Skip to main content Skip to search
01 Sep 2018
5 min 7 sec
Ariana Maki
Video Overview
Creators: 
Monika Subba, Kencho Wangmo

འཇིགས་མེད་གླིང་ལས་ཨིན་མི་ ཨམ་ཚེ་རིང་གིས་ གཞུང་སྒྲ་གི་གླུ་གཞས་འདི་ ལྷ་ས་ས་སྨེ་ཟེར་མི་འདི་ཨིནམ་ད་ གླུ་གཞས་འདི་མང་ཆེ་བ་ཅིག་ ཀྲོང་གསར་མང་སྡེ་ཀྱི་མི་སེར་ཚུ་གི་འཐེན་དོ་ཡོདཔ་ཨིན་མས། གླུ་གཞས་འདི་གི་འབོད་ལུ་ཡོད་པའི་འབོད་ལྷ་ས་ལྷ་ཁང་ བུམ་ཐང་ལུ་ཡོད་པའི་སྐུར་རྫེ་ལྷ་ཁང་དང་ སྤུང་རྫོངས་ཚུ་གི་སྐོར་ལས་བཤད་པ་རྐྱབ་དོ་ཡོདཔ་ཨིན་མས། གླུ་གཞས་འདི་རྒྱལ་ཁབ་ནང་ལུ་ཡོངས་གྲགས་ཡོད་པའི་གཞུང་སྒྲའི་གླུ་གཞས་གཅིག་ཨིན་མས།

 

Tshering from Jigmeling community sings a Zhungdra song called "Lhasa Sami". It is mostly sung by the Mandey people (Trongsap). The lyrics describe the abbot of Lhasa Monastery, Bumthang Kharchhu and Punakha Dzong.

Transcript search
No results found for this search
0 of 0
  • ཚེ་རིང་
    ཡ་ལྷ་ས་བསམ་ཡས་འཐེན་གེ་ནོ་ང་།
  • ཚེ་རིང་
    ལྷས་ས་བསམ་ཡས་སྣམ་བུ་ལས་ཡོང་སོང། ཤཱཀྱ་མ་ཎི་མཇལ་བ་ལས་ལྷག
  • ཚེ་རིང་
    ཕྲང་བྱུང་མིག་གིས་ལྟོད་མོ་ཡང་མཐོང་སོང། ལྷས་ས་བསམ་ནས་སྒྲིབ་པ་ཡང་དག
  • ཚེ་རིང་
    ལྷོ་བྲག་མཁར་ཆུ་སྣམ་བུ་ལས་ཡང་སོང་། ནམ་མཁའི་སྙིང་པོ་མཇལ་བ་ལས་ལྷག
  • ཚེ་རིང་
    ཕྲང་བྱུང་མིག་གིས་སྟོད་མོ་ཡང་མཐོང་སོང། ལྷོ་བྲག་མཁར་ཆུ་སྒྲིབ་པ་ཡང་དག
  • ཚེ་རིང་
    སྤུང་ཐང་བདེ་ཆེན་སྣམ་བུ་ལས་ཡོང་སོང། ངག་དབང་རྣམ་རྒྱལ་མཇལ་བ་ལས་ལྷག
  • ཚེ་རིང་
    ཕྲང་བྱུང་མིག་གིས་ལྷོད་མོ་ཡང་མཐོང་སོང་། སྤུང་ཐང་བདེ་ཆེན་སྒྲིབ་པ་ཡང་དག །
  • ཚེ་རིང་
    ལགས་སོ།