Skip to main content Skip to search
15 Dec 2011
11 min 10 sec
David Germano
Video Overview
Creators: 
Unknown

Tenpa Rabten gives a lecture on historical styles of tangkas in Tibet.

简单介绍了藏画的各种风格与特点以及唐卡画的发展过程。 谈论了藏画的画种与特点。

Transcript search
No results found for this search
0 of 0
 • བརྟན་པ་རབ་བརྟན
   ཞལ་ཐང་འདི་ག་རེ་རེད་ཟེར་ན། གཙོ་བོ་དེ་གུང་ཐང་བླ་མ་ཞང་རེད། མཁྱེན་སོང་ང་། ཐང་ཀ་འདི། ཐང་ཀ་འདི་མ་གཞི་བྱས་ན། ཨོང་་་ རི་མོ་དེ་ག་རེ་རེད་ཟེར། བལ་བྲིས་རེད། འབྲི་བྱ་དེ། བལ་པོའི། བལ་ལུགས། བལ་བྲིས། ཁ་སང་ངས་ཞུ་ཡས་ཀྱི། གྲུབ་མཐའ་ལྔའི་ནང་གི་ད། བལ་བྲིས་ལུགས་དེའི་རི་མོ་རེད།
  _zhal thang 'di ga re red zer na/_gtso bo de gung thang bla ma zhang red/_mkhyen song nga /_thang ka 'di/_thang ka 'di ma gzhi byas na/_ong _ri mo de ga re red zer/_bal bris red/_'bri bya de/_bal po'i/_bal lugs/_bal bris/_kha sang ngas zhu yas kyi/_grub mtha' lnga'i nang gi da/_bal bris lugs de'i ri mo red/
 • བརྟན་པ་རབ་བརྟན
    ད་བལ་བྲིས་ལུགས་དེ་ལ། འོ་ད་འདི་འདྲས་ཤིག་ཡོའོ་རེད༿ཡོད་རེད།༾ ད་གཟིགས་དང་། ཕྱག་དེ་ཚོ་ད། མཉེན་ཆ་དོད་པོ་དེ་ཙམ་གའི་མི་འདུག་ག དྲག་པོ་དེ་ཚོ་ལ་གཟིགས་དང་། འདའི༿འདི་ལ་།༾ འདི་འདྲས་ཟེ་ཡོའོ་རེད༿ཡོད་རེད།༾
  __da bal bris lugs de la/_'o da 'di 'dras shig yo'o red{yod red/}_da gzigs dang /_phyag de tsho da/_mnyen cha dod po de tsam ga'i mi 'dug ga_drag po de tsho la gzigs dang /_'da'i{'di la /}_'di 'dras ze yo'o red{yod red/}
 • བརྟན་པ་རབ་བརྟན
   ད་ཡིན་ནའི། ཁོ་ཚོའི་ཐུན་མོང་མ་ཡིན་ཁྱད་ཆོས་དེ། ག་རེ་ཡོའོ་རེད་༿ཡོད་རེད་༾ཟེར་ན། ས་དང་གནམ་དང་དེ་འདྲས་གའི་ཡོའོ་༿ཡོད་༾མ་རེད། ཡུལ་ལྗོངས་བཀོད་པ། འདའི། རེའུ་མིག་ཨོང་་་ ད་འདི་འདྲས་གྲུ་བཞི་འདི་འདྲས། འདུག་ཟེ་བང་༿གྲལ་༾བྱས་བྱས། འདུག་ཟེ། འདུག་ཟེ་བྲིས་བཞག་ཡོའོ་རེད་༿ཡོད་རེད་༾ད། བལ་བྲིས་ཁྱད་ཆོས་དེ།
  _da yin na'i/_kho tsho'i thun mong ma yin khyad chos de/_ga re yo'o red {yod red }zer na/_sa dang gnam dang de 'dras ga'i yo'o {yod }ma red/_yul ljongs bkod pa/_'da'i/_re'u mig ong _da 'di 'dras gru bzhi 'di 'dras/_'dug ze bang {gral }byas byas/_'dug ze/_'dug ze bris bzhag yo'o red {yod red }da/_bal bris khyad chos de/
 • བརྟན་པ་རབ་བརྟན
    ད། འདིའི་རྒྱབ་ལོགས་འདྲ་འདའི་༿འདི་ལ།༾ ཆུ་སྲིན་འོ་ཨེ་འདྲས་༿འདི་འདྲས་༾འདྲ་པོ་ཡོད་པ་དེ་ཚོ། ད་བལ་པོའི་རྟགས་འོ་ཨེ་འདྲས་༿འདི་འདྲས་༾ཡོད་བསྡད་པ་དེ་ཚོ་ད། འོང་་་ སེང་གེ་ཡང་ཁ་ཤས་འདུག་ཟེ། འདི་གདོང་བསྟན་འདུག་ག ད་གདོང་མ་བསྟན་པ་དེ་འདྲས་འདུག ཨོང་་་ མཇུག་མ་ཕྲ་པོ་དེ་འདྲས་བྲིས་བཞག་ཡོའོ་རེད༿ཡོད་རེད།༾ ཨེ་འདྲས་༿འདི་འདྲས་༾ཡོའོ་རེད་༿ཡོད་རེད།༾ ད་འདི། རི་མོ་འདི། བལ་བྲིས་རི་མོའི་དཔེ་མཚོན་ཙམ། ངས་ད་རེས་ངོ་སྤྲོད་ཞུ་ཡས། འོ་དེ་འདྲས་ཤིག་ཡིན། རེད་པ།
  __da/_'di'i rgyab logs 'dra 'da'i {'di la/}_chu srin 'o e 'dras {'di 'dras }'dra po yod pa de tsho/_da bal po'i rtags 'o e 'dras {'di 'dras }yod bsdad pa de tsho da/_'ong _seng ge yang kha shas 'dug ze/_'di gdong bstan 'dug ga_da gdong ma bstan pa de 'dras 'dug_ong _mjug ma phra po de 'dras bris bzhag yo'o red{yod red/}_e 'dras {'di 'dras }yo'o red {yod red/}_da 'di/_ri mo 'di/_bal bris ri mo'i dpe mtshon tsam/_ngas da res ngo sprod zhu yas/_'o de 'dras shig yin/_red pa/
 • བརྟན་པ་རབ་བརྟན
   འོང་། ཁ་སང་མང་ཆེ་དེ། བལ་བྲིས་ཁྱད་ཆོས། ཁ་སང་ངས་ཞུས་ཚར་རེད་པ། ངས་དམིགས་བསལ་བྱས་ཞུ་དགོས་ཡས་ཟེར་གའི་མི་འདུག ཨོང་་་ འོ་ཨེ་འདྲས་༿འདི་འདྲས་༾ཤིག
  _'ong /_kha sang mang che de/_bal bris khyad chos/_kha sang ngas zhus tshar red pa/_ngas dmigs bsal byas zhu dgos yas zer ga'i mi 'dug_ong _'o e 'dras {'di 'dras }shig
 • བརྟན་པ་རབ་བརྟན
