Skip to main content Skip to search
31 Jan 2012
41 min 40 sec
David Germano
Video Overview
Creators: 
Unknown

Tsering Wangdü of Tibet University explains the uses of the main vocabulary terms covered in Lesson 1.

བོད་ལྗོངས་སློབ་གྲྭ་ཆེན་མོའི་དགེ་རྒན་ཚེ་རིང་དབང་འདུས་ལགས་ཀྱིས་སློབ་ཚན་དང་པོའི་ཚིག་གསར་ལ་འགྲེལ་བཤད་བྱེད་པ།

Transcript search
No results found for this search
0 of 0
  • : འོ་ཡཱ། ལྟ་ང་ཚོ་སློབ་ཚན་དང་པོའི་ནང་ལོགས་ནས་གཙོ་བོ་ཤེས་དགོས་ཡག བརྡ་སྤྲོད་རིག་པའི་དམིགས་ཚད་ཤེས་དགོས་ཡག་དེ་ག་རེ་རེད་ཟེར་ན།
  • : འདིའི་ནང་ལ་འདི་ཡོད་རེད། "འདི་"ཟེར་ཡག་དེ་བྱས། "ཕ་གི་"ཟེར་ཡག་དེ་བྱས། "དེ་"ཟེར་བ་དེ་བྱས།
  • : དེ་ནས་ཡིན་ན་"རེད་"ཟེར་ཡག་དང་། "ག་རེ་"ཟེར་ཡག དེ་ཚོའི་བེད་སྤྱོད་བྱེད་སྟངས་ལ་གཙོ་བོ་ཤེས་དགོས་ཀྱི་ཡོག་རེད།
  • : བྱས་ཙང་འདིའི་ནང་ལོགས་པ་དང་པོ་ཡིན་ན་འདི་ཟེར་ཡག་བེད་སྤྱོད་བྱེད་སྟངས་དེ་གང་འདྲ་སེ་བྱས་བྱེད་དགོས་རེད་ཟེར་ན། "འདི་"ཟེར་ཡག་འདི་བེད་སྤྱོད་ཙམ་ལ་གཙོ་བོ་གང་འདྲ་ཞིག་རེད་ཟེར་ན།
  • : གཙོ་བོ་ནི་འདི་འདྲས་རེད། དཔེར་ན་ཆ་བཞག་ན། འདི་ཟེར་དུས་ཙམ་པ། ཁྱེད་རང་གི་མིག་གི་མདུན་ལ་དངོས་སུ་མཐོང་ཡག་ཡོད་པ་དང་།
  • : ཁྱེད་རང་དང་ཐག་ཉེ་པོ་ཡོད་པ། ཐག་ཉེ་པོ་ཡོད་པའི་ཅ་ལག་གང་འདྲ་ཞིག་ཡིན་པ་ཡིན་ནའི། འདིར་མཛུབ་མོ་འཛུགས་དགོས་བྱུང་ན། ཨཱ་ནི་འདི་བྱེད་སྤྱོད་བྱས་ན་འགྲིག་གི་རེད།
  • : འདི་ཡིན་གཅིག་མིན་གཅིག་ག་རེ་དགོས་ཟེར་ན། ཁྱེད་རང་གི་མིག་གི་མཐོང་བ་གང་ཞིག་ཁྱེད་རང་དང་ངེས་པར་དུ་ཐག་ཉེ་པོ་ཡོག་དགོས་ཀྱི་རེད། རེད་པཱ།
  • : དཔེར་ན་ཆ་བཞག་ན། འདི་སྨྱུ་གུ་འདི་ལ་ཆ་བཞག་ན། སྨྱུ་གུ་འདི་ངའི་མིག་གི་མདུན་ལ་མཐོང་ཡག་ཡོག་རེད། རེད་པཱ། མ་ཟད་ང་དང་ཐག་ཉེ་པོ་ཞེ་དྲགས་ཡོག་རེད།
  • : བྱས་ཙང་འདི་འཁྱེར་ཙམ་ལ་སྨྱུ་གུ་འདི། སྨྱུ་གུ་འདི་ངར་གཅིག་གཡར་གནང་དང་། སྨྱུ་གུ་འདི་ག་ནས་གཟིགས་པ། སྨྱུ་གུ་འདི་སྙིང་རྗེ་པོ་ཞིག་འདུག་གཱ
  • : བྱས་ཙང་གི་འདི་ལ་སྐད་ཆ་བཤད་དུ་ཙམ་ལ་འདི་སྒྲ་བེད་སྤྱོད་བྱེད་དགོས་ཡོག་རེད། མཁྱེན་སོང་ངམ།
  • : བྱས་ཙང་གི་འདི་ཟེར་ཡག་འདི་ཡིན་ན་ངེས་པར་དུ་ཁྱེད་རང་གི་མིག་གི་མདུན་ལ་མཐོང་རྒྱུ་ཡོད་པ་དང་། ཁྱེད་རང་དང་ཐག་ཉེ་པོ་ཡོད་པའི་ཅ་ལག་གཅིག་མཛུབ་མོ་འཛུགས་དགོས་ཙམ་པ་འདི་སྒྲ་བེད་སྤྱོད་བྱེད་དགོས་ཀྱི་རེད།
  • : ལྟ་དེ་ནས་ཡང་། དཔེར་ན། ཕ་གི་ཟེར་ཡག་འདི་ཡིན་ན། ཡང་གང་འདྲ་སེ་བེད་སྤྱོད་བྱེད་དགོས་རེད་ཟེར་ན། ཕ་གི་ཟེར་མཁན་འདི་ཁྱེད་རང་གི་མིག་གིས་མཐོང་རྒྱུ་ཡོད་པ་གང་ཞིག་ཁྱེད་རང་དང་ཐག་རིང་ལ་གནས་པ།
  • : རིང་ཙམ་གནས་པ་འདི་ལ་ཡ་མཛུབ་མོ་འཛུགས་དུས་ངེས་པར་དུ་ག་རེ་ཟེར་དགོས་ཟེར་ན། ཕ་གི་ཟེར་དགོས་ཀྱི་རེད།
  • : དཔེར་ན་ཆ་བཞག་ན། ང་དང་རྐུབ་ཀྱག་ཕ་གི་ང་དང་ཐག་རིང་དུ་འདུག ཡིན་ནའི་མིག་གི་མཐོང་གི་འདུག མིག་གིས་མཐོང་པ་གང་ཞིག་ལ་རང་དང་། ང་དང་ཐག་རིང་པོ་ཡོད་པའི་དངོས་པོ་དཔེར་ན་རྐུབ་ཀྱག་ཕ་གི་རེད་པ།
  • : རྐུབ་ཀྱག་འདི། རྐུབ་ཀྱག་ཕ་གི རེད་པཱ། མོ་ཊ་འདི། མོ་ཊ་ཕ་གི འདུག་སེ་བྱས་ཁྱད་པ་ཡོད་པ་རེད། དབྱེ་བ་དེ་རེད་པ།
  • : ཕ་གི་དང་འདི་གཉིས་ལ་འདྲ་བའི་ཆ་དེ་ག་རེ་རེད་ཟེར་ན། འདྲ་བ་ཆ་དེ་ཁྱེད་རང་གི་མིག་གིས་མཐོང་ཡག་ཡོད་པ་དེ་གཅིག་པ་དགོས་རེད།
  • : མི་འདྲ་བའི་ཁྱད་པར་དེ་གང་རེད་ཟེར་ན། ཡིན་་གཅིག་མིན་གཅིག་གིས་ཕ་གི་ཟེར་མཁན་འདི་ཁྱེད་རང་དང་ཐག་རིང་དུ་གནས་པའི་ཅ་ལག་འདི་ལ་ཕ་གི་ཟེར་དགོས་ཀྱི་རེད།
  • : ཁྱེད་རང་དང་ཐག་ཉེ་པོ་ཡོད་པ་འདི་ལ་ཡཱ་"འདི་"ཞེས་བེད་སྤྱོད་བྱེད་དགོས་ཀྱི་རེད། འོ་འདི་ཡིན་ན་འདི་དང་ཕ་གི་དེ་འདྲ་གི་ང་རང་ཚོའི་འགྲོ་སྟངས་དེ་རེད།
  • : ལྟ་དེ་ནས་དེའི་འོག་དེ་ལ་དེ་ཡོག་རེད། དེ་ཟེར་ཡག་འདི་གང་རེད་ཟེར་ན་སྤྱིར་བཏང་ནས་བྱས་པ་ཡིན་ན་དེ་སྒྲ་བེད་སྤྱོད་བྱེད་དུས་ཙམ་ལ། ཁྱེད་རང་གི་མིག་ལ་ཡ་མཐོང་ཡག་མེད་པ་གང་ཞིག
  • : མིག་གིས་མཐོང་ཡག་མེད་པ་གང་ཞིག་ཅ་ལག་དེ་འཛུབ་མོ་འཛུགས་དགོས་དུས་ཙམ་ལ་དེ་སྒྲ་བེད་སྤྱོད་བྱེད་དགོས། དཔེར་ན་ཆ་བཞག་ན།
  • : ཁ་ས་ང་དང་ངའི་རོགས་པ་ཁྲོམ་ལ་ཕྱིན་བྱས་དེབ་གཅིག་ཉོས་པ་རེད། དེབ་དེ་སུས་ཉོས་པ་རེད་ཟེར་ན་ངའི་རོགས་པས་ཉོས་པ་རེད།
  • : དེབ་དེ་ཁ་ས་ངའི་རོགས་པས་དེབ་གཅིག་ཉོས་པ་རེད། རེད་པཱ། དེབ་དེ་ངས་དེ་རིང་ངའི་རོགས་པ་ལ་ཁ་ས་རང་གིས་ཉོས་པའི་དེབ་དེ་སྙན་ལོས་འདུག
  • : ཡག་ལོས་འདུག འདུག་སེ་ཟེར་དགོས་ཀྱི་རེད་མ་གཏོགས། ཁ་ས་རང་གིས་ཉོས་པའི་དེབ་འདི་ལབ་ན་འགྲིག་གི་མ་རེད། དེབ་འདི་ཟེར་དུས་ཙམ་ལ་ཁྱེད་རང་གི་མིག་གི་མདུན་ལ་དངོས་སུ་མཐོང་རྒྱུ་ཡོད་པ་དང་།
