར་ལྟ་བའི་སྐབས་སུ་ ཁོ་ར་སེམས་མ་དགའ་བ་ཡོདཔ་སྦེ་ ཧ་གོ་ཡི་ཟེར་བའི་ཚོར་ཞེན་ཅན་ཅིག་གི་ གླུ་གཞས་ཅིག་ཨིན་མས། འདི་ལས་ཚིགས་བཅད་ཤུལ་མམ་ཚུ་ནང་འབད་བ་ཅིན་ བླམ་དང་དཔོན་ཁག་འདི་ཚུ་ལུ་ མེ་ཏོག་དང་གཞན་ཡང་ མཆོདཔ་ཕུལ་བཏུབ་པའི་རིགས་ཚུ་ ཕུལ་བའི་བསོད་ནམས་འདི་གིས་ བླམ་དང་དཔོན་ གཞན་ཡང་རང་ལུ་བཀྲིན་ཅན་གྱི་མི་ངོམ་འདི་ཚུ་ལུ་ དགའ་སྐྱིད་འབྱུང་ཚུགས་ནི་དང་ སྤྱིར་སེམས་ཅན་ཐམས་ཅན་ལུ་ ཞི་བདེ་དང་དགའ་སྐྱིད་འབྱུང་བཅུག་ཟེར་མས། ཏེ་ག་དེ་ཅིག་སྦེ་ མེ་ཏོག་འདི་ཡར་ཡུལ་གོང་མ་ལུ་མ་ཕུལ་བ་ཅིན་ དུས་ཚོད་རྫོགས་པའི་བསྒང་ལས་ མེ་ཏོག་འདི་ས་ཁར་བུད་དེ་ བསོད་ནམས་ག་ནི་ཡང་བསགས་མ་ཚུགས་པར་ ཁུངས་མེདཔ་སྦེ་འགྱོ་ནི་མས་ཟེར་མས། 

 

Transcript search
No results found for this search
0 of 0
  • གསང་བསྔགས་ཆོས་འཛོམས། Sanga Chozom
    ཨེ་མོ་ཚུར་རོལ་ལ། །ཨེ་མོ་ཨེ་སང་མ་ཎི་པདྨེ་ཧཱུཾ་ལ་ནི་པདྨེ་ཧཱུཾ། །
  • གསང་བསྔགས་ཆོས་འཛོམས། Sanga Chozom
    ཨེ་མོ་ཚུར་རོལ་ལ། །ཡས་ཀྱི་གནམ་ལ་བལྟ་ན་གནམ་ཡང་འཁྲུལ་ལ་ནི་གནམ་ཡང་འཁྲུལ། །
  • གསང་བསྔགས་ཆོས་འཛོམས། Sanga Chozom
    ཨེ་མོ་ཚུར་རོལ་ལ། །མས་ཀྱི་ས་ལ་བལྟ་ན་ས་ཡང་འཁྲུལ་ལ་ནི་ས་ཡང་འཁྲུལ། །
  • གསང་བསྔགས་ཆོས་འཛོམས། Sanga Chozom
    ཨེ་མོ་ཚུར་རོལ་ལ། །ས་འཁྲུལ་གནམ་འཁྲུལ་མ་རེད་རང་སེམས་འཁྲུལ་ལ་ནི་རང་སེམས་འཁྲུལ། །
  • གསང་བསྔགས་ཆོས་འཛོམས། Sanga Chozom
    ཨེ་མོ་ཚུར་རོལ་ལ། །སྤང་གི་ལོགས་ལ་མེ་ཏོག་སྤུན་གསུམ་ཤར་ལ་ནི་སྤུན་གསུམ་ཤར། །
  • གསང་བསྔགས་ཆོས་འཛོམས། Sanga Chozom
    ཨེ་མོ་ཚུར་རོལ་ལ། མེ་ཏོག་གཅིག་ནི་གསེར་ཤོག་མེ་ཏོག་ཟེར་ལ་ནི་མེ་ཏོག་ཟེར། །
  • གསང་བསྔགས་ཆོས་འཛོམས། Sanga Chozom
    ཨེ་མོ་ཚུར་རོལ་ལ། །གསེར་ཤོག་མེ་ཏོག་དཔོན་པོའི་དབུ་ལ་བཞེས་ལ་ནི་དབུ་ལ་བཞེས། །
  • གསང་བསྔགས་ཆོས་འཛོམས། Sanga Chozom
    ཨེ་མོ་ཚུར་རོལ་ལ། །མེ་ཏོག་གཅིག་ནི་ཨྱོན་ལ་པད་ཞྭ་ཟེར་ལ་ནི་པད་ཞྭ་ཟེར། །
  • གསང་བསྔགས་ཆོས་འཛོམས། Sanga Chozom
    ཨེ་མོ་ཚུར་རོལ་ལ། །ཨྱོན་པད་ཞྭ་བླ་མའི་དབུ་ལ་བཞེས་ལ་ནི་དབུ་ལ་བཞེས། །
  • གསང་བསྔགས་ཆོས་འཛོམས། Sanga Chozom
    ཨེ་མོ་ཚུར་རོལ་ལ། །མེ་ཏོག་གཅིག་ནི་སྟག་མའི་ལ་མེ་ཏོག་ཟེར་ལ་ནི་མེ་ཏོག་ཟེར། །
  • གསང་བསྔགས་ཆོས་འཛོམས། Sanga Chozom
    ཨེ་མོ་ཚུར་རོལ་ལ། །སུ་དང་གང་གིས་མ་བཞེས་སྤང་དུ་ལུས་ལ་ནི་སྤང་དུ་ལུས། །
  • གསང་བསྔགས་ཆོས་འཛོམས། Sanga Chozom
    ཨེ་མོ་ཚུར་རོལ་ལ། །ཡས་ཀྱི་གནམ་ལ་བལྟ་ན་གནམ་ཡང་འཁྲུལ་ལ་ནི་གནམ་ཡང་འཁྲུལ། །
  • གསང་བསྔགས་ཆོས་འཛོམས། Sanga Chozom
    ཨེ་མོ་ཚུར་རོལ་ལ། །མས་ཀྱི་ས་ལ་བལྟ་ན་ས་ཡང་འཁྲུལ་ལ་ནི་ས་ཡང་འཁྲུལ། །
  • གསང་བསྔགས་ཆོས་འཛོམས། Sanga Chozom
    ཨེ་མོ་ཚུར་རོལ་ལ། །ས་འཁྲུལ་གནམ་འཁྲུལ་མ་རེད་རང་སེམས་འཁྲུལ་ལ་ནི་རང་སེམས་འཁྲུལ།། ལགས་སོ།། །།