   ད་འདི་ག་རེ་རེད། བྱིའུ་སྒང་ལུགས་ཀྱི་རི་མོ་རེད། ད་དེ། བྱིའུ་སྒང་པའི་ལུགས་ཀྱི་རི་མོ་དེ་རེད། ད་བྱིའུ་སྒང་ཁོ་རང་གི་རི་མོ་མ་རེད་ད། ཡང་འདི། འདི་བྱིའུ་སྒང་ལུགས་ཀྱི་རི་མོ་བྲིས་ཐབས་ཤིག་རེད། ཡང་འདི། ད་འདི་ཡང་། དམིགས་བསལ་ཞིག་ཡང་འདི་བྲིས་མི་འདུག་ག ཡུལ་ལྗོངས་བཀོད་པ་བྱས་རྒྱས་པོ་ཡོའོ་༿ཡོད་༾མ་རེད། འདི་ལའི་༿འདི་ལ་ཡང།༾ བྱིའུ་སྒང་ལུགས་འདི་ལའི་༿འདི་ལ་ཡང།༾ ལྷ་བང་༿གྲལ་༾བྱས་བྱས། འདི་བལ་ལུགས་ཀྱི་ཁྱད་ཆོས་ཁ་ཤས་རང་སོར་བཞག་ཡོའོ་རེད་༿ཡོད་རེད་༾ད།
  _da 'di ga re red/_byi'u sgang lugs kyi ri mo red/_da de/_byi'u sgang pa'i lugs kyi ri mo de red/_da byi'u sgang kho rang gi ri mo ma red da/_yang 'di/_'di byi'u sgang lugs kyi ri mo bris thabs shig red/_yang 'di/_da 'di yang /_dmigs bsal zhig yang 'di bris mi 'dug ga_yul ljongs bkod pa byas rgyas po yo'o {yod }ma red/_'di la'i {'di la yang/}_byi'u sgang lugs 'di la'i {'di la yang/}_lha bang {gral }byas byas/_'di bal lugs kyi khyad chos kha shas rang sor bzhag yo'o red {yod red }da/
 • བརྟན་པ་རབ་བརྟན
    ཡིན་ནའི། ལྷ་དེ་ཚོ་བྱེད་སྟངས་དང་། དེ་ཚོའི། ཨོང་་་ པ་ཏྲ་དང་ད་རི་མོ་དེ་ཚོ་ཞེ་དྲག དེ་ལས་ཞེ་དྲག་མཛེས་པ་ཡོའོ་རེད་༿ཡོད་རེད་༾ད། དཔེར་ན། པདྨ་འདི་ཚོ་ཁོ་རང་ཡག་ག་འདུག་ག བཞུགས་ཁྲི་དེ་ཚོ་ཁོ་རང་ཡག་ག་ཡོའོ་རེད་༿ཡོད་རེད་༾ད། ཞེ་དྲག་གི་ལྷ་འདི་ཚོ་ཁོ་རའི༿ཁོ་རང་གི༾ ཚུགས་དེ་ཚོ་ཞེ་དྲག་ཡག་ག་ཡོའོ་རེད་༿ཡོད་རེད་༾ད། ཚུགས་དེ་ཚོ་ཡག་ག་ཡོའོ་རེད་༿ཡོད་རེད་༾ད། ལྷའི་ལྷ་ཚུགས་དེ་ཚོ་ཡག་ག་ཡོའོ་རེད༿ཡོད་རེད།༾ དཔེར་ན། ཕྱག་དེ་ཚོ་མཉེན་ཆ་དོད་པོ། ཞེ་དྲག་ཡག་པོ་ཡོའོ་རེད༿ཡོད་རེད་༾ ད་འདི། དེ་བྱིའུ་སྒང་ལུགས་ཟེར།
  __yin na'i/_lha de tsho byed stangs dang /_de tsho'i/_ong _pa tra dang da ri mo de tsho zhe drag_de las zhe drag mdzes pa yo'o red {yod red }da/_dper na/_pad+ma 'di tsho kho rang yag ga 'dug ga_bzhugs khri de tsho kho rang yag ga yo'o red {yod red }da/_zhe drag gi lha 'di tsho kho ra'i{kho rang gi}_tshugs de tsho zhe drag yag ga yo'o red {yod red }da/_tshugs de tsho yag ga yo'o red {yod red }da/_lha'i lha tshugs de tsho yag ga yo'o red{yod red/}_dper na/_phyag de tsho mnyen cha dod po/_zhe drag yag po yo'o red{yod red }_da 'di/_de byi'u sgang lugs zer/
 • བརྟན་པ་རབ་བརྟན
    ད་དེ་དུས་རབས་བཅུ་གསུམ་པའི་ནང་ལ་དར་རེད་ཞུ་ཡས་ཀྱི་རི་མོ་དེ་འདི་རེད་ད། འོང་་་ འདི་ངས། བྱིའུ་སྒང་ལུགས་དེ་ཨོང་་་ ངོ་སྤྲོད་ཞུས་ཚར་བ་དང་འ ཨ་ནི་་་མཚམས་བཞག་རོགས་གནང་ཨ།
  __da de dus rabs bcu gsum pa'i nang la dar red zhu yas kyi ri mo de 'di red da/_'ong _'di ngas/_byi'u sgang lugs de ong _ngo sprod zhus tshar ba dang 'a_a ni mtshams bzhag rogs gnang a/
 • བརྟན་པ་རབ་བརྟན
   འདི་སྤྱན་རས་གཟིགས། ཨོ་་་ རྒྱལ་པོ་ལུགས་ཟེར་ཉན་༿ཟེར་མཁན་༾དེ་རེད། ཐུགས་རྗེ་ཆེན་པོ་ཟེར། རྒྱལ་པོ་ལུགས། རྒྱལ་པོ་ལུགས་ཟེ་ག་རེ་ཟེར་གྱི་ཡོའོ་རེད༿ཡོད་རེད་༾ཟེར་ན། ཆོས་རྒྱལ་སྲོང་བཙན་སྒམ་པོའི། ཨ་ནི་་་ དག་སྣང་བྱུང་བའི་སྤྱན་རས་གཟིགས་རེད། འདི། བྱས་ཙང་འདི་ལ་རྒྱལ་པོ་ལུགས་ཀྱི་སྤྱན་རས་གཟིགས་ཟེར། ཐུགས་རྗེ་ཆེན་པོ་ཟེར་གྱི་ཡོའོ་རེད༿ཡོད་རེད།༾ དེ་ང་ཚོའི་ལྷ་སའི་གཙུག་ལག་ཁང་ནང་ལ། ཐུགས་རྗེ་ཆེན་པོ་གཅིག་འདུག་ག དེ་དང་ཆ་རེད།
  _'di spyan ras gzigs/_o _rgyal po lugs zer nyan {zer mkhan }de red/_thugs rje chen po zer/_rgyal po lugs/_rgyal po lugs ze ga re zer gyi yo'o red{yod red }zer na/_chos rgyal srong btsan sgam po'i/_a ni _dag snang byung ba'i spyan ras gzigs red/_'di/_byas tsang 'di la rgyal po lugs kyi spyan ras gzigs zer/_thugs rje chen po zer gyi yo'o red{yod red/}_de nga tsho'i lha sa'i gtsug lag khang nang la/_thugs rje chen po gcig 'dug ga_de dang cha red/