  • : ལག་པར་བསྣམས་ཡག་ཡོད་པ། འདི་ལ་ཡ་འདི་འདྲ་བེད་སྤྱོད་བྱེད་དགོས་ཀྱི་རེད། དེ་སྒྲ་དེ་རང་དང་རྒྱང་རིང་དུ་སོང་བ་དང་། རང་གི་མིག་བྱེད་དབང་པོའི་ནང་ལོགས་ལ་མཐོང་ཡག་མེད་པ་རེད་པཱ།
  • : ཡིན་ནའི། ཕ་གིར་དོན་སྤྱི་སྒང་ལ་ཤར་ཡག་ཡོད་པ་ཞིག་ཡོག་རེད། འདི་ལ་ཡཱ་ཨོའོ་ཁ་སང་སྐད་ཆ་དེ། ཁ་སང་གི་ཅ་ལག་དེ། རེད་པཱ། ཁ་སང་གི་ཕོར་པ་དེ། རེད་པཱ། དེ་བེད་སྤྱོད་བྱེད་དགོས་ཀྱི་རེད། ཤེས་སོང་ངམ།
  • : བྱས་ཙང་ཀར་ཡོལ་དེ། འདི་འདྲས་སེ་བེད་སྤྱོད་བྱེད་དགོས་ཀྱི་ཡོག་རེད། དེ་སྒྲ་དེ་འདི་དང་གཅིག་པ་རེད། འདི་དང། ཕ་གི་དང་ དེ་གཉིས་ཁྱད་པར་ཆེན་པོ་ཞེ་དྲགས་ཡོག་རེད།
  • : འདི་ཟེར་ཡག་དེ་འཁྲིས་ལ་ཡོད་པ་དང་། ཕ་གི་ཟེར་ཡག་དེ་མིག་གི་མཐོང་ཡག་ཡོད་པ་གང་ཞིག་ཐག་རིང་དུ་གནས་པ་དང་།
  • : དེ་སྒྲ་དེ་དཔེར་ན་ཆ་བཞག་ན་མིག་གིས་མཐོང་ཡག་མེད་པ། ཡིན་ནའི་ཁ་ས་རང་གི་བསམ་བློའི་ནང་ལ་ཅ་ལག་དེ་འདྲས་ཤིག་ཡོད་བསམ་པའི་། དེབ་དེ་འདྲས། ཅ་ལག་དེ། ཁ་སང་ཉོས་པའི་སྨྱུ་གུ་དེ། དེ་བེད་སྤྱོད་བྱེད་དགོས་ཀྱི་རེད།
  • : གང་རེད་ཟེར་ན། དེ་སྒྲ་བེད་སྤྱོད་བྱེད་ཡག་གི་རྒྱུ་མཚན་གང་རེད་ཟེར་ན། ཁྱེད་རང་གི་མིག་གི་མདུན་ལ་ཡོག་མ་རེད། མིག་གི་མདུན་ལ་མེད་ཙང་ཁ་སང་ཉོས་པའི་སྨྱུ་གུ་དེ་ཡག་ལོས་འདུག
  • : ཧ་གོ་སོང་ང་། ཁ་སང་ཉོས་པའི་སྨྱུ་གུ་འདི་ཡག་ལོས་འདུག འགྲིག་གི་མ་རེད། སྨྱུ་གུ་དེ་ཡག་ལོས་འདུག འོ་དེ་འདྲ་ཞིག་གི་ཁྱད་པར་ཡོག་རེད། དེ་ཟེར་ཡག་བེད་སྤྱོད་བྱེད་སྟངས་འདི་ནི་འོ་འདྲ་ཞིག་ལ་འགྲོ་དགོས་ཀྱི་རེད།
  • : དེ་ནས་ཡིན་ན། ག་རེ་ཡོག་་རེད་ཟེར་ན། དཔེར་ན་ཆ་བཞག་ན། འདིའི་ནང་ལ་འདི་ཡོག་རེད། རེད་པཱ། འདི་ནང་ལ་ག་རེ་ཡོག་རེད། ང་ཚོ་འདི་ནང་ལ་ག་རེ།
  • : ག་རེ་ཟེར་ཡག་དེ་འདི་རེད་རེད་པཱ་འདྲི་བའི་ཚིག དྲི་ཚིག་རེད། ཤེས་སོང་ངམ། ང་རང་ཚོ་འདི་ཡིན་ན་འདྲི་ཚིག
  • : འདྲི་བའི་ཚིག་རེད། འདྲི་བ་ཚིག་ཟེར་དུས་ཙམ་ལ་འདི་ག་རེ་རེད། རེད་པཱ། འདི་ག་རེ་རེད། མི་གཅིག་ང་ལ་སྐད་ཆ་དྲིས་ཀྱི་འདུག
  • : འོ་རྒན་ལགས་དེབ་འདི་ག་རེ་རེད། དེབ་འདི་སློབ་དེབ་རེད། འདི་སློབ་དེབ་རེད། ཕ་གི་ག་རེ་རེད། ཕ་གི་མོ་ཊ་རེད། ཕ་གི་ག་རེ་རེད། ཕ་གི་བརྙན་འཕྲིན་རེད།
  • : ག་རེ་རེད། ག་རེ་རེད། ག་རེ་ཟེར་ཡག་དེ་འདྲི་བའི་ཚིག་རེད། ཁྱེད་རང་གི་སྐད་ཆ་ག་རེ་བཤད་པ། ཁེ་ས་ཁྱེད་རང་གིས་ག་རེ་ཉོས་པ། འདི་ཚོ་གང་ག་ལོག་ང་རང་ཚོ་དྲི་བ་བཏང་ཡག་རེད།
  • : ག་རེ་ག་རེ་ཟེར་ཡག་དེ་བེད་སྤྱོད་ཆེན་པོ་ཞེ་དྲགས་ཡོག་རེད། རེད་པཱ། ཁྱེད་རང་གི་མིང་ལ་ག་རེ་ཟེར་གྱི་ཡོད། ཁྱེད་རང་གི་མཚན་ལ་ག་རེ་ཟེར་གྱི་ཡོད། ཁྱེད་རང་ཁྲོམ་ལ་ཕྱིན་ནས་ག་རེ་ཉོས་པ།
  • : ཁྱེད་རང་སློབ་གྲྭའི་ནང་ལ་སློབ་སྦྱོང་ག་རེ་བྱེད་ཀྱི་ཡོད། ཨོའོ་བོད་ཡིག་སློབ་སྦྱོང་བྱེད་ཀྱི་ཡོད། འོ་ལ་སོགས་པ་རེད་པཱ། ག་རེ་ག་རེ་ཟེར་ཡག་དེ་ལས་སླ་པོ་ཡོག་རེད།
  • : ལྟ་དེ་ནས་ཡང་དཔེར་ན་ཆ་བཞག་ན། ད་དུང་ག་རེ་ཡོག་རེད་ཟེར་ན། ལྔ་པ་དེའི་ནང་ལོགས་ཀྱི་རེད། དེ་རེད་ཟེར་ཡག་དེ་མི་གཞན་ཞིག་གིས་སྐད་ཆ་དྲིས་པའི་འདྲི་ཚིག་ལ་ལན་བརྒྱབ་པ་རེད།
  • : དཔེར་ན་ཆ་བཞག་ན། འདི་ག་རེ་རེད་ཞེས་ལབ་སོང་ན། འདི་སྨྱུ་གུ་རེད། མཁྱེན་སོང་ངམ། དཔེར་ན་ཆ་བཞག་ན། ཨོའོ་འདི་ཡཱ་ཡིན་ན་འདི་རེད་རེད་པཱ། དཔེར་ན་ང་ཚོ་བོད་རིགས་ལ་ཆ་བཞག་སོང་ན་ང་ཚོ་བོད་རིགས་ཀྱིས་འདི་མཐོང་ཡོག་མ་རེད།
  • : འདི་མཐོང་མྱོང་ཡོག་མ་རེད། ལྟ་ངའི་སྤུན་མཆེད་ཀྱིས་ཨོའོ་འདི་ག་རེ་རེད། འདི་ག་རེ་རེད་ཟེར་སོང་ན། འདི་ཨ་མི་རི་ཀའི་ཌོ་ལར་རེད། ཨ་མི་རི་ཀ་ཡི་དངུལ་སྒོར་མོ་རེད། རེད། རེད།
  • : ཁོང་སུ་རེད། ཁོང་སུ་རེད། ཁོང་ངའི་གྲོགས་པོ་རེད། ངའི་གྲོགས་པོ་རེད། ལྟ་རེད་དེ་བེད་སྤྱོད་ཆེན་པོ་ཞེ་དྲགས་ཡོག་རེད། བྱས་ཙང་ང་རང་ཚོ་སློབ་ཚན་དང་པོ་འདིའི་ནང་ལོག་ལ།
  • : ངེས་པར་དུ་གཙོ་གནད་དེ་ཤེས་དགོས་ཡག་དེ་ག་རེད་ཟེར་ན། དཔེར་ན་ཆ་བཞག་ན། རེད། འདི། ཕ་གི དེ་ རེད། འོ་འདི་གས་དེ་བེད་སྤྱོད་བྱེད་སྟངས་གཙོ་བོར་ཤེས་དགོས་ཀྱི་ཡོག་རེད་སེ།
  • : བྱས་ཙང་འདི་ཡིན་ན་ང་རང་ཚོའི་དེའི་ནང་གི་བརྡ་སྤྲོད་ཀྱི་ཤེས་དགོས་ཡག་གི་གཙོ་བཤད་ཀྱི་ཡོག་རེད།
  • : ལྟ་གཤམ་ལ་ང་ཚོ་ཚིག་གསར་ནང་ལོགས་ལ་དཀའ་གནད་ཁ་ཤས་རེད་པཱ། ཧ་མ་གོ་པ་ཁ་ཤས་ང་ཚོ་ངས་འདི་ནས་མར་འགྲེལ་བཤད་བརྒྱབ་ཆོག་གི་རེད། བྱས་ཙང་གང་ག་བརྒྱབ་དགོས་ཡག་མི་འདུག དཔེར་ན་འདིའི་ནང་ལོགས་ལ་ཡཱ་འདི། དེ། ཕ་གི འདི་ཡིན་ན་ང་ཚོར་འགྲེལ་བཤད་བརྒྱབ་ཚར་པ་རེད།
  • : ལྟ་དེའི་ནང་ལོགས་ནས་འདི་གཅིག་ཡོག་རེད། འདའི་ཟེར་ཡག་གཅིག ཁ་སྐད་ནང་འདའི་ཟེར་གྱི་རེད། ཡི་གེ་ནང་ལོགས་ལ་འདིར་། ཡང་མིན་ན་འདི་ལ་དེ་འདྲས་བེད་སྤྱོད་བྱེད་ཀྱི་རེད།
  • : འདི་ཡིན་ན་ང་ཚོ་ཡིག་སྐད་གཞི་བཞག་དེ་འདྲས་རེད། འདི་ཡིན་ན་ཁ་སྐད་ནང་ལབ་ཀྱི་ཡོད། དཔེར་ན་ཆ་བཞག་ན། ཁ་སྐད་ནང་ལ་ཆས་བེད་སྤྱོད་ད་ག་བྱེད་ཀྱི་རེད།
