Skip to main content Skip to search
17 Aug 2018
3 min 5 sec
Ariana Maki
Video Overview
Creators: 
Dudul Dorjee, Tibetan & Himalayan Library

འདི་ནི་བྱ་རྒྱལ་ཁྱུང་ཆེན་དང་གླང་ཆེན་སོགས་ཀྱིས་ཙི་གུ་ལ་མཐོང་ཆུང་བྱས་པས་མཐར་ཙི་གུས་ཁོང་ཚོ་ཕམ་པར་བྱས་པའི་གཏམ་རྒྱུད་ཅིག་ཡིན།

གཏམ་རྒྱུད་འདིའི་ནང་དུ་སྔར་སྡོང་མགོར་བྱ་རྒྱལ་ཁྱུང་གི་ཚང་བཅས་ཡོད་པ་དང་། སྡོང་རྩར་ཙི་གུའི་ཚང་བཅས་ཡོད་པ་ན། བྱ་རྒྱལ་ཁྱུང་གིས་བྱ་རྟུག་བཏང་ནས་ཙི་གུའི་ཚང་རླུམས་ལ་ཉེ་བས། ཙི་གུས་གནས་ཚུལ་དེ་གླང་པོ་ཆེར་བཤད་ཀྱང་གླང་བོ་ཆེ་ཡིས་དོ་སྣང་མ་བྱས། བྱ་རྒྱལ་ཁྱུང་གིས་བྱ་རྟུག་བཏང་ནས་ཙིག་ཕྲུག་དག་རླུམས་ནས་བསད་པས་ཙི་གུ་ཨ་མ་ཞེ་སྡང་ལངས་ནས་གླང་པོ་ཆེ་ཡི་སྣ་ཞགས་ནང་འཛུལ་ནས་ཀླད་པ་དཀྲུགས་པས་གླང་ཆེན་ན་ཟུག་གིས་མ་བཟོད་པར་སྨྱོ་རྒྱུག་བྱས་ཏེ་བྱ་རྒྱལ་ཁྱུང་གིས་ཚང་བཅས་པའི་བྱུར་སྡོང་ཡང་བགྱེལ་བས་བྱ་རྒྱལ་ཁྱུང་གི་ཚང་ཡང་གཏོར། དེ་ནས་ཙི་གུས། མཐོ་བོས་མཐོ་ཚད་མ་ཟིན་ན། །བྱ་རྒྱལ་ཁྱུང་གི་ཚང་ལ་ལྟོས། །བྱི་བའི་སྐད་ལ་མ་ཉན་ན། །གླང་པོ་ཆེ་ཡི་རོ་ལ་ལྟོས། །གཉོམ་པས་གཉོམ་ཚད་མ་ཟིན་ན། །ཙི་གུ་མ་ལོའི་ཤོམ་ལ་ལྟོས་ཞེས་ཟུར་ཟ་བྱས་པ་རེད།

这是一则关于鹏鸟和大象歧视老鼠,最终老鼠反过来打败鹏鸟与大象的故事。

这则故事主要讲述了,从前一只鹏鸟在树上筑了巢,而一只老鼠在树根做了窝。鹏鸟天天从空中拉屎,鸟粪几乎把老鼠的窝给淹没了。无奈之下,老鼠跑去告诉大象,但大象没有理睬老鼠。后来,鹏鸟又拉屎杀死了所有的小老鼠。老鼠妈妈非常生气,于是钻进大象的鼻孔,搅乱了大象的脑髓。大象疼痛难忍,一路狂奔。大象撞倒了鹏鸟筑巢的大树,并摧毁了鹏鸟的巢。最后,老鼠讽刺道:“权高把握不住者,请观鹏鸟的巢;不听草民建言者,请看大象的尸;弱者忍无可忍者,请看母鼠的为。”

The story of a roc and an elephant who ignore a mouse, which in turn destroys the roc and the elephant with wisdom.

A roc makes its nest in a tree, while a mouse nests underneath the tree. Every day the roc defecates from the sky, and the feces fall on the mouse's nest. Helpless, the mouse tells the elephant, who ignores the mouse. Later, the roc’s feces kill the mouse’s babies, making the mouse so angry that she climbs into the elephant's nostrils and attacks the elephant's brain. The elephant is in such pain that he runs up and down, knocking down the tree with the roc’s nest. Seeing all this, the mouse wisely says later: "Powerful ones who do not know how to balance, please watch the roc's nest; those who do not listen to the commoners, please look at the corpse of the elephant; the weak ones who cannot bear no more, please see the deeds of the mouse.”

Transcript search
No results found for this search
0 of 0