 • བརྟན་པ་རབ་བརྟན
    དེ་རེད། འདི། འོ་ད་འདི། འདི་ཆོས་རྒྱལ་སྲོང་བཙན་སྒམ་པོ་རེད། འདའི་༿འདི་ལ།༾ འོང་་་ མཁྱེན་སོང་ང་། འོ་ད་འདི་གཉིས་གཉིས། འདི་རྟ་མགྲིན་ཡང་བཟང་བྱས། འདི་དམག་ཟོར་མ་རེད་པ། ད་རི་མོ་འདི་འབྲི་སྟངས་དེ་ག་རེ་རེད། དེ་ལུགས་དེ་ག་རེ་རེད་ཟེར་ན། སྨན་ལུགས་ཀྱི་ལུགས་ཀྱི་རི་མོ་འབྲི་སྟངས་རེད། ད་འདི། འོང་་་སྨན་ཐང་ལུགས་ཀྱི་རི་མོ་འབྲི་སྟངས་རེད། དཔེར་ན། ཡུལ་ལྗོངས་བཀོད་པ་བརྒྱབ་ཡོའོ་རེད༿ཡོད་རེད།༾ སྤྲིན་པ་དེ་ཚོ་བྲིས་ཡོའོ་རེད་༿ཡོད་རེད་༾ད། ཆུ་བྲག་དང་། ད་དེ་ཚོ་བྲིས་ཡོའོ་རེད་༿ཡོད་རེད་༾པ།
  __de red/_'di/_'o da 'di/_'di chos rgyal srong btsan sgam po red/_'da'i {'di la/}_'ong _mkhyen song nga /_'o da 'di gnyis gnyis/_'di rta mgrin yang bzang byas/_'di dmag zor ma red pa/_da ri mo 'di 'bri stangs de ga re red/_de lugs de ga re red zer na/_sman lugs kyi lugs kyi ri mo 'bri stangs red/_da 'di/_'ong sman thang lugs kyi ri mo 'bri stangs red/_dper na/_yul ljongs bkod pa brgyab yo'o red{yod red/}_sprin pa de tsho bris yo'o red {yod red }da/_chu brag dang /_da de tsho bris yo'o red {yod red }pa/
 • བརྟན་པ་རབ་བརྟན
   བྱས་ཙང་། སྨན་ཐང་ཟེར་ཉན་༿མཁན་༾འདི། ཨོ་་་ ཁྱད་ཆོས་ཐུན་མོང་མ་ཡིན་པ་འདྲ་པོ་དེ། ད། འོ་་་དེ་འདྲས་ཤིག་ཡོའོ་རེད༿ཡོད་རེད།༾ ཡིན་ནའི། ད་སྨན་ཐང་ཐང་ཀ་མང་པོ་ག་ས་ག་ལ་མཐོང་རྒྱུ་ཡོའོ་རེད༿ཡོད་རེད།༾ ད་ང་ཚོ་ལྷ་སའི་གཙུག་ལག་ཁང་ལྡེབས་རིས་དེ་ཚོ་འགང་ག་༿ཚང་མ་༾སྨན། སྨན་ལུགས་གཞིར་བཟུང་གི་བྲིས་བཞག་པ་རེད། འོ་་་ད་དེ་འདྲས་ཤིག་རེད། ཨོང་་་དེ་སྨན་ཐང་ལུགས་ཀྱི་ངས་ངོ་སྤྲོད་ཞུས་ཚར།
  _byas tsang /_sman thang zer nyan {mkhan }'di/_o _khyad chos thun mong ma yin pa 'dra po de/_da/_'o de 'dras shig yo'o red{yod red/}_yin na'i/_da sman thang thang ka mang po ga sa ga la mthong rgyu yo'o red{yod red/}_da nga tsho lha sa'i gtsug lag khang ldebs ris de tsho 'gang ga {tshang ma }sman/_sman lugs gzhir bzung gi bris bzhag pa red/_'o da de 'dras shig red/_ong de sman thang lugs kyi ngas ngo sprod zhus tshar/
 • བརྟན་པ་རབ་བརྟན
    འོང་་་ ད་ངས་མཁྱེན་ལུགས་གཅིག་མར་ངོ་སྤྲོད་ཞུས་དགོས་ཨ། འདི་གཅིག་ངོ་སྤྲོད་ཞུས། སྔོན་ལ། ཨོའོ་་་ ད་འདི་སྤྱན་རས་གཟིགས་པད་མའི་དྲ་བ་ཅན་ཟེར་ཉན་༿མཁན་༾དེ་རེད་པ། འདི། མཁྱེན་བརྩེ་ལུགས་ཀྱི་རི་མོ་རེད། མཁྱེན་བརྩེ་ལུགས་ཀྱི་རི་མོ་འདི་ལ། ག་རེ་ཡོའོ་རེད༿ཡོད་རེད་༾ཟེར་ན། ཨོང་་་ རྦད་དེ་སྐུའི་ཕྱག་ཞབས་དེ་ཚོ་རྦད་དེ་དངོས་གནས་དྲང་གནས་ཀྱི་མཉེན་ཆ་དོད་པོ། དཔེ་མི་སྲིད་པ་ད། ཏིག་ཙ་༿ཏོག་ཙམ་༾ང་རང་ཚོའི་མིའི་ཚིགས་དེ་ཚོ་ཅུང་ཟད་མངོན་པ། ཡག་པོ་ཞེ་པོ་གཅིག་བྲིས་གནང་ཡོའོ་རེད༿ཡོད་རེད་༾ ཡིན་ནའི་ཨོང་་་ ཡང་མཁྱེན་ལུགས་ཀྱི་ལུགས་ཁ་ཅིག་ལ་ཡུལ་ལྗོངས་བཀོད་པ་ཡོའོ་རེད༿ཡོད་རེད།༾
  __'ong _da ngas mkhyen lugs gcig mar ngo sprod zhus dgos a/_'di gcig ngo sprod zhus/_sngon la/_o'o _da 'di spyan ras gzigs pad ma'i dra ba can zer nyan {mkhan }de red pa/_'di/_mkhyen brtse lugs kyi ri mo red/_mkhyen brtse lugs kyi ri mo 'di la/_ga re yo'o red{yod red }zer na/_ong _rbad de sku'i phyag zhabs de tsho rbad de dngos gnas drang gnas kyi mnyen cha dod po/_dpe mi srid pa da/_tig tsa {tog tsam }nga rang tsho'i mi'i tshigs de tsho cung zad mngon pa/_yag po zhe po gcig bris gnang yo'o red{yod red }_yin na'i ong _yang mkhyen lugs kyi lugs kha cig la yul ljongs bkod pa yo'o red{yod red/}
 • བརྟན་པ་རབ་བརྟན
   ཁ་ཅིག་ལ་ཡུལ་ལྗོངས་བཀོད་པ་མེད་པ་བྱས། འདུག་ཟེ་བྲིས་གནང་ཡོའོ་རེད༿ཡོད་རེད།༾ མཁྱེན་ལུགས་དེ། ལྷ་མང་ཆེ་འདུག་ཟེ་བང་འགྲིག་ཡས་དེ། ཡང་། ཨའེ་་་ བྱིའུ་སྒང་ལུགས་དང་གཅིག་མཚུངས་ལྟ་བུ་ཞིག་ཡོའོ་རེད༿ཡོད་རེད།༾ ཡིན་ནའི་བྱིའུ་སྒང་ལུགས་ལས་ཞེ་དྲག་གི་ཚུགས་དང་། ཡང་དེ་ཚོ་རྦད་དེ། ཞེ་དྲག་གི་ཡར་རྒྱས་ཆེན་པོ་ཞེ་དྲག་ཕྱིན་ཡོའོ་རེད༿ཡོད་རེད།༾ ད་དེ། 