  • : འདའི་ཟེར་ཡག་འདི་དཔེར་ན་ཆ་བཞག་ན། འདི་གཅིག་ཡོག་རེད་རྐུབ་ཀྱག འདའི་རྐུབ་ཀྱག་འདུག་རེད་པཱ། འདིར་རྐུབ་ཀྱག་གཅིག་འདུག ལྟ་ངའི་རོགས་པ་ཡོང་གི་འདུག ཨོའོ་རོགས་པ་ཡོང་གི་འདུག
  • : ངའི་རོགས་པ་ལ་ཡིན་ན་ངས་ཡར་ཕེབས། ཡར་ཕེབས། འདའི་ཞུགས། འདའི་ཞུགས། ཧ་གོ་སོང་ང་། འདའི་ཞུགས་མ་གཏོགས། འདི་ཞུགས་ཟེར་ན་འགྲིག་གི་མ་རེད། ཡིན་གཅིག་མིན་གཅིག་གིས་འདའི་ཞུགས་ཞེས་ལབ་དགོས་ཀྱི་རེད།
  • : འདའི་ཟེར་ཡག་ལབ་དགོས་ཡག་རྒྱུ་མཚན་གང་རེད་ཟེར་ན། རྐུབ་ཀྱག་མང་པོ་འདུག དེ་ནས་མར་རྐུབ་ཀྱག་མང་པོ་འདུག རྐུབ་ཀྱག་མང་པོ་ཡོད་པའི་ནང་ནས་ཨོའོ་རྐུབ་ཀྱག་འདའི་ཞུགས།
  • : འདི། རྐུབ་ཀྱག་འདའི་ཞུགས། རྐུབ་ཀྱག་འདི་བདེས་ཡོག་རེད། བདེ་པོ་ཡོག་རེད། ཨོའོ་འདའི་ཞུགས། འདའི་ཞུགས། བྱས་ཙང་ཡིན་ན་རྐུབ་ཀྱག་གཞན་དག་སྒང་ལ་མ་ཞུགས། འདའི་ཞུགས།
  • : ཧ་གོ་སོང་ང་། རྐུབ་ཀྱག་གཞན་དག་ཕར་འབུད་སོང་། འབུད་སོང་ན་འདའི་ཟེར་ཡག་ཁོས་ཁོང་ཕ་གི་བསྡ་ད་འགྲོ་བྱེད་ཀྱི་འདུག་ན་ཨཱ་ཕ་གི་མ་ཞུགས། ཕ་གི་མ་ཞུགས། འདའི་ཞུགས།
  • : འོ་འདུག་སེ་བྱས་སླེབས་ཡོང་གི་རེད། ཧ་གོ་སོང་ངས། ཁ་ལག་ཅིག་ཟ་དགོས་བྱུང་ན། འདི་ལ་ཕེབས། འདའི་སྐྱིད་ཀྱི་རེད་རེད་པཱ། འདའི་ཞུགས་འདའི་སྐྱིད་ཀྱི་རེད། རེད་པཱ།
  • : ཕ་གིར་སྐྱིད་པོ་མི་འདུག འདའི་སྐྱིད་ཀྱི་རེད། བྱས་ཙང་ཕ་གིའི། འདའི། འདི། ཕ་གི་ཟེར་དུས་ལྟ། ཕ་གིའི། འདའི། ང་ཚོ་ཁ་ལག་ཕ་གིར་ཟ་གི་མིན། འདའི་ཟ་གི་ཡིན། འདའི་སྐྱིད་པ་འདུག
  • : འདའི་སྐྱིད་པ་ཡོག་རེད། དེ་འདྲ་གི་འདའི་ཟེར་ཡག་གི་བེད་སྤྱོད་བྱེད་སྟངས་འདུག་སེ་སླེབས་པ་རེད། ལྟ་དེ་ནས་དེར་། ལྟ་དེར་ཟེར་གཅིག་པ་རེད། འདི་ར་ཅིག་སྣོན་པ་བརྒྱབ་སོང་། ར་ཅིག་སྣོན་པ་བརྒྱབ་སོང་། འོ་ཁེ་ས་བསྡད་ས་དེར།
  • : ཁེ་ས་བསྡད་ས་དེར། ཁ་ས་བསྡད་དེ་ད་ལྟ་མིག་གིས་མཐོང་ཡག་ཡོག་མ་རེད། མིག་གིས་མཐོང་ཡག་མེད་ཙང་། ཁེ་ས་བསྡད་ས་དེར། ཧ་གོ་སོང་ང་། ད་གིན་ལབ་ཚར་སོང་། དེ་སྒྲ་དེ་ཁེ་ས་ཁྱེད་རང་གིས་དེབ་ཉོས་པ་དེ།
  • : དེ་སྒྲ་བེད་སྤྱོད་བྱེད་སྟངས་གཅིག་པ་རེད། ཁེ་ས་བསྡད་ས་དེར། རེད་པ། སྐྱིད་པོ་མི་འདུག དེ་རིང་འདའི་ཞུགས། འདུག་སེ་བྱས་ན་སྐད་ཆ་ཏག་ཏག་ཚིག་ཁོ་ར་ཏག་ཏག་གོ་ཐུབ་ཀྱི་ཡོག་རེད།
  • : འོ་ལྟ་འདི་ཡིན་ན་ང་ཚོ་འདའི། ཕ་གིར་གཅིག་པ་རེད། ག་རེ། དེའི་ནང་ནས་ང་ཚོ་བོད་པ། བོད་པ་ཟེར་དུས་ཙམ་ལ་པ་དེ་ག་རེ་རེད་ཟེར་ན་བདག་སྒྲ་སྟོན་གྱི་ཡོག་རེད། མཁྱེན་སོང་ངམ།
  • : པ་དེས་བདག་སྒྲ་སྟོན་གྱི་ཡོག་རེད། དཔེར་ན་འདའི་ཡར་བོད་པ། བོད་པ་ཟེར་དུས་གང་ཟེར་གྱི་ཡོག་རེད་ཟེར་ན། འདིའི་པ་འདིས་མི་ལ་གོ་གི་ཡོག་རེད། མི་ལ་གོ་དུས་ཙམ་ལ། མི་ལ་གང་འདྲ་སེ་གོ་བ་རེད་ཟེར་ན།
  • : མི་ལ་གོ་སྟངས་འདི་བོད་ཟེར་དུས་ཙམ་ལ་ས་ཆའི་མིང་རེད། རེད་པཱ། བོད་ཟེར་དུས་ཙམ་ལ་ས་ཆ་རེད། འདིའི་འཁྲིས་ལ་པ་དེ་སྦྱར་དུས་བོད་ལ་བསྡད་མཁན་གྱི་བོད་པའི་མི། བོད་ལ་སྐྱེས་པའི་མི། ཤེས་སོང་ངམ། འོ་འདི་ཟེར་གྱི་ཡོག་རེད།
  • : བོད་ཀྱི་ས་ཆའི་སྒང་ལ་འཚོ་བ་སྐྱེལ། བོད་ལ་སྐྱེས། བོད་ལ་བསྡད་བྱས་བྱེད་མཁན་གྱི་མི་འདི་ལ་པ་དེ་སྦྱར་དུས་ཙམ་ལ་བོད་པའི་མི་འདི་ཟེར་གྱི་ཡོག་རེད།
  • : ཤེས་སོང་ངམ། འདི་འདྲས་ཞིག་ལ་པ་ཟེར་དུས་སྐབས་དེར་བོད་པ་ང་ཚོ་ཡིན་པ་བདག་སྒྲ་ལ་གོ་གི་ཡོག་རེད།
  • : ལྟ་དེ་ནས་ཡིན་ན། པས། འདིར་པས་འདུག པས་ཟེར་ཡག་འདི་སྤྱིར་བཏང་ཡང་ང་ཚོ་ག་པར་གོ་གི་རེད་ཟེར་ན། འདྲི་ཚིག་ལ་གོ་གི་རེད།
  • : འདྲི་ཚིག་ལ་གང་འདྲ་སེ་སླེབས་པ་རེད་ཟེར་ན། ཁ་ལག་ཟས་པས། ཁྲོམ་ལ་ཕྱིན་པས། གཉིད་ཁུག་པས། ཉལ་གསོ་བརྒྱབ་པས། ཡི་གེ་བྲིས་པས། ཡི་གེ་ཀློག་པས། གང་ག་སྐད་ཆ་དྲིས་ས་རེད།
  • : འོ། ཡི་གེ་ཀློག་པ་ཡིན། ཡི་གེ་བྲིས་པ་ཡིན། ཁྲོམ་ལ་ཕྱིན་པ་ཡིན། དེ་ཡིན་ན་ལན་བརྒྱབ་པ་རེད། བྱས་ཙང་པས་ཟེར་ཡག་དེ་སྤྱིར་བཏང་ནས་ང་རང་ཡིན་ན་སྐད་ཆ་བྲིས་པའི་འདྲི་ཚིག་ལ་གོ་གི་རེད།
  • : ལྟ་འདིར་ཡིན་ན་ལགས་འདུག ལགས་འདི་ང་ཚོས་བེད་སྤྱོད་མང་པོ་ཡོག་རེད། ང་རང་ཚོའི་མིང་གི་རྐུབ་ལ་སྦྱར་ན་ཞེ་ས་ཆགས་འགྲོ་གི་རེད།
  • : དཔེར་ན་ཆ་བཞག་ན། རྒན་ལགས། ཚེ་རིང་དབང་འདུས་ལགས། བཀྲ་ཤིས་ལགས། དེ་ཚོ་གང་ག་ཡིན་ན། ཟླ་བ་ལགས། བློ་བཟང་ལགས། འདི་མིང་གི་རྐུབ་ལ་ལགས་སྦྱར་ཕྱིན་པ་ཡིན་ན།
  • : ཞེ་ས་ཆགས་འགྲོ་གི་རེད། ལྟ་དེ་ནས་ཡང་དཔེར་ན་ཆ་བཞག་ན། ལགས་ཟེར་ཡག་འདི་གང་ག་ཞེ་ས་ལ་འགྲོ་གི་རེད་པས་ཟེར་ན། འགྲོ་གི་མ་རེད།
  • : ཡང་འདིའི་ནང་ལ་དཔེར་ན་ཆ་བཞག་ན་ལགས་ལ་འདི་གྲས་གཅིག་ཡོག་རེད། ང་དང་མི་གཅིག་སྐད་ཆ་བཤད། སྐད་ཆ་བཤད་བྱས་ངས་ཡག་པོ་གོ་མ་སོང་ན། ཡག་པོ་མ་གོ་ན།
  • : ཡང་བསྐྱར་གཅིག་བཤད་རོགས་བྱེད་ཟེར་ཡག་གི་སྐད་ཆ་དེའི་ཚབ་ལ་ག་རེ་ཟེར་ན། ལགས། ལགས་ལགས། ཟེར་གྱི་རེད། ཨཱ་འདི་ལགས་ཟེར་ལབ་པ་དང་ཕར་ཕྱོགས་ཀྱིས་ལམ་སེང་སྐད་ཆ་འདི་བཤད་སྐྱོར་བརྒྱབ་ཀྱི་རེད།