  _kha cig la yul ljongs bkod pa med pa byas/_'dug ze bris gnang yo'o red{yod red/}_mkhyen lugs de/_lha mang che 'dug ze bang 'grig yas de/_yang /_a'e _byi'u sgang lugs dang gcig mtshungs lta bu zhig yo'o red{yod red/}_yin na'i byi'u sgang lugs las zhe drag gi tshugs dang /_yang de tsho rbad de/_zhe drag gi yar rgyas chen po zhe drag phyin yo'o red{yod red/}_da de/_
 • བརྟན་པ་རབ་བརྟན
    དཔེ་མི་སྲིད་པའི། དཔེར་ན། ལྷ་མོ་དེ་ཚོའི་སྡེར་དཀྱིལ་དེ་ཚོ་གཅིག་ད། ད་ཨ་ནི་་་རྦད་དངོས་གནས་ང་ཚོ་བུད་མེད། ཨོང་་་ དེའི་ག་རེ་ཟེར་དགོས་རེད། ཞབས་བྲོ་བརྒྱབ་ཉན༿མཁན།༾ པ་ལིའུ་༼རྒྱ་སྐད་ཡིན། ཞབས་བྲོའི་རིགས་ཤིག༽འཁྲབ་ཉན་༿མཁན་༾ནང་བཞིན་བྲིས་ཡོའོ་རེད༿ཡོད་རེད།༾ ད་འདིར་གཟིགས་དང་། གང་འདྲས་སྙིང་རྗེ་པོ་བྲིས་མི་འདུག་གས། དེ་ཚོ། འོ་ད་དེ་འདྲས་བྲིས་ཡོའོ་རེད༿ཡོད་རེད།༾
  __dpe mi srid pa'i/_dper na/_lha mo de tsho'i sder dkyil de tsho gcig da/_da a ni rbad dngos gnas nga tsho bud med/_ong _de'i ga re zer dgos red/_zhabs bro brgyab nyan{mkhan/}_pa li'u (rgya skad yin/_zhabs bro'i rigs shig)'khrab nyan {mkhan }nang bzhin bris yo'o red{yod red/}_da 'dir gzigs dang /_gang 'dras snying rje po bris mi 'dug gas/_de tsho/_'o da de 'dras bris yo'o red{yod red/}
 • བརྟན་པ་རབ་བརྟན
    བྱས་ཙང་། འོང་ད་འདི། ཨེ་་་མཁྱེན་ལུགས་རྙིང་མ་འདྲ་གཅིག་རེད། ད་མཁྱེན་ལུགས་གསར་མ་གཅིག་ཨེ་་་ ངས་ངོ་སྤྲོད་ཞུས་ན། འདིའི་ནང་ལ་འདུག མཁྱེན་ལུགས་གསར་མ་གཅིག་ཡའི་༿ཡང་༾འདུག ཨོང་་་ མཁྱེན་ལུགས་གསར་མ་གཅིག་འདིའི་ནང་ལ་བྲིས་ཤག འདི་རེད། འདི། དེའི། འདི་མཁྱེན་ལུགས་གསར་མ་རེད། དེ་ག་རེ་རེད་ཟེར་ན། མཁྱེན་ལུགས་གསར་མ་དེ་ཚོས། ག་རེ་བྱས་ཡོའོ་རེད་༿ཡོད་རེད་༾ཟེར་ན། ཡུལ་ལྗོངས་བཀོད་པ་བརྒྱབ་སྟངས་དེ་ཚོ་ཏོག་ཙམ་སྨན་ལུགས་ངོས་ལ་ཕྱོགས་པ་འདྲ་གཅིག་བྱས་བྱས༿ནས།༾
  __byas tsang /_'ong da 'di/_e mkhyen lugs rnying ma 'dra gcig red/_da mkhyen lugs gsar ma gcig e _ngas ngo sprod zhus na/_'di'i nang la 'dug_mkhyen lugs gsar ma gcig ya'i {yang }'dug_ong _mkhyen lugs gsar ma gcig 'di'i nang la bris shag_'di red/_'di/_de'i/_'di mkhyen lugs gsar ma red/_de ga re red zer na/_mkhyen lugs gsar ma de tshos/_ga re byas yo'o red {yod red }zer na/_yul ljongs bkod pa brgyab stangs de tsho tog tsam sman lugs ngos la phyogs pa 'dra gcig byas byas{nas/}
 • བརྟན་པ་རབ་བརྟན
   ཡིན་ནའི། མི་འདྲ་དེ་ག་རེ་རེད་ཟེར་ན། འདའི༿འདིར་༾ པ་ཏྲ་དེ་དཔེ་མི་སྲིད་པའི་ད། མཁྱེན་ལུགས་ཀྱི་འོ་དེ་བྲིས་ཡས་དེ། མཁྱེན་ལུགས་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་རེད། དཔེར་ན། འདི་སྨན་ལུགས་རེད། སྨན་ལུགས་ཀྱི་ཐང་ཀ་དེར་འདའི་འོད་ཟེར་རྒྱབ་འདུག་ག ང་ཚོ་འགང་གས་༿ཚང་མས་༾འོད་ཟེར་བརྒྱབ་ཀྱི་རེད། དེང་སང་མ་གཏོགས། འདི་འདྲས་པ་ཏྲ་དེ་འདྲས་འབྲི་སྲོལ་ཡོའོ་༿ཡོད་༾མ་རེད། ང་ཚོའི་ལུགས་ལ།
  _yin na'i/_mi 'dra de ga re red zer na/_'da'i{'dir }_pa tra de dpe mi srid pa'i da/_mkhyen lugs kyi 'o de bris yas de/_mkhyen lugs kyi thun mong ma yin pa'i khyad chos shig red/_dper na/_'di sman lugs red/_sman lugs kyi thang ka der 'da'i 'od zer rgyab 'dug ga_nga tsho 'gang gas {tshang mas }'od zer brgyab kyi red/_deng sang ma gtogs/_'di 'dras pa tra de 'dras 'bri srol yo'o {yod }ma red/_nga tsho'i lugs la/
 • བརྟན་པ་རབ་བརྟན
   དཔེར་ན། ཨ་ནི་་་ཡང་། ཚོས་དེའི་ཏོག་ཙམ་ཧར་ཤས་ཆེ་བ་བཏང་གི་རེད། ཁོང་ཚོས། ཏོག་ཙམ་ག་རེ་ཟེར་དགོས་རེད། ཚོས་ཧར་བ་འདྲ་ཅིག་ཡོའོ་རེད༿ཡོད་རེད།༾ ང་ཚོའི་དེ་ལས་ཤུགས་ཆེ་བ་ཡོའོ་རེད་༿ཡོད་རེད་༾ད། ཨོང་་་ དཔེར་ན། ང་ཚོའི་དེའི་སྤྲིན་པ་མང་ཆེ་བ། སྔོན་པོ་དང་ལྗང་གུ། དཀར་པོ་དེ་འདྲས་མ་གཏོགས། ཨ་ནི་་་འདིའི་ནང་ལ་སྤྲིན་པ་དམར་པོ་དང་སེར་པོ་དང་སྣ་མིན་སྣ་ཚོགས་བཏང་འདུག་ག