  • : འདི་ནི་ང་རང་ཚོ་ལགས་ཟེར་ཡག་འདི་ཡིན་ན་མ་གཞི་བྱས་ན་ཁོ་ཞེ་ས་རེད། ཞེ་ས་མ་བྱས་ན། ག་རེ་ག་རེ་ཡང་བསྐྱྲར་གཅིག་ཤོད་དང་། ཞེ་ས་བྱས་ན། ལགས་ལགས་ཡང་བསྐྱར་གཅིག་གསུངས་དང་།
  • : འདི་འདྲའི་བེད་སྤྱོད་ཡོག་རེད། ལགས་ཟེར་ཡག་འདི། ཤེས་སོང་ངམ། ལགས་ཟེར་ཡག་འདི་ང་ཚོ་ཡིན་ན་མིང་གི་རྐུབ་ལ་སྦྱར་བ་ཡིན་ན་ཞེ་ས་ལ་འགྲོ་གི་ཡོག་རེད།
  • : མིང་གི་རྐུབ་ལ་མ་སྦྱར་བ་བྱས། འཚམས་རེ་ཡིན་ན་ང་རང་ཚོ་ཡིན་ན་གཅིག་ཕར་ཕྱོགས་ཀྱིས་སྐད་ཆ་བཤད་པ་དེ་གོ་ལ་མ་གོ་དང་། ཡང་མིན་ན་ཧ་ལས་པ་གཅིག་དེ་འདྲའི་སྐབས་ལ་བེད་སྤྱོད་བྱེད་ཆོག་གི་ཡོག་རེད།
  • : སྐད་ཆ་བཤད། ཡག་པོ་གོ་མ་སོང་ན། ལགས། ལགས་ལགས། ཟེར་ཡག་གཅིག་ཡོག་རེད། འདི་ཡིན་ན། ལགས་ཀྱི་བེད་སྤྱོད་བྱེད་སྟངས་གཉིས་པ་དེ་རེད།
  • : མིང་གི་རྐུབ་ལ་རྒྱབ་ན་ཞེ་ས་བྱས། ཡང་ཡང་བསྐྱྲར་ཞིག་གསུངས་རོགས་ཞེས་སྐད་ཆ་གསལ་པོ་མ་བྱུང་བ་སྐབས་ལ་ལགས་དེ་བེད་སྤྱོད་བྱས་ན་ཕར་ཕྱོགས་ཀྱིས་ཡང་བསྐྱར་བཤད་ཀྱི་རེད།
  • : ཡང་དེ་ནས་མི་གཉིས་སྐད་ཆ་བཤད། ཕར་ཕྱོགས་ཀྱིས་སྐད་ཆ་ཧ་ལས་ཡག་སྐད་ཆ་ཞིག་བཤད་སོང་ན། ང་ཧང་སངས་སོང་ན། ལགས། ཨེ་འདྲས་རེད་པས། འདི་འདྲས་ཡང་བེད་སྤྱོད་བྱེད་ཡག་ཡོག་རེད།
  • : ལགས་ཨེ་འདྲས་རེད་པས། ཨེ་ཡིན། དངོས་འབྲེལ་རེད་པས། ཧང་སངས་ཡག་སྐད་ཆ་བཤད་སོང་ན། དཔེར་ན་ངའི་རོགས་པས་ཡིན་ན། ང་ཡཱ་འོ། ཚེ་རེང་དབང་འདུས་ལགས། ཨཱ་ནི་ང་ཚོའི་ཡིན་ན། རོགས་པ་མི་གཅིག་གཅིག་གཅིག་གིས་རྐུན་མ་བརྐུས་པ་རེད་ཟེར་གྱིས།
  • : ཟེར་དུས་ཙམ་ལ། ལགས། འོ་ཛི། མི་དེས་རྐུན་པ་བརྐུས་པ་རེད་ཨས། འོ་མི་དེས་ནམ་རྒྱུན་ཡག་པོ་ཞེ་དྲགས་ཡོག་རེད། ལགས། ཧ་ལས་པའི་བེད་སྤྱོད་བྱེད།
  • : མི་དེ་ནམ་རྒྱུན་ནས་རྐུན་མ་ཡིན་ན་ཧ་ལས་དགོས་ཡག་མི་འདུག ཧ་གོ་སོང་ངམ། ཁོ་ནམ་རྒྱུན་ནས་རྐུན་མ་རེད། ཨཱ་ནི། ལགས། ཟེར་དགོས་ཡག་མི་འདུག
  • : ཡིན་ནའི་ང་རང་ཚོའི་བསླབ་གྲགས་གཅིག་གཅིག་གཅིག་གིས། ཚོང་ཁང་ནང་ལོགས་ནས་དངུལ་རྐུན་པ་བརྐུས་པ་རེད་ཟེར་གྱིས། ཞེས་ལབ་སོང་ན། ང་ཨམ་ཅོག་གོ་སོང་།
  • : ངས་ཨམ་ཅོག་གོ་པ་དང་ང་ཧང་སངས་པ་རེད། ཧང་སངས་དུ་ཙམ་ལ་ངས་ལམ་སེང་ཁ་ནས་ཐོན་གྱི་རེད། ལགས། ལགས་འདི་འདྲས་འདོན་ཡོང་གི་རེད།
  • : བྱས་ཙང་འདི་ཡིན་ན་ལགས་བྱེད་སྤྱོད་བྱེད་སྟངས་གསུམ་པ་དེ་རེད། བྱས་ཙང་ཡིན་ན་ལགས་བེད་སྤྱོད་བྱེད་སྟངས་ཐོག་ལ་འདི་འདྲས་ཡོག་རེད།
  • : དེ་ནས་འདིའི་ནང་ཡིན་ན་དེབ་ཟེར་ཡག་དེ་ནི་ཤེས་ཀྱི་རེད། ང་ཚོ་ཡིན་ན་ཤེས་ཀྱི་རེད། དེབ་དེ་ཡིན་ན་དཔེར་ན་ཆ་བཞག་ན་སློབ་དེབ་ཡོག་རེད། འབྲི་དེབ་ཡོག་རེད། སྒྲུང་དེབ་ཡོག་རེད།
  • : བྱས་ཙང་དེབ་ཡིན་ན་ཁོ་རའི་ནང་དོན་དང་བེད་སྤྱོད་བྱེད་སྟངས་མི་འདྲ་བ་ལ་བརྟེན་ནས་སོ་སོ་སོའི་རྐུབ་ལ་མིང་གཞན་དག་རེ་འབྲི་གི་ཡོག་རེད།
  • : དེབ་ཟེར་ན་མིང་འདི་སྤྱི་མིང་ཆགས་བསྡད་ཡོག་རེད། ཧ་གོ་སོང་ང་། དེབ་དེ་སྤྱི་མིང་ཆགས་བསྡད་ཡོག་རེད། དེབ་གང་ག་ཡོད་ཚད་གང་ག་དེབ་རེད།
  • : རེད་ད་ཡིན་ནའི་དེབ་དེ་ག་རེའི་དེབ་རེད། ག་རེ་རེད་དེབ། སློབ་དེབ་རེད། ཡང་ན་ཡི་གེ་འབྲི་ཡག་གི་འབྲི་དེབ་རེད། ཡང་ན་སྒྲུང་དེབ་རེད།
  • : ཡང་ན་ལོ་རྒྱུས་ཀྱི་དེབ་རེད། ཤེས་སོང་ང་། ཡང་ན་རྒྱ་ཡིག་གི་དེབ་རེད། བོད་ཡིག་གི་དེབ་རེད། དབྱིན་ཇིའི་ཡི་གེའི་དེབ། དེབ་ལ་འདྲ་མིན་སྣ་ཚོགས་ཡོག་རེད།
  • : འོ་འདུག་སེ་བྱེད་སྤྱོད་བྱས་ན་འགྲིག་གི་ཡོག་རེད། ལྟ་དེ་བཞིན་དུ་ཞེ་ས་བྱས་ན་ཕྱག་དེབ་རེད།
  • : ལྟ་དེ་ནས་ཡིན་ན་དཔེ་ཆ་ཡོག་རེད། ལྟ་དཔེ་ཆ་ཟེར་ཡག་དེ་སྤྱིར་བཏང་ང་རང་ཚོས་ཡིན་ན། བོད་རིགས་ཀྱི་སྤྱིར་བཏང་མང་ཆེ་བས་ཡིན་ན། དཔེ་ཆ་ཟེར་དུས་ཙམ་ལ་ངེས་པར་དུ་ང་རང་ཚོས་སྔ་མོའི་ཆོས།
  • : འདི་གས་ཡིན་ན། སངས་རྒྱས་ཀྱི་ཆོས་དང་གཅིག་ལབ་པ་ཡིན་ན། བྲིས་བཞག་པ་འདི་ཚོ་ལ་དཔེ་ཆ་ཟེར་གྱི་རེད། འདི་འདྲ་ཞིག་ལ་གོ་གི་ཡོག་རེད།
  • : དཔེར་ན་ཆ་བཞག་ན། འདིའི་ཡག་ག་རེ་ཟེར་གྱི་ཡོག་རེད་ཟེར་ན། ཕ་གི་ཡ་དཔེ་ཆ་ཞིག་འདུག་ཟེར་གྱི་ཡོག་རེད། དེབ་འདུག་ཟེར་གྱི་མ་རེད།
  • : ལྟ་འདི་ཡ་ག་རེ་ཟེར་གྱི་ཡོག་རེད་ཟེར་ན། འདི་ཡ་དེབ་ཟེར་གྱི་ཡོག་རེད། ཡིན་ནའི། དཔེར་ན་ཆ་བཞག་ན། ངའི་བསམ་བློ་བྱས་པ་ཡིན་ན། འདིའི་ལའང་དཔེ་ཆ་ལབ་ན་འགྲིག་གི་རེད་བསམ་གྱི་འདུག
  • : འགྲིག་གི་རེད་བསམ་གྱི་འདུག་ཟེར་ཡག་གི་རྒྱུ་མཚན་ག་རེ་ཟེར་ན། ལྟ་དེང་སང་དེ་ང་ཚོའི་སྔ་མོའི་ཤིང་གི་ཐོག་ནས། ཤིང་པར་གི་ཐོག་ནས་པར་བརྒྱབ་བཞག་པ།
  • : ཤོག་བུ་འདུག་སེ་བྱས་ཁ་ཕྱེ་ཡག་ཡོག་རེད། ལྟ་དེང་སང་ཡིན་ན་ཁོ་འཕྲུལ་འཁོར་མང་པོ། འཕྲུལ་ཆས་བྱས་ཚན་རིག་ཡག་ཏུ་ཕྱིན། དེ་བྱེད་དུས་ཙམ་ལ་སྔ་མོའི་དཔེ་དེ་ཚོ་ཡང་བསྐྱར་དེབ་འདི་འདྲས་སྒང་ལ་པར་བརྒྱབ་ཀྱི་ཡོག་རེད།
  • : དཔེར་ན་འདི་ཡིན་ན་བཀའ་བསྒྱུར་པོད་དང་པོ་དེ་ང་ཚོ་དེང་སང་དེབ་སྒང་ལ་པར་བརྒྱབ་ཡོང་གི་ཡོག་རེད། འདི་པར་རེ་བརྒྱབ་ཡོང་དུས་ཙམ་ལ་ཨཱ་ནི་ག་རེ་བྱེད་ཀྱི་ཡོག་རེད།
  • : ཁོ་ཡིན་ན་ནང་དོན་འདི་དང་གཅིག་པ་རེད། ཡིན་ནའི་འདི་ནི་ཡིན་ན་ག་རེ་ཟེར་གྱི་ཡོག་རེད། དེབ་ཟེར་གྱི་ཡོག་རེད། དཔེ་ཆ་ཟེར་གྱི་ཡོག་མ་རེད། རེད་མ་རེད།
  • : བྱས་ཙང་ངས་ཡིན་ན་དམངས་ཁྲོད་ནང་ལོགས་ལ་དེབ་ཟེར་དུས་ཙམ་ལ་འདའི་ཟེར་གྱི་ཡོག་རེད། དཔེ་ཆ་ཟེར་དུས་ཙམ་ལ་འདའི་ཟེར་གྱི་ཡོག་རེད།
  • : ཡིན་ནའི་ངས་བལྟས་པ་ཡིན་ན། འདི་ཡང་དཔེ་ཆ་ཞེས་ལབ་ན་མ་འགྲིག་པ་མ་རེད། འགྲིག་གི་རེད་བསམ་གྱི་འདུག ག་རེ་རེད་ཟེར་ན་སྔ་མའི་དཔེ་ཆ་འདིའི་བཟོ་ལྟ་འདི་འདྲས་ཤིག་རེད།
  • : དེང་སང་འདི་འདྲས་གཅིག་སྒང་ལ་པར་བརྒྱབ་བཞག་ཡོག་རེད། ཁོའི་ནང་དོན་འདི་དང་གཅིག་པ་རེད། ཨཱ་ནི་འོ་ན་འདི་དཔེ་ཆ་མ་རེད་ཞེས་ལབ་དགོས་ཀྱི་རེད་དམ།
  • : ལབ་ཐུབ་ཀྱི་མ་རེད། རེད་པཱ། རེད་མ་རེད། བྱས་ཙང་འདིའི་སྒང་ལ་ང་ཚོས་དགོངས་བཞེས་བྱས་ན་འགྲིག་གི་རེད། ནང་དོན་ཐོག་ནས་གཅིག་པ་རེད། བྱས་ཙང་ཁོ་རའི་ཁྱད་པར་དེ་འདི་འདྲས་ཤིག་ཡོག་རེད།
  • : ལྟ་དཔེ་ཆའི་ཞེ་ས་ལ་ཕྱག་དཔེ་ཡོག་རེད། དེ་ནས་ཡིན་ན་སྨྱུ་གུ ཕྱག་སྨྱུག ཞེས་ས་བྱས་ན་ཕྱག་སྨྱུག་རེད། བྱས་ཙང་སྨྱུ་གུ་ཟེར་ཡག་དེ་གང་འདྲ་རེད་ཟེར་ན། ང་ཚོ་བོད་ཀྱི་སྨྱུ་གུ་དང་པོ་ཐོག་མར་སྨྱུ་གུ་དེ་གང་འདྲ་སེ་རེད་ཟེར་ན།
  • : ང་ཚོ་བོད་ཀྱི་འདི་ཚོ་གང་ག་སྨྱུག་མས་བཟོ་གི་ཡོག་རེད། སྨྱུག་མ། སྨྱུག་མ་ཤེས་ཀྱི་རེད་པ། སྨྱུག་མ་བེད་སྤྱོད་བྱེད་ཀྱི་ཡོག་རེད།
  • : སྨྱུག་མ་ཡིན་ན་ཁ་བཟོས་བྱས་སྣག་ཚ་སྨོག་བྱས་ཡི་གེ་བྲིས་ཀྱི་ཡོག་རེད། བྱས་ཙང་ཁོ་སྨྱུ་གུ་སྨྱུ་གུ་སེ་ཟེར་གྱི་ཡོག་རེད།
  • : ལྟ་དེང་ཡང་ཁོ་ཡིན་ན་ཡང་གང་ཟེར་དགོས་ཀྱི་རེད། སྤྱི་ཚོགས་འཕེལ་རྒྱས། ཚན་རིག་ཡར་རྒྱས་ཕྱིན་བྱེད་དུས་ཙམ་ལ་ཁོ་ཡིན་ན་སྔ་མོའི་ང་ཚོའི་དཔེར་ན་སྨྱུ་གུ་སྨྱུག་མས་འབྲི་ཡག་གི་འདི་དེང་སང་འབྲི་ཡག་ཡོག་མ་རེད།
  • : དེང་སང་ཡིན་ན་ལྟ་རྩ་བ་ཆ་ནས་སྟོང་། གང་ཟེར་བ་རེད། སྟོང་ཚར་པའི་བཟོ་ཕྱིན་ཡོད། དེང་སང་ང་ཚོ་ཡིན་ན་སྨྱུ་གུ་ཕ་གིར་ལྕགས་ཀྱི་སྨྱུ་གུ་རེད་པ། ཁོ་ར་སྣག་ཚ་འདིའི་ནང་དུ་བླུགས་ཡག་ཡོད་པ་རེད།
  • : ཡིན་གཅིག་མིན་གཅིག་ཕ་གིར་ཡི་གེ་འབྲི་ཐེངས་རེ་རེར་སྣག་ཚ་སྨོག་བྲིས་བྱེད་དགོས་ཀྱི་མ་རེད། ཁོ་རའི་ནང་དུ་བླུགས་བྱས་འདི་འབྲི་གི་ཡོག་རེད།
  • : འདི་ཚོ་ཡིན་ན། ལྕགས་སྨྱུག་ཟེར་ཡག་དེ་འདྲས། ཞ་སྨྱུག་ཟེར་ཡག་ཨེ་འདྲས། དེ་འདྲས་ཡོག་རེད། རྩ་བ་ཆ་ནས་སྨྱུ་གུ་སྨྱུ་གུ་ལབ་ཀྱི་ཡོག་རེད།
  • : དཔེར་ན་སྔས་མ། སྔ་མོ་སྔ་མོ་ཕྱི་རྒྱལ་ལ་ངས་གློག་བརྙན་ནང་མཐོང་གི་འདུག་རེད་པཱ། ཕྱི་རྒྱལ་ལ་ཡི་གེ་ག་རེས་འབྲི་གི་ཡོག་རེད།
  • : བྱ། ནམ་མཁའི་བྱ། བྱའི་སྒྲོ། བྱའི་སྒྲོས་ཡི་གེ་བྲིས་ཀྱི་ཡོག་རེད། ང་ཚོ་ཡིན་ན་བོད་རིགས་ཡིན་ན་སྤྱང་པོ་སོང་ཙང་སྨྱུ་གུས་འབྲི་གི་ཡོག་རེད།
  • : ཁོ་སྨྱུ་གུ་འདི་གང་རེད་ཟེར་ན་ཁོག་སྟོང་རེད། ཁོ་ཡིན་ན་ཁ་བཤགས་ཡག་ཡོག་རེད། ཁོ་སྣག་ཚ་སྨོག་པ་ཡིན་ན་སྣག་ཚ་ཡག་པོ་ཞེ་དྲགས་བསྡད་ཐུབ་ཀྱི་རེད།
  • : བསྡད་བྱས་ཡི་གེ་བྲིས་ན་ཡི་གེ་བཟོ་ལྟ་ཡག་པོ་ཆགས་ཞེ་དྲགས་ཆགས་ཀྱི་ཡོག་རེད། ཕྱི་རྒྱལ་ཡིན་ན་སྔ་མོ་ཡི་སྔ་མོ་དེ་ཚོའི་གྲས་མེད་པའི་སྐབས་ལ། ཡི་གེ་ག་རེས་འབྲི་གི་ཡོག་རེད་ཟེར་ན།
  • : ཡི་གེ་ཡིན་ན་བྱའི་སྒྲོས་འབྲི་གི་ཡོག་རེད། རྒྱ་རིགས་ཡིན་ན་ཡི་གེ་ག་རེས་འབྲི་གི་ཡོག་རེད། རྒྱ་མི་ཡིན་ན་སྨྱུག་མའི་དེ་ལ་ཕག་པའི་སྤུ་དང་འདི་འདྲས་ཡིན་ན་སྤུ་བཙུགས་བྱས།
  • : སྤུས་སྣག་ཚ་སྨོག་བྱས་ཡི་གེ་བྲིས་ཀྱི་ཡོག་རེད། ཨཱ་ནི་སྤུ་སྨྱུག་ཟེར་གྱི་ཡོག་རེད། མོའོ་བི་ཟེར་གྱི་ཡོག་རེད་པ། ཨཱ་ནི་ཕྱི་རྒྱལ་གྱིས་ཡི་གེ་འབྲི་ཡག་དེ་ག་རེ་ཟེར་དགོས་ཀྱི་རེད།
  • : སྒྲོ་སྨྱུག་ཟེར་བ་རེད། བྱ་དེའི་སྒྲོའི་སྨྱུ་གུ་རེད་པ། བྱས་ཙང་གི་འདི་འདྲས་སེ་ཡོག་རེད། བྱས་ཙང་སྨྱུ་གུ་ཟེར་ཡག་དེ་ང་ཚོ་འདི་འདྲས་ཤིག་ལ་གོ་ན་འགྲིག
  • : གཤམ་ལ་སྨྱུག་མ་རེད། ལྟ་སྨྱུག་མ་ཤེས་ཀྱི་རེད། ལྟ་དེ་ནས་ཡིན་ན་ཀར་ཡོལ། ལྟ་ཀར་ཡོལ་ཟེར་ཡག་དེ་ང་རང་དེ་འདྲས་རེད། ང་རང་ཚོའི་ཇ་འཐུང་ཡག་གི་ཀར་ཡོལ།
  • : ཇ་འཐུང་སའི་ཀར་ཡོལ། ཁ་ལག་ཟ་སའི་ཀར་ཡོལ། ཀར་ཡོལ་དེ་འདྲས་ཡོག་རེད། རྩ་བ་ཆ་ནས་ང་ཚོ་ཡིན་ན་ཕོར་པ་རེད། དཔེར་ན་ཆ་བཞག་ན་ལྟོ་ཆས་ཟ་ཡག་གི་སྣོད་ཆས་ལ་རིགས་མི་འདྲ་བ་མང་པོ་ཡོག་རེད།
  • : ད་ལྟའི་ཕོར་པ་ཟེར་ཡག་འདི་རྩ་བ་ཆ་ནས་ག་པར་གོ་གི་ཡོག་རེད་ཟེར་ན། ང་ཚོ་བོད་ཀྱིས་ཤིང་གི་ཕོར་པ་འདི་འདྲས་ལ་གོ་བ་བྱེད་ཀྱི་ཡོག་རེད།
  • : ཡིན་ནའི་དངོས་གནས་བྱས་ན་ལྟོ་ཟ་ཡག་གི་སྣོད་འདི་ལ་ཕོར་པ་ཟེར་གྱི་ཡོག་རེད་པཱ། ཡིན་ནའི་ལྟ་ད་ལྟ་མང་ཆེ་བས་ཕོར་པ་ལབ་དང་ཡིན་གཅིག་མིན་གཅིག་གིས་ཤིང་གིས་བཟོས་པའི་ལྟོ་ཟ་སའི་སྣོད་འདི་ལ་ཡ་ཕོར་པ་སེ་བྱས་ཟེར་དགོས་ཀྱི་ཡོག་རེད།