  _dper na/_a ni yang /_tshos de'i tog tsam har shas che ba btang gi red/_khong tshos/_tog tsam ga re zer dgos red/_tshos har ba 'dra cig yo'o red{yod red/}_nga tsho'i de las shugs che ba yo'o red {yod red }da/_ong _dper na/_nga tsho'i de'i sprin pa mang che ba/_sngon po dang ljang gu/_dkar po de 'dras ma gtogs/_a ni 'di'i nang la sprin pa dmar po dang ser po dang sna min sna tshogs btang 'dug ga
 • བརྟན་པ་རབ་བརྟན
    ལགས་འོང་དེ་འདྲས་ཡོའོ་རེད༿ཡོད་རེད།༾ བྱས་ཙང་རི་མོ་འདི། རྒྱབ་ཡོལ་དེ་ཚོ། པ་ཏྲ་དེ་ཚོ། བྱས་ཙང་མཁྱེན་ལུགས། འདི་མཁྱེན་ལུགས་གསར་པ་རེད། ཏོག་ཙམ། ད་ལྟ་སྔོན་ལ་ངས་ངོ་སྤྲོད་ཞུ་ཡས་དེ། མཁྱེན་ལུགས་རྙིང་པ་རེད། འོ་ད་དེ་འདྲས་ཤིག་རེད།
  __lags 'ong de 'dras yo'o red{yod red/}_byas tsang ri mo 'di/_rgyab yol de tsho/_pa tra de tsho/_byas tsang mkhyen lugs/_'di mkhyen lugs gsar pa red/_tog tsam/_da lta sngon la ngas ngo sprod zhu yas de/_mkhyen lugs rnying pa red/_'o da de 'dras shig red/
 • བརྟན་པ་རབ་བརྟན
    ད་སྨན་མཁྱེན་གཉིས་འགྲིག་སོང་ང་། འོང་། ད་ཡང་། སྒར་བྲིས་ཞུ་དགོས་རེད་པ། འོང་་་ ད་སྒར་བྲིས་ཐོད་༿མདུན་༾ལ་ཡར་ཡོའོ་རེད༿ཡོད་རེད།༾ ད་འདི་ག་རེ་རེད་ཟེར་ན། བྱིའུ་སྒང་ལུགས་ཟེར་ཉན་༿མཁན་༾དེ། བྱིའུ་སྒང་ཟེར་ཨ་ཙི་་་ བྱིའུ་སྒང་ལུགས་མ་རེད་ད། ངས་ནོར་སོང་། འོ་་་སྒར་བྲིས་ཟེར་ཉན་༿མཁན་༾དེ་རེད།
  __da sman mkhyen gnyis 'grig song nga /_'ong /_da yang /_sgar bris zhu dgos red pa/_'ong _da sgar bris thod {mdun }la yar yo'o red{yod red/}_da 'di ga re red zer na/_byi'u sgang lugs zer nyan {mkhan }de/_byi'u sgang zer a tsi _byi'u sgang lugs ma red da/_ngas nor song /_'o sgar bris zer nyan {mkhan }de red/
 • བརྟན་པ་རབ་བརྟན
    སྒར་བྲིས་ད་ལྟ་ངས། ཁ་སང་ཞུས་སོང་ང་། བཀྲ་ཤིས་རྣམ་པ་གསུམ་གྱི་སྲོལ་གཏོད་པའི་སྒར་བྲིས་ཟེར་ཉན་དེ། སྒར་བྲིས་ཟེར་ཉན་༿མཁན་༾འདི། ག་རེ་རེད་ཟེར་ན། ལྷ་སྐུ་ཚུགས་ཨེ་་་ ལྷ་ཚུགས་དང་དེ་ཚོ་ཡིན་ན། འོང་་་ སྨན་ལུགས་གཞིར་བཞག་པ་ལ། ཡུལ་ལྗོངས་བཀོད་པ་དེ། ཨ་ནི་་་རྒྱ་ནག་མིང་རྒྱལ་རབས་ཀྱི་ཐང་ཀ་ལ་དཔེ་བླངས། ཨཱ་་་རི་མོ་འབྲི་སྟངས་ལ་དཔེ་བླངས་བྱས་བྲིས་པ་རེད་པ།
  __sgar bris da lta ngas/_kha sang zhus song nga /_bkra shis rnam pa gsum gyi srol gtod pa'i sgar bris zer nyan de/_sgar bris zer nyan {mkhan }'di/_ga re red zer na/_lha sku tshugs e _lha tshugs dang de tsho yin na/_'ong _sman lugs gzhir bzhag pa la/_yul ljongs bkod pa de/_a ni rgya nag ming rgyal rabs kyi thang ka la dpe blangs/_A ri mo 'bri stangs la dpe blangs byas bris pa red pa/
 • བརྟན་པ་རབ་བརྟན
    བྱས་ཙང་། ཨེ་་་སྒར་བྲིས་ཟེར་ཉན་༿མཁན་༾དེ། གྲུབ་མཐའ་དེ་འདྲས་ཤིག་སྲོལ་གཏོད་གནང་པ་རེད། བྱས་ཙང་། དཔེར་ན་འདིར་གཟིགས་དང་། འོང་་་ སྒར་བྲིས་ཀྱི་རི་མོ་དེ་ཚོ་ཨོ་་་ ཨེ་་་ཡུལ་ལྗོངས་བཀོད་པ་རྒྱག་ཡས་དང་། ད་འདི་ཚོ། རི་མོ་འདི་ཚོའི་འབྲི་སྟངས། ང་རང་ཚོའི་ཨོང་་་ མིང་རྒྱལ་རབས་སྐབས་ཀྱི་རྒྱ་ནག་གི་རི་མོ་འབྲི་སྟངས། འབྲི། ད་ཁང་པ་འབྲི་སྟངས་རེད། ད་ག་ནང་བཞིན་གྱི། ཤིང་འབྲི་སྟངས་རེད། དེ་ཚོ་ཨོང་་་་ རྒྱ་ནག་རི་མོ་དང་། ཐག་ཉེ་པོ་ཞེ་པོ་ཅིག་བྲིས་ཡོའོ་རེད༿ཡོད་རེད།༾
  __byas tsang /_e sgar bris zer nyan {mkhan }de/_grub mtha' de 'dras shig srol gtod gnang pa red/_byas tsang /_dper na 'dir gzigs dang /_'ong _sgar bris kyi ri mo de tsho o _e yul ljongs bkod pa rgyag yas dang /_da 'di tsho/_ri mo 'di tsho'i 'bri stangs/_nga rang tsho'i ong _ming rgyal rabs skabs kyi rgya nag gi ri mo 'bri stangs/_'bri/_da khang pa 'bri stangs red/_da ga nang bzhin gyi/_shing 'bri stangs red/_de tsho ong _rgya nag ri mo dang /_thag nye po zhe po cig bris yo'o red{yod red/}
 • བརྟན་པ་རབ་བརྟན