  • : ལྟ་ཁོ་ཤིང་ཕོར་རེད་པ། ཤིང་གི་ཕོར་པ་ཡོག་རེད། ཨཱ་ནི་ང་ཚོ་བོད་ལ་ཡིན་ན་ཀོ་བས་བཟོས་པ་ཡོག་རེད། ཐང་ཁུག་ཡོག་རེད། ཀོ་ཡིས་བཟོས་པ་རེད་པ།
  • : ལྟ་ཕ་གིར་ལུག་གི་ལུག་ལྤགས་ཀྱིས་བཟོས་བཞག་པའི་ནང་རྩམ་པ་བླུགས་སྤགས་བཟའ་ཡག་ཡོག་རེད། འདི་འདྲས་མང་པོ་ཞེ་དྲགས་ཡོག་རེད། ཀོ་བ་ཡི་ཐ་ཕག་ཡོག་རེད།
  • : ང་ཚོ་བོད་ལ་ཡིན་ན་སྔ་མོ་ཀོ་བ་ཡི་ཐ་ཕག་ཡོག་རེད། ཀོ་བས་བཟོས་པའི་ཐ་ཕག་བྱེད་སྤྱོད་བྱེད་ཀྱི་ཡོག་རེད། ཐོག་མར།
  • : བྱས་ཙང་ད་ལྟའི་འདི་ལ་ཀར་ཡོལ་ཟེར་ཡག་དེ་ཁོ་ལོ་རྒྱུས་ནང་ལོགས་ལ་འདི་འདྲས་ཤིག་ཡོག་རེད། ལྟ་ངས་བལྟ་མྱོང་ཡང་ཞིབ་ཕྲའི་གསལ་པོ་ཞེ་པོ་རང་། ཕ་གིར་ཞིབ་ཤིང་ཕྲ་བ་བཤད་ཡག་མི་འདུག
  • : ངས་ཕ་གིར་ལོ་རྒྱུས་དེ་རོབ་ཙམ་ཞིག་ཁྱེད་རང་ཚོར་བཤད་ན་འགྲིག་གི་རེད། སྔར་ཡིན་ན། སྔ་མོ་སྔ་མོ་ཞིག་ལ་བོད་ཀྱི་རྒྱལ་པོ་གཅིག་ཡོག་རེད།
  • : བོད་ཀྱི་རྒྱལ་པོ་ཁོང་ཡིན་ན་ཕྲན་བུའི་སྙུང་གཞི་ཕོགས་བྱས་བཞུགས་བྱས་ཉ་མོ་གཅིག་གིས་ཁོ་རང་གི་རྒྱལ་ཚང་། རྒྱལ་པོའི་ཁབ། ཁང་པ། ཁང་པའི་ཐོག་ཁར་བར་འཁྱམས་ལ་ཁོ་རང་སྤྲོ་གསེང་ལ་ཐོག་ཁར་ཕེབས་པ་རེད།
  • : སྤྲོ་གསེང་ལ་ཐོག་ཁའི་སྒང་ལ་ཕེབས་དུས་ཙམ་ལ། ཉིན་མ་གཅིག་ཐོག་ཁའི་གཡབ་ཀྱི་སྒང་ལ་བྱ་ཞིག་འཕིར་ཡོང་བ་རེད།
  • : བྱ་ཞིག་འཕིར་ཡོང་བྱས་བྱ་དེ་ཁ་ལ་ག་རེད་ཁྱེར་ཡོག་རེད་ཟེར་ན། ལོ་མ་ཞིག་ཁྱེར་ཡོག་རེད། དེ་རྒྱལ་པོས་ལྟ་དེ་ཁྱད་མཚར་ཡ་མཚན་པོ་ཞེ་དྲགས་བྱུང་བ་རེད།
  • : དེ་ནས་ཡང་སང་ཉིན་འདའི་ལ་ད་ག་སླེབས་པ་རེད། འདི་སླེབས་སུ་ཙམ་ལ་རྒྱལ་པོས་བྱ་དེའི་ཁ་ལ་ཡོད་པའི་ཟིན་བརྡད་པའི་ལོ་མ་འདི་ཚུར་ལེན་བྱས།
  • : ཁོ་རང་གི་ཁའི་ནང་ཅག་ཅག་བྱས་པ་རེད། ཅག་ཅག་བྱེད་དུས་ཙམ་ལ་འདི་ཁྱད་མཚར་ཞིམ་པོ་ཞེ་པོ་འདུག ཁོང་གི་སྙུང་གཞི། ཁོང་གི་ན་ཚ་ཡང་ཕ་གིར་ཡང་དྲག་ཏུ་ཕྱིན་བྱས།
  • : གཟུགས་པོ་ཡིན་ན་སྙིང་སྟོབས་སླེབས་པ་རེད། ཨོའོ་འདི་དངོས་གནས་ཡག་པོ་འདུག ཡ་མཚན་པོ་འདུག་བསམ་བྱས་ཁོ་རང་གི་གཤམ་འོག་ལ་ཡོད་པའི་བློན་པོ་ལ་བྱ་འདི་ངར་འདི་འདྲས་ཤིག་བྱུང་སོང་།
  • : འདི་ག་པར་ཡོད་ནའི། བྱ་འདི་ག་པར་ཡོད་ནའི་ཁྱེད་རང་ཚོས་ངེས་པར་དུ་ཐབས་ཤེས་བཏང་བྱས། འཚོལ་བྱས་ངའ་རྩར་ལ་ཁྱེར་ཡོང་དགོས་ཀྱི་ཡོད་བྱས་བྱས་བཀའ་བཏང་བ་རེད།
  • : དེ་བཀའ་བཏང་དུས་ཙམ་ལ་ལྟ་རྒྱལ་པོས་བཀའ་བཏང་ན་མ་འགྲུབ་རང་འགྲུབ་རེད་པ། བྱས་ཙང་བློན་པོས་རྒྱལ་པོའི་བཀའ་བཞིན་བྱ་འཚོལ་བར་ཕྱིན་པ་རེད།
  • : བྱ་དེ་འཚོལ་དུ་ཕྱིན་ཕྱིན་ཕྱིན་ནས་ལྟ་རྦད་དེ་ས་ཐག་རིང་པོ། དུས་ཡུན་ཟླ་བ་མང་པོ་མང་པོ་ཕྱིན་ནས། ཕྱིན་པའི་མཐར་ག་པར་སླེབས་ཡོག་རེད་ཟེར་ན།
  • : ཆུ་ཆེན་པོ་ཞིག་བརྒྱབ་དགོས་ཀྱི་ཡོག་རེད། དེའི་ཕ་རོལ་ལ་ཤིང་ནགས་སྔོ་ཐིང་ཐིང་བྱས་བསྡད་བསྡད་པ་གཅིག་ཐུགས་པ་རེད།
  • : དེ་འདྲས་ཤིག་མཐོང་དུས་ཙམ་པ་ལྟ་ཕལ་ཆེར་ངར་དགོས་ཡག་གི་ལོ་མ་དེ་ཕལ་ཆེར་ལྟ་ཕ་གིར་ཡོད་པ་འདྲ་བསམ་པའི་བསམ་བློ་དེ་ཡོད་དུས་ཙམ་པ།
  • : མི་དེས་ཆུའི་ཕ་རོལ་ལ་ཕར་ཕྱོགས་ངོགས་ལ་ཕྱིན་པ་རེད། ཆུའི་ཕ་རོལ་ལ་ཕར་ཕྱོགས་ངོགས་ལ་ཕྱིན་བྱས་གཅིག་ལྟ་དུས་ཙམ་ལ་ཏག་ཏག
  • : ཏག་ཏག་རྒྱལ་པོས་སྤྲད་པའི་ལོ་མ་འདི་དང་ཕ་གིར་ཡོད་པའི་ལོ་མ་འདི་གཅིག་པ་གཅིག་རྐྱང་རེད། ཨོའོ་མི་དེ་ཧ་ཅང་གིས་དགའ་པོ་བྱུང་བྱས་ཡིན་ན། ལྟ་ཡག་པོ་ཞེ་པོ་གཅིག་བྱུང་སོང་།
  • : སྟབས་ཡག་སོང་། ལྟ་ང་ཡིན་ན་ལོ་མ་རྙེད་སོང་རེད་པ། ཁོང་རང་ལོ་མ་འཁྱེར་ཡག་གྲ་སྒྲིག་བྱེད་དགོས་རེད། ཁོ་རང་བསམ་བློ་ཞིག་བཏང་དུས། ཡཱ་ངས་ཉུང་ཉུང་ཞིག་འཁྱེར་ཕྱིན་པ་ཡིན་ན།
  • : རྒྱལ་པོས་ང་ཡང་བསྐྱར་ལེན་དུ་བཏང་གི་རེད་བྱས་བྱས། ཁོ་རང་བསམ་པར་ངས་མང་པོ་འཁྱེར་ཨ་བསམ་བློ་བཏང་བའི་སྐབས་ལ་གློ་བུར་དུ་ཤ་བ་ཞིག་སླེབས་པ་རེད།
  • : ཤ་བ་དེ་སླེབས་དུས་ཙམ་ལ་ཡིན་ན་ཁོ་རང་དེ་ཆོས་འདྲ་པོ་ཞིག་འདུག གཅིག་སྒྲུང་ཟེར་བ་རེད་པས། གང་ཟེར་གོ་རེད། ལྟ་ཁོ་རང་དངོས་ཡོད་གནས་ཚུལ་བོད་ཀྱི་ལོ་རྒྱུས་ཐོག་ཡོག་རེད།
  • : བྱས་ཙང་ཤ་བ་ཞིག་སླེབས། ཤ་བ་ཞིག་སླེབས་བྱས་ཨོའོ་ལྟ་ཡག་པོ་བྱུང་སོང་རེད་པ། ཨཱ་ནི་ཁོང་གིས་ལོ་མ་མང་པོ་བཀོག་བྱས་དེ་ཤ་བའི་སྒལ་པའི་སྒང་ལ་བརྒྱབ་བྱས་ཁོང་བོད་ལ་ཡར་རྒྱལ་པོ་རྩར་ལ་ཡོང་བ་རེད།
  • : རྒྱལ་པོ་རྩར་ལ་སླེབས་ནས་རྒྱལ་པོར་ཡར་ལོ་མ་དེ་ཕུལ་བ་རེད། ལོ་མ་དེ་ཕུལ་ནས་རྒྱལ་པོས་ལྟ་དུས་ཙམ་ལ་ཏག་ཏག་བྱ་དེས་འཁྱེར་ཡོང་བའི་ལོ་མ་དེ་ད་ག་རང་རེད་ཤག
  • : བྲོ་བ་དང་དེ་ཚོ་གང་ག་ད་ག་རེད་ཤག ཡཱ་འདི་འཐུང་ཡག་དེ་སྣོད་ཆས་ཡག་པོ་ཤིག་དགོས་ཀྱི་འདུག་བསམ་བྱས། གཞི་ནས་གཅིག་གང་ཟེར་དགོས་ཀྱི་རེད་རྒྱལ་པོས་བསམ་བློ་བཏང་ནས་རྡོ་དཀར་པོ་ཨེ་འདྲས་དང་།
  • : རྡོ་རིན་པོ་ཆེ་ཨེ་འདྲས་རྫོག་གི་ཡོད་ནའང་འདྲ། མེ་བཀྲག་བཏང་བྱས་ཐབས་ཤེས་བཏང་ནས་ཀར་ཡོལ་བཟོ་ཡག་གི་འགོ་དེ་ཚུགས་པ་རེད།