    ད་དུང་། ད་གའི་རྒྱབ་ད་གར་ཡོའོ་རེད༿ཡོད་རེད།༾ ཨ་ལེའེ་་་སྒུག་གནང་ཨ། འདའི༿འདིར།༾ འདི་ཚོ་རི་མོ་འདི་ཚོ་འགང་ག་ལོགས༿ཚང་མ།༾ གཟིགས་དང་། ཧ་གོ་རེད། ད་ཁང་པ་དེ་ཚོར་གཟིགས་ནའི་ཧ་གོ་ཀྱི་རེད།ད། འདི་ཚོ། ཁང་པ་འདི་ཚོ་རང་། ཐ་ན་འདི་ནས་མི་དེ་ཚོ་འགང་ག་ལོགས༿ཚང་མ།༾རྒྱ་ནག་མི་བྲིས་འདུག་ག དུག་ལོག་གཡོག་སྟངས་དེ་ཚོ། དེ་འདྲས་བྲིས་ཤག
  __da dung /_da ga'i rgyab da gar yo'o red{yod red/}_a le'e sgug gnang a/_'da'i{'dir/}_'di tsho ri mo 'di tsho 'gang ga logs{tshang ma/}_gzigs dang /_ha go red/_da khang pa de tshor gzigs na'i ha go kyi red/da/_'di tsho/_khang pa 'di tsho rang /_tha na 'di nas mi de tsho 'gang ga logs{tshang ma/}rgya nag mi bris 'dug ga_dug log g.yog stangs de tsho/_de 'dras bris shag
 • བརྟན་པ་རབ་བརྟན
    འདི་འདྲས་ཟེར། ཡ། ཡིན་ཡས་བྱས་ན། ཐང་ཀ་འདི་རང་སྟོན་པའི་མཛད་པ་རེད། མཛད་པ་བཅུ་གཉིས་ཀྱི་གྲས་རེད། ཨོང་་་དེ་གྱད་༿དེ་རྣམས།༾ བྱས་ཙང་། སྒར་བྲིས་ཀྱི་ཁྱད་ཆོས་དེ། སྒར་བྲིས་ཀྱི་ཁྱད་ཆོས་དེ། ཚོས་དེ་ཨོང་་་ སྲབ་པོ་ཞེ་དྲག་བཏང་གི་རེད། ཚོས་སྲབ་པོ་བྱས་ནས། འོག་གི་རས་རིས་དེ་ཚོ། ཕྱིར་མངོན་པ་ཞིག་བཏང་གི་རེད།
  __'di 'dras zer/_ya/_yin yas byas na/_thang ka 'di rang ston pa'i mdzad pa red/_mdzad pa bcu gnyis kyi gras red/_ong de gyad {de rnams/}_byas tsang /_sgar bris kyi khyad chos de/_sgar bris kyi khyad chos de/_tshos de ong _srab po zhe drag btang gi red/_tshos srab po byas nas/_'og gi ras ris de tsho/_phyir mngon pa zhig btang gi red/
 • བརྟན་པ་རབ་བརྟན
   འདའི༿འདི་ལ།༾ རས་ཀྱི་རི་མོ་མཐོང་གི་འདུག་ག ཡོལ་ལའི་འོག་ནས། ང་ཚོས་འདི་མཐོང་གི་མ་རེད་འདའི། ཡང་འདི་འདྲ་གི་མ་རེད། ཡང་འདི། ད་ཁོང་ཚོའི་ཐུན་མོང་མ་ཡིན་ཁྱད་ཆོས་དེ། ཡང་འདི་འདྲས་ཤིག་ཡོའོ་རེད༿ཡོད་རེད།༾ འདི་ཚོ། འདི་ཡའི༿ཡང་༾སྒར་བྲིས་རེད། འདི་ཡའི་༿ཡང་༾སྒར་བྲིས་རེད། ཚང་མ། ད་ངས་སྒར་བྲིས། ཨོང་་་ཞུ་ཡས་དེ་འདྲས་ཤིག་ཡིན། རེད་པ།
  _'da'i{'di la/}_ras kyi ri mo mthong gi 'dug ga_yol la'i 'og nas/_nga tshos 'di mthong gi ma red 'da'i/_yang 'di 'dra gi ma red/_yang 'di/_da khong tsho'i thun mong ma yin khyad chos de/_yang 'di 'dras shig yo'o red{yod red/}_'di tsho/_'di ya'i{yang }sgar bris red/_'di ya'i {yang }sgar bris red/_tshang ma/_da ngas sgar bris/_ong zhu yas de 'dras shig yin/_red pa/
 • བརྟན་པ་རབ་བརྟན
   ད་ཡང་ངས་ཀརྨ་སྒར་བྲིས་ཤིག་ངས་ངོས་སྦྱོར་ཞུས་དགོས་ཀྱི་ཡོའོ་རེད༿ཡོད་རེད།༾ ད་ཡང་། ཀརྨ་སྒར་བྲིས་ཤིག་འོས་སྦྱོར་ཞུས། རེད་པ། འོ་ད་ཐང་ཀ་འདི་གཉིས་ཀ་ལོགས། ཀརྨ་སྒར་བྲིས་རེད། རི་མོ་འདི་གཉིས་ཀརྨ་སྒར་བྲིས་ཟེར་ཉན་༿མཁན་༾དེ། ཀརྨ་པ་སྐུ་ཕྲེང་བཅུ་པ། ཡོའོ་རེད་པ་༿ཡོད་རེད་༾ལ། ཆོས་དབྱིངས་རྡོ་རྗེ། ཀརྨ་སྐུ་ཕྲེང་བཅུ་པ་ཆོས་དབྱིངས་རྡོ་རྗེས་སྲོལ་གཏོད་པའི་ཨ་་་ ཀརྨ་སྒར་བྲིས་ཟེར། མ་གཞི་སྒར་བྲིས་ཁོངས་སུ་གཏོགས་པ་རེད་དེ། འོ་ད་དེ་འདྲས་ཤིག་རེད།
  _da yang ngas karma sgar bris shig ngas ngos sbyor zhus dgos kyi yo'o red{yod red/}_da yang /_karma sgar bris shig 'os sbyor zhus/_red pa/_'o da thang ka 'di gnyis ka logs/_karma sgar bris red/_ri mo 'di gnyis karma sgar bris zer nyan {mkhan }de/_karma pa sku phreng bcu pa/_yo'o red pa {yod red }la/_chos dbyings rdo rje/_karma sku phreng bcu pa chos dbyings rdo rjes srol gtod pa'i a _karma sgar bris zer/_ma gzhi sgar bris khongs su gtogs pa red de/_'o da de 'dras shig red/
 • བརྟན་པ་རབ་བརྟན