  • : ཡར་ཡོལ་དེ་བཟོས་ནས་ཀར་ཡོལ་དེའི་སྒང་ལ་རི་མོ། རི་མོ་ག་རེད་བརྒྱབ་ཡོད་ཟེར་ན། རི་མོར་དེར་བྱ་ཞིག་གི་ཁ་ལ་ལོ་མ་འཁྱེར་བསྡད་པའི་རི་མོ་ཞིག་བརྒྱབ་བཞག་ཡོག་རེད།
  • : ཀར་ཡོལ་དེ་བོད་ཀྱི་ཀར་ཡོལ་དང་པོ་དེ་རེད། བྱས་ཙང་ཀར་ཡོལ་དེའི་མིང་ལ་ཀར་ཡོལ་བྱ་ལོ་ཅན་ཟེར་གྱི་ཡོག་རེད།
  • : ཀར་ཡོལ་དེ་ཕལ་ཆེར་ལོ་སྟོང་ཕྲག་ཕྱིན་ཡོག་རེད། མང་པོ་ཕྱིན་ཡོག་རེད། བྱས་ཙང་ཀར་ཡོལ་དེ་དེང་སང་མཐོང་ཡག་ཡོག་མ་རེད།
  • : བྱས་ཙང་ཀར་ཡོལ་དེ་དེང་སང་མཐོང་ཡག་ཡོག་མ་རེད། ཡིན་ནའི་བོད་ལ་མཐོང་ཡག་ཡོད་པའི་ཀར་ཡོལ་གང་ག་རྒྱ་ནག་གི་ཀར་ཡོལ་ཤ་སྟག་རེད།
  • : གང་ཡིན་ཟེར་ན། ཡར་ཡོལ་གྱི་རྐུབ་ལ་རྒྱ་ཡིག་གི་བརྒྱབ་ཡོག་རེད། ཐལ་རྩེ་བརྒྱབ་ཡོག་རེད། རྒྱ་ནག་གི་དཀར་ཡོལ་ཤ་སྟག་རེད།
  • : བྱས་ཙང་བོད་རིགས་མང་པོ་ཞིག་གིས་ཨོའོ་འདི་བོད་ལ་ཀར་ཡོལ་བཟོ་གི་ཡོག་མ་རེད། སྔ་མོ་ནས་ཡོག་མ་རེད། ཀར་ཡོལ་གང་ག་རྒྱ་ནག་ནས་སླེབས་པ་རེད།
  • : རྒྱ་ནག་ནས་སྔ་མོ་བོད་ལ་ཡར་ཁྲལ་བརྒྱབ་པ་རེད། བོད་དེ་སྔས་མ་སྟོབས་ཆེན་པོ་ཡིན་པ་སྐབས་ལ་ཨཱ་ནི་རྒྱ་ནག་ནས་བོད་ལ་ཁྲལ་བརྒྱབ་རྒྱོག་རེད་ཟེར་བྱས།
  • : བོད་ཀྱི་ལོ་རྒྱུས་སྒང་ལ་དེ་འདྲས་ཡོག་རེད། བྱས་ཙང་དེ་ལ་ཡིན་ནའི་དེ་འདྲ་མ་རེད། ང་ཚོ་བོད་ལ་ཀར་ཡོལ་ཐོག་མ་འབྱུང་ཁུངས་དེ་ངས་བཤད་པ་ནང་བཞིན་དེ་འདྲ་གཅིག་བྱུང་བཞག
  • : ལྟ་ཡིན་ནའི་ཁྱེད་རང་ཚོ་ཞིབ་ཕྲ་མཁྱེན་འདོད་ཡོད་ན་བོད་ཀྱི་ལོ་རྒྱུས་མང་པོ་ནང་ལ་བྲིས་ཡོག་རེད། ལོ་ག་ཚོད་ཡིན་དང་། རྒྱལ་པོ་སུའི་སྐབས་ལ་ཡིན་དང་། གང་འདྲ་སེ་ལེན་ག་ཕྱིན་པ་ཡིན་དེ་ཚོ་གང་ག་ཡིན་ན་བོད་ཀྱི་ལོ་རྒྱུས་ཀྱི་ནང་ན་ཡོག་རེད།
  • : བྱས་ཙང་ཁྱེད་རང་ཚོ་འདི་འདྲས་ནང་ལ་བལྟས་ན་འགྲིག་གི་རེད། འོ་ཡ་ལྟ་འདི་ང་རང་ཚོ་འདི་འདྲས་རེད་ཟེར། ལྟ་ཀར་ཡོལ་ཟེར་བ་དེ་བྱས་ཀར་ཡོལ་གྱི་ཞེ་ས་ནི་ཞལ་ཀར་རེད།
  • : འ་ལྟ་དེ་ནས་ཡིན་ན་ཕོར་པ། ཕོར་པ་ངས་བཤད་ཚར་སོང་། དེ་ནས་ཡིན་ན་ས་ཁྲ། ས་ཁྲ་ནི་ཤེས་ཀྱི་རེད་པ། ས་ཁྲ་འགྲེལ་བཤད་བརྒྱབ་དགོས་ཀྱི་མི་འདུག
  • : ཇ། ཇ་ཤེས་ཀྱི་རེད། ང་ཚོ་བོད་རིགས་ཀྱིས་ཇ་བསུབ་མ། ཇ་ཐང་། འོ་ཇ། རུལ་ཇ། རེད་པཱ། ཇ་མང་པོ་ཡོག་རེད། ཇ་མངར་མོ། ཤེས་སོང་ངམ། དེ་འདྲས་ཡོག་རེད།
  • : འདི་ཚོ་ཡིན་ཁྱེད་རང་ཚོས་ག་ལེར་ག་ལེར་ཤེས་ཀྱི་རེད། དེ་ནས་ཡིན་ན་ཆང་ཡོག་རེད། ཆང་ཟེར་ཡག་དེ་ང་ཚོ་གཙོ་བོ་གང་འདྲ་སེ་བྱུང་བ་རེད་ཟེར་ན།
  • : ཆང་ཟེར་ན་ང་ཚོ་བོད་ཀྱི་འབྲུ་རིགས། བོད་རིགས་ཀྱི་རྩམ་པ། བོད་རིགས་ཡིན་ན་ག་རེད་ཟེར་ན། བོད་རིགས་བཟའ་ཡག་གི་འབྲུ་རིགས་ཀྱི་གཙོ་བོ་ག་རེད་ཟེར་ན་རྩམ་པ་རེད།
  • : ལྟ་བོད་པས་བཟའ་ཡག་གཙོ་བོ་རྩམ་པ་རེད། རྩམ་པ་འདི་ག་ནས། གང་འདྲ་སེ་བཟོ་གི་ཡོག་རེད་ཟེར་ན། འབྲུ་བཏབ་བྱས་ཡོང་གི་ཡོག་རེད།
  • : བྱས་ཙང་ཆང་འདིའང་ག་རེད་བཟོ་གི་ཡོག་རེད་ཟེར་ན། འབྲུས་བཟོ་གི་ཡོག་རེད། དེའི་མིང་ལ་འབྲུ་ཆང་ཟེར་གྱི་ཡོག་རེད།
  • : དེ་ཆང་དེ་ཆང་ཞིམ་པོ་ཞེ་དྲགས་ཡོག་རེད། གཟུགས་པོ་ཡིན་ན་མང་པོ་བཏུང་ན་ར་བཟི་གི་རེད། གནོད་ཀྱི་རེད། ཡིན་ནའི་ཉུང་ཙམ་བཏུང་ན་སྨན་ལ་འགྲོ་གི་རེད།
  • : ཕན་ཐོགས་ཡོག་རེད། གཟུགས་པོ་ལ་ཡིན་ན་གཟུགས་པོ་ལ་ཕན་ཐོགས་ཆེན་པོ་ཞེ་དྲགས་ཡོག་རེད། ང་རང་ཚོ་གང་ཟེར་དགོས་ཀྱི་ཡོག་རེད། རླུང་ལ་ཕན་ཡག གཟུགས་པོ་སྟོབས་སྐྱེས་ཡག་དང་།
  • : དེ་འདྲས་ག་རེ་ཡིན་ནའི་ཕན་པ་ཞེ་དྲགས་ཡོག་རེད། བྱས་ཙང་ཉུང་ཙམ་བཏུང་ན་སྨན་ལ་རེད། མང་པོ་བཏུང་ན་གང་ཟེར་དགོས་ཀྱི་རེད་ར་བཟི། གནས་ཚུལ་མང་པོ་ལྷགས་ཡོང་གི་རེད།
  • : བྱས་ཙང་ཆང་ཟེར་ཡག་དེ་ང་ཚོ་བོད་ཀྱི་དམིགས་བསལ་གྱི་ཁྱད་ཆོས་ལྡན་པ་ཞིག་རེད། ལྟ་ལུང་པ་གཞན་དག་ལ་ཡིན་ན་ཨ་རག་ཡོག་རེད། སྦི་ཡཱ་ཡོག་རེད། ཨ་རག་དཀར་པོ་ཡོག་རེད།
  • : ཨ་རག་མངར་མོ་ཡོག་རེད། དེ་ནས་སྦི་ཡཱ་ཡོག་རེད། ང་ཚོ་བོད་རང་ལ་ཡིན་ན་ཆང་ཡོག་རེད། དེ་ནས་བོད་ལ་བོད་རག་ཡོག་རེད། བོད་རག་འདའི་ག་རེས་བཟོ་གི་ཡོག་རེད་ཟེར་ན།
  • : འབྲུ་བཟོ་གི་ཡོག་རེད། ལྟ་བོད་རག་དེ་ཧ་ཅང་གི་གཙང་མ་ཞེ་པོ་ཡོག་རེད། ལྟ་མ་གཞི་བྱས་ན་ཨ་རག་གཞན་དང་གཙང་མ་ཡོད་ཀྱི་རེད། ཡིན་ནའི་ང་ཚོ་བོད་ཀྱི་ཨ་རག་དེ་ག་རེས་བཟོ་གི་ཡོག་རེད་ཟེར་ན།
  • :ཨ་རག་དེ་ཡར་བསྐོལ། བསྐོལ། བསྐོལ་བྱས་ཁོའི་རླངས་པའི་ཆུ་དེ་སྒུག་བྱས། རླངས་པའི་ཆུ་དེ་སྒུག་བྱས་འདི་མང་པོ་བསགས་བྱས། འདི་བཏུང་གི་ཡོག་རེད།
  • : འདི་ཡིན་ན་ང་ཚོ་བོད་རག་གི་ཁྱད་ཆོས་དེ་རེད། གཞན་དག་ཕལ་ཆེར་ཨེ་འདྲས་ཡིན་གྱི་རེད། ཡིན་ནའི་ངས་ཤེས་ཀྱི་མེད། ང་ཚོ་བོད་ལ་ཡོད་ཡག་བོད་རག གཙོ་བོ་ཡིན་ན་དམར་ཁམས་ནས་མང་པོ་ཐོན་གྱི་ཡོག་རེད།
  • : དམར་ཁམས་ནས་ཐོན་མང་ཤོས་ཡོག་རེད། ཨཱ་ནི་ཆང་ཡོག་རེད། དེ་གཉིས་གཉིས་ཀ་ལོགས་རྒྱུ་ཆ་ག་རེས་བཟོ་གི་ཡོག་རེད་ཟེར་ན།