    འོང་་་ ཞལ་ཐང་འདི་གཉིས་ཀ་ལོགས། ཀརྨ་སྒར་བྲིས་རེད།འདི། ཀརྨ་དུས་གསུམ་མཁྱེན་པ་རེད་པ་འདི། འོང་འདི། འདི་མཉམ་མེད་དྭགས་པོ་ལྷ་རྗེ་རེད། ལགས་འོང་ལ། འདི།  འོ་དེ་འདྲས་ཤིག་རེད། བྱས་ཙང་རི་མོ་འདི་འབྲི་སྟངས་གཟིགས་དང་། ཁོང་རྒྱལ་མོ་ཚ་བ་རོང་ལ། ཨ་ནི་་་ ཀརྨ་བ་སྐུ་ཕྲེང་བཅུ་པ་དེ། ཨེ་་་རྒྱུན་རིང་པོ་བཞུགས་དགོས་བྱུང་བ་རེད་པ།
  __'ong _zhal thang 'di gnyis ka logs/_karma sgar bris red/'di/_karma dus gsum mkhyen pa red pa 'di/_'ong 'di/_'di mnyam med dwags po lha rje red/_lags 'ong la/_'di/__'o de 'dras shig red/_byas tsang ri mo 'di 'bri stangs gzigs dang /_khong rgyal mo tsha ba rong la/_a ni _karma ba sku phreng bcu pa de/_e rgyun ring po bzhugs dgos byung ba red pa/
 • བརྟན་པ་རབ་བརྟན
   མར་ལ་འོང་། དེ་དུས་སྒང་ལ་ཨ་ནི་་་ རྒྱ་ནག་རི་མོ་ལ་སློབ་སྦྱོང་གནང་ནས། ཨ་ནི་་་ ཁོང་གིས། ཀརྨ་སྒར་བྲིས་ཟེར་ཉན་༿མཁན་༾དེ་སྲོལ་གཏོད་གནང་པ་རེད། ད་འདི་ཀརྨ་སྒར་བྲིས། དེང་སང་འདི་འདྲས་བྲིས་མཁན་ཧ་ལམ་༿ཕལ་ཆེར་༾མཐོང་ཡས་མི་འདུག་ངས། ཀརྨ་སྒར་བྲིས་ཡིན་ཟེར་གྱིས་དེ། རི་མོ་འདི་འདྲས། སྙིང་རྗེ་པོ་འདི་འདྲས་བྲིས་ཐུབ་མཁན། རྒྱུ་ནས་༿རྩ་བ་ནས་༾མི་འདུག་ད།
  _mar la 'ong /_de dus sgang la a ni _rgya nag ri mo la slob sbyong gnang nas/_a ni _khong gis/_karma sgar bris zer nyan {mkhan }de srol gtod gnang pa red/_da 'di karma sgar bris/_deng sang 'di 'dras bris mkhan ha lam {phal cher }mthong yas mi 'dug ngas/_karma sgar bris yin zer gyis de/_ri mo 'di 'dras/_snying rje po 'di 'dras bris thub mkhan/_rgyu nas {rtsa ba nas }mi 'dug da/
 • བརྟན་པ་རབ་བརྟན
   ད་འདི་ལ། དངོས་གནས་དྲང་གནས་ཧང་སང་དགོས་ཡས་བྲིས་ཡོའོ་རེད་༿ཡོད་རེད་༾ད། ཐ་ན་རྦད་དེ་ཆུ་དེ་ཚོ། དེ་ཚོ་འགང་ག་༿ཚང་མ་༾རྦད་དེ། བྲག་དེ་ཚོ་འབྲི་སྟངས་དེ་ཚོ་འགང་ག་ལོགས༿ཚང་མ།༾ ང་རང་ཚོའི་ཨོང་་་ ང་རང་ཚོའི་ཀྲུང་གོའི་རི་མོ་ནང་བཞིན་བྲིས་ཡོའོ་རེད༿ཡོད་རེད་༾ད། ཀྲུང་གོའི་རི་མོ་ནང་བཞིན། ཀྲུང་གོའི་རི་མོའི་ནང་ལ། ཆུ་དེ་ཚོ་འགྲོ་སྟངས་དེ་ཚོ་འགང་ག་ལོགས༿ཚང་མ།༾ ཀྲུང་གོའི་རི་མོ་རང་བྲིས་ཡོའོ་རེད༿ཡོད་རེད།༾ ད་འདའི༿འདི་ལ།༾
  _da 'di la/_dngos gnas drang gnas hang sang dgos yas bris yo'o red {yod red }da/_tha na rbad de chu de tsho/_de tsho 'gang ga {tshang ma }rbad de/_brag de tsho 'bri stangs de tsho 'gang ga logs{tshang ma/}_nga rang tsho'i ong _nga rang tsho'i krung go'i ri mo nang bzhin bris yo'o red{yod red }da/_krung go'i ri mo nang bzhin/_krung go'i ri mo'i nang la/_chu de tsho 'gro stangs de tsho 'gang ga logs{tshang ma/}_krung go'i ri mo rang bris yo'o red{yod red/}_da 'da'i{'di la/}
 • བརྟན་པ་རབ་བརྟན
    གཟིགས་དང་། དེ་ཚོ། ཐ་ན་ཤིང་དེ་ཚོ་ཅི་དག་རྦད་དེ་ཞེ་པོ་ཅིག་བྲིས་ཡོའོ་རེད༿ཡོད་རེད་༾ དེ་ཚོ་འགང་ག་ལོགས༿ཚང་མ།༾ཤིང་དེ་ཚོ་འགྲོ་སྟངས་དེ་ཚོ། ང་ཚོ་ཡིན་ན། ད་རྒྱ་སྐད་བརྒྱབ་ན་གོའོ་ཧོག་༼རྒྱ་ནག་གི་རི་མོ༽ཟེར་གྱི་རེད་པ་ལ། འོང་་་ འོ་ད། རྒྱ་སྲོལ་རི་མོ་ད་ག་རང་བྲིས་ཡོའོ་རེད་༿ཡོད་རེད་༾ད། རྦད་དེ་ཇི་མ་ཇི་བཞིན་ཁོ་རང་བྲིས་གནང་ཤག
  __gzigs dang /_de tsho/_tha na shing de tsho ci dag rbad de zhe po cig bris yo'o red{yod red }_de tsho 'gang ga logs{tshang ma/}shing de tsho 'gro stangs de tsho/_nga tsho yin na/_da rgya skad brgyab na go'o hog (rgya nag gi ri mo)zer gyi red pa la/_'ong _'o da/_rgya srol ri mo da ga rang bris yo'o red {yod red }da/_rbad de ji ma ji bzhin kho rang bris gnang shag
 • བརྟན་པ་རབ་བརྟན
   ཡིན་ནའི་ཡང་། ལྷ་སྐུའི་གཟུགས་དེ། ང་ཚོ་བོད་རང་གི་ལུགས་གནང་ཤག། ལགས་འོང་ལ། ལྷ་སྐུ་དེ་འབྲི་སྟངས་དེ། དེ་ཡུལ་ལྗོངས་བཀོད་པ་དེ། འདི་འདྲས་ཤིག་གནང་ཡོའོ་རེད༿ཡོད་རེད།༾ མི་འདྲ་བ་དེ། འོ་ད་དེ་འདྲས་ཤིག་ཡོའོ་རེད༿ཡོད་རེད།༾ བྱས་ཙང་ངས་མཚམས་སྦྱོར་ཞུ་ཡས་དེ། ཀརྨ་སྒར་བྲིས་འོ་དེ་འདྲས་ཤིག་རེད། ང་ཚོས། ཨོ་་་ངས་མཚམས་སྦྱོར་ཞུ་ཡས་ད་དེ་འདྲས་འདྲ་གཅིག་ཡིན།