  • : ང་རང་ཚོ་འབྲུ་ཡི་བཟོ་གི་ཡོག་རེད། ཤེས་སོང་ངམ། ཆང་བཏུང་པ་ཡིན་ན་དཔེར་ན་ཆང་ཟེར་ཡག་དེ་བེད་སྤྱོད་ཆེན་པོ་ཞེ་དྲགས་ཡོག་རེད། ང་ཚོ་སྐྱིད་པོ་བྱུང་ནས་རྟེན་འབྲེལ་བྱེད་པའི་སྐབས་དང་།
  • : སྐྱིད་པོ་ཡོད་པ་དང་། དེ་འདྲས་སྐབས་ལ་གླིང་ཁ་བཏང་བ་དང་། ལོ་གསར་བཏང་བ། དེ་འདྲས་སྐབས་ལ་ཆང་དེ་མེད་ན་འགྲིག་གི་མ་རེད།
  • : ལྟ་ཡང་དཔེར་ན་ཆ་བཞག་ན་ཁྱིན་ཚང་གཅིག་ལ་མི་གཅིག་ཤི། མི་གཅིག་ཤི་བྱས་མི་གང་ག་སེམས་སྐྱོ་པོ་ཞེ་དྲགས་བྱས་བསྡད་པའི་སྐབས་ལེ་ཡང་ཆང་དེ་མེད་ན་འགྲིག་གི་མ་རེད།
  • : ཡང་ཆང་འཐུང་དགོས་ཀྱི་རེད། འདི་ཆང་འདི་འཐུང་སོང་ན་ཁྱེད་རང་གི་སེམས་ལ་ཏིག་ཙམ་ག་རེ་ཡོང་གི་རེད་ཟེར་ན། སྐྱོར་བ་དང་གཅིག་ཏིག་ཙམ་གུ་ཡངས་སུ་འགྲོ་ཡག་དང་། ཏིག་ཙམ་དྲག་ཏུ་འགྲོ་ཡག་གི་ཁོ་རོགས་པ ཕན་ཐོགས་བྱེད་ཀྱི་ཡོག་རེད།
  • : ཡིན་ནའི་ཆང་མང་པོ་བཏུང་ན། འགྲིག་གི་མ་རེད། ཁྱེད་རང་སེམས་སྡུག་བྱས་བསྡད། ཆང་མང་པོ་བཏུང་། ར་བཟི། ཡང་འདའི་གཞས་བཏང་ཡག་གི་ཉེན་ཁ་ཡོག་རེད།
  • : དེ་འགྲིག་གི་མེ་རེད་པ། ཆང་ཟེར་མཁན་དེ་ང་ཚོ་ཡིན་ན་སྐྱིད་པའི་སྐབས་དང་། སྡུག་པའི་སྐབས། གཉིས་ཀ་ལོགས་ལ་བེད་སྤྱོད་བྱེད་དགོས་ཀྱི་རེད། ཕན་ཐོགས་ཡོག་རེད།
  • : ཞེ་ས་བྱས་ནས་མཆོད་ཆང་རེད། ལྟ་དེ་ནས་ཡིན་ན་ཉི་མ། ཉི་མ་ཤེས་ཀྱི་རེད། ཉི་མ་ལ་མང་པོ་ཡོག་རེད། དཔེར་ན་ཆ་བཞག་ན་དེ་འདྲས་ཡོག་རེད། ཉི་མ་གཅིག་ག་རེའི་ཉི་མ་ཡོག་རེད་ཟེར་ན།
  • : དང་པོ་དེ་ནམ་མཁའི་ཉི་མ་ཡོག་རེད། ང་ཚོ་ཡིན་ན་གནམ་ལ་ཉི་མ་ཤར་གྱི་རེད། ཉི་མ་ནུབ་ཀྱི་རེད། ལྟ་དེ་ནས་ཡིན་ན་ཉི་མ་དེའི་དོན་དག་གཉིས་པ་དེ་ག་པར་གོ་གི་རེད་ཟེར་ན།
  • : ང་ཚོ་གཟའ་ཉི་མ། གཟའ་ཟླ་བ། གཟའ་ཉི་ལ་གོ་དགོས་ཀྱི་རེད། དེ་ནས་ཡིན་ན་ད་དུང་ཡོག་རེད། གསུམ་པ། གསུམ་པ་དེ་གང་རེད་ཟེར་ན། དཔེར་ན་ཆ་བཞག་ན།
  • : ཁྱེད་རང་ལྷ་སར་སླེབས་ནས་ཉི་མ་ག་ཚོད་ཕྱིན་སོང་། ཉི་མ་ག་ཚོད་ཕྱིན་སོང་། ཨོའོ་ང་ཉི་མ་བཅུ་ཕྱིན་སོང་། འདིའི་ཉི་མ་དེ་ཡོག་རེད། ཁོ་དུས་ཚོད་བཤད་ཀྱི་ཡོག་རེད། བྱས་ཙང་ལྟ་ཉིན་མ་ག་ཚོད་ཕྱིན་སོང་།
  • : ད་ལྟ་ཞུ་གུའི་ཉི་མ་དེ་ག་པར་བརྩི་དགོས་རེད། འདིར་བརྩི་དགོས་ཀྱི་རེད། ང་ཚོ་ཡིན་ན། ལོ། ཟླ་བ། ཉི་མ། འོ་འདི་ལ་བརྩི་དགོས་ཀྱི་རེད།
  • : ལོ། ཟླ་བ། ཉི་མ། ཆུ་ཚོད། སྐར་མ། སྐར་ཆ། འོ་འདུག་སེ་རེད་པ། སྐར་ཆ་ནས་ཚག ཚག ཚག སྐར་ཆ་༦༠ལ་སྐར་མ་༡ སྐར་མ་༦༠ལ་ཆུ་ཚོད་༡ ཆུ་ཚོད་༢༤ལ་ཉིན་མཚན་གཅིག་ཡོག་རེད།
  • : ཉིན་མཚན་༣༠ལ་ཟླ་བ་གཅིག ཟླ་བ་༡༢ལ་ལོ་གཅིག དེ་འདྲས་སླེབས་ཡོང་གི་རེད། ལྟ་འོ་འདི་ཉི་མ་དེ་རེད། གཤམ་ལ་ཟླ་བ། ཟླ་བ་གཅིག་པ་རེད། ཟླ་བ་ལ་ཡང་མང་པོ་འདུག
  • : ནམ་མཁའི་ཟླ་བ་ཡོག་རེད་པཱ། དེ་ནས་གཟའ་ཟླ་བ་ཡོག་རེད། དེ་ནས་ལོ་དང་ཟླ་བ་ཡི་ཟླ་བ་ཡོག་རེད། ད་ལྟ་ཟླ་བ་ག་ཚོད་རེད། ད་ལྟ་ཟླ་བ་བརྒྱད་པ་རེད།
  • : ལྟ་དེ་བཞིན་དུ་ཟླ་བ་དང་ཉི་མ་ལ་ང་ཚོ་བོད་རིགས་ཀྱི་མིང་ལ་ཡིན་ན་ཟླ་བ་ཉི་མ་བཏགས་པ་ཡོག་རེད། ཉི་མ་ཟླ་བ། ཁོང་གི་མིང་ལ་ག་རེ་ཟེར་གྱི་རེད། ཁོང་གི་མིང་ལ་ཉི་མ་ཟེར་གྱི་རེད།
  • : ཁོང་གི་མིང་ལ་ག་རེ་ཟེར་གྱི་རེད། ཁོང་གི་མིང་ལ་ཟླ་བ་ཟེར་གྱི་རེད། འདི་གཟའ་ཉི་མར་སྐྱེས་རྒྱོག་རེད། ཉི་མ་ཞེས་བཏགས་ཡོག་རེད། གཟའ་ཟླ་བ་ལ་སྐྱེས་རྒྱོག་ལ་ཟླ་བ་བཏགས་ཡོག་རེད།
  • :དེ་ཕ་མས་ཡིན་ན་ད་གཱ་སི་བཏགས་བཞག་པ་རེད། བྱས་ཙང་ཁོ་སོ་སོ་བེད་སྤྱོད་ཡོག་རེད། འཛམ་གླིང་། འཛམ་གླིང་ལྟ་ཤེས་ཀྱི་རེད་པ། ཤོག་བུ་ཤེས་ཀྱི་འདུག
  • : ཤོག་བུ། ཕྱག་ཤོག སྣག་ཚ། ཕྱག་སྣག སློབ་ཚན། སློབ་ཚན་ནི་ཤེས་ཀྱི་འདུག དེ་ནས་རེད་ད་གིན་ལབ་ཚར་བ་རེད། དེ་ནས་ཡིན་ན་བོད། བོད་ཟེར་ན་ང་ཚོ་ས་ཆའི་མིང་རེད།
  • : བོད་རིགས་བསྡད་སའི་ས་ཆ་ལ་ག་རེ་ཟེར་ཀྱི་ཡོག་རེད་ཟེར་ན་བོད་ཟེར་གྱི་ཡོག་རེད། དེ་ནས་ཡིན་ན་གཞིས་ཀ་རྩེ། ལྷ་ས།
  • : གཞིས་ཀ་རྩེ་ཟེར་ན་ང་ཚོ་བོད་ཀྱི་ནང་ལོགས་ནས་ས་ཆ་ལོགས་ཀར་ཞིག་རེད། ལྟ་བོད་ཀྱི་ནང་ལོགས་ལ་ས་ཆ་མང་པོ་ཡོག་རེད་པ། ཨམ་མདོ། ཆམ་མདོ། ལྷོ་ཁ། མངའ་རིས། ནག་ཆུ། ཀོང་པོ། དེ་འདྲས་མང་པོ་ཡོག་རེད།
  • : དཔེར་ན་ཆ་བཞག་ན་ང་རང་ཨ་མི་རི་ཀར་ཆ་བཞག་སོང་ན་ཨ་མི་རི་ཀར་ས་ཆ་ལ་མངའ་སྡེ་མང་པོ་ཡོག་རེད། མངའ་སྡེ་སོ་སོ་ལ་ག་རེ་ཡོག་རེད། མིང་མི་འདྲ་རེ་རེ་ཡོག་རེད།
  • : འདི་དང་གཅིག་པ་རེད། མངའ་སྡེ་རེ་རེ་ལ་མིང་མི་འདྲ་བ་རེ་རེ་ཡོག་རེད། བྱས་ཙང་ལྷ་ས། དེ་ང་ཚོ་ལྷ་ས་གྲོང་ཁྱེར།
  • : ཉི་མ། ཟླ་བ། ཁྱེད་ཚོས་ད་ལྟ་ཉི་མ་ཟེར་བ་དང་ཟླ་བ་ཟེར་བྱ་དེ་དབྱིན་ཇིའི་སྐད་ལ་ཕལ་ཆེར་ནམ་མཁའི་ཉི་མ་དང་ཟླ་བ་ལ་བྲིས་ཡོད་ཀྱི་རེད།
  • : ཡིན་ནའི་དེ་ཙམ་མ་ཡིན་ད་ལྟ་ངས་འདིར་བཤད་པ་ནང་བཞིན་གྱི་ཁོ་འགྲོ་ཁོངས་མང་པོ་ཞེ་པོ་ཡོག་རེད། འོ་ཡ། ལྟ་དེ་རིང་ང་ཚོ་སློབ་ཚན་འདི་ཚར་སོང་། སློབ་ཚན་དང་པོ་ཚར་སོང་།