  _yin na'i yang /_lha sku'i gzugs de/_nga tsho bod rang gi lugs gnang shag/_lags 'ong la/_lha sku de 'bri stangs de/_de yul ljongs bkod pa de/_'di 'dras shig gnang yo'o red{yod red/}_mi 'dra ba de/_'o da de 'dras shig yo'o red{yod red/}_byas tsang ngas mtshams sbyor zhu yas de/_karma sgar bris 'o de 'dras shig red/_nga tshos/_o ngas mtshams sbyor zhu yas da de 'dras 'dra gcig yin/
 • བརྟན་པ་རབ་བརྟན
   ཀརྨ་སྒར་བྲིས་ཟེར་ཡས་དེ། སྒར་བྲིས་ཁོངས་སུ་གཏོགས་པ་གཅིག་རེད། ལགས་འོང་ལ། བརྩམས་བྱ་ཤིག་རེད། ཨ་ནི་་་གྲུབ་མཐའ་ལྔ་དེ་འགྲིག་སོང་ང་། ལོ་ཧེ་ཧེ་་་་་་་།
  _karma sgar bris zer yas de/_sgar bris khongs su gtogs pa gcig red/_lags 'ong la/_brtsams bya shig red/_a ni grub mtha' lnga de 'grig song nga /_lo he he /
 • བརྟན་པ་རབ་བརྟན
   སྒར་བྲིས་ཟེར་དུས་སྒང་ནས་༿སྐབས་སུ།༾ ཨོང་་་ ད་ཁོ་རང་ཨོང་་་ སྒར་ཟེར་ཉན་༿མཁན་༾དེ་ད་ཕལ་ཆེར། ཨོ་་་ཁམས་ཁུལ་ལ་མར་གཅིག་གི་མིང་འདྲ་ཞིག་མིན་ནམ།ད། གང་ལྟར་སྲོལ་གཏོད་མཁན་ནི་ནམ་མཁའ་བཀྲ་ཤིས་རེད། འོང་་་ སྒར་བྲིས་ཟེར་བཏགས་འདུག་ག
  _sgar bris zer dus sgang nas {skabs su/}_ong _da kho rang ong _sgar zer nyan {mkhan }de da phal cher/_o khams khul la mar gcig gi ming 'dra zhig min nam/da/_gang ltar srol gtod mkhan ni nam mkha' bkra shis red/_'ong _sgar bris zer btags 'dug ga
 • བརྟན་པ་རབ་བརྟན
   ད་འདི་ལ་ཀརྨ་སྒར་བྲིས་ཟེར་ཡས་དེ། ཀརྨ་སྐུ་ཕྲེང་བཅུ་པས་སྲོལ་གཏོད་པ་རེད་པ་ལ། འོ་བྱས་ཙང་ཨ་ནི་་་་ཀརྨ་སྒར་བྲིས་ཟེར་བཏགས་པ་རེད་པ། འོ་དེ་འདྲས་ཤིག་ལ་རེད།
  _da 'di la karma sgar bris zer yas de/_karma sku phreng bcu pas srol gtod pa red pa la/_'o byas tsang a ni karma sgar bris zer btags pa red pa/_'o de 'dras shig la red/
 • བརྟན་པ་རབ་བརྟན
   ད་འདིའི་ནང་ལ། ཨོ་་་ང་ཚོའི་དེའི་ཡོའོ་རེད༿ཡོད་རེད།༾ ག་རེ་ཟག་༿ཟེར་༾མ་གཞི། སྨན་གསར་གྱི་རི་མོ་ཡོའོ་རེད༿ཡོད་རེད་༾ འདི་གཙང་ངོས་ཀྱི་རི་མོ་རེད།དེ། བཀྲ་ཤིས་ལྷུན་པོ་ངོས་ཀྱི། གཞིས་ཀ་རྩེ་གི་ངོས་ཀྱི་རི་མོ་རེད། ཐང་ཀ་འདི་གཟིགས་དང་། འདི་སྨན་གསར་ཁོངས་གཏོགས་རེད། སྨན་གསར་ཆོས་དབྱིངས་རྒྱ་མཚོ་ཟེར་ཉན་༿མཁན་༾དེས་སྲོལ་གཏོད་གནང་པ་རེད།
  _da 'di'i nang la/_o nga tsho'i de'i yo'o red{yod red/}_ga re zag {zer }ma gzhi/_sman gsar gyi ri mo yo'o red{yod red }_'di gtsang ngos kyi ri mo red/de/_bkra shis lhun po ngos kyi/_gzhis ka rtse gi ngos kyi ri mo red/_thang ka 'di gzigs dang /_'di sman gsar khongs gtogs red/_sman gsar chos dbyings rgya mtsho zer nyan {mkhan }des srol gtod gnang pa red/
 • བརྟན་པ་རབ་བརྟན
   འོང་་་འདི། ཆོས་དབྱིངས་རྒྱ་མཚོས་སྲོལ་གཏོད་པའི་ཞལ་ཐང་རེད། དེ་ཨོང་་་ བཀྲ་ཤིས་ལྷུན་པོ་ངོས་ཀྱི་རི་མོ་འབྲི་སྟངས་རེད། འདི་ཚོ། གཙང་བྲིས་ཟེར། ང་ཚོས་སྤྱིར་བཏང་མང་ཆེ་བ་གཙང་བྲིས་ཟེར་གྱི་རེད་དེ། ཡིན་ཡས་བྱས་ན་སྨན་གསར་རེད་འདི། འོ་དེ་འདྲས་ཤིག་ལ་རེད།
  _'ong 'di/_chos dbyings rgya mtshos srol gtod pa'i zhal thang red/_de ong _bkra shis lhun po ngos kyi ri mo 'bri stangs red/_'di tsho/_gtsang bris zer/_nga tshos spyir btang mang che ba gtsang bris zer gyi red de/_yin yas byas na sman gsar red 'di/_'o de 'dras shig la red/
 • བརྟན་པ་རབ་བརྟན
  ཡང་འདི་འདྲ་གི་མི་འདུག་ག ཉམས་འགྱུར་འདྲ་གི་མ་རེད། ལགས་འོང་། འོ་དེ་འདྲས་ཟེར་རེད། ད་ངས་མཚམས་སྦྱོར་ཞུ་ཡས་ད་ག་ཡིན། ངོ་སྤྲོད་ཞུ་ཡས།
  yang 'di 'dra gi mi 'dug ga_nyams 'gyur 'dra gi ma red/_lags 'ong /_'o de 'dras zer red/_da ngas mtshams sbyor zhu yas da ga yin/_ngo sprod zhu yas/
 • སྐད་ཆ་དྲི་མཁན
  སྒར་བྲིས་དེ་གོའོ་ཧོག་༼རྒྱའི་རི་མོ༽དང་ཆ་རེད་པས།
  sgar bris de go'o hog (rgya'i ri mo)dang cha red pas/
 • བརྟན་པ་རབ་བརྟན
   གོའོ་ཧོག་༼རྒྱའི་རི་མོ༽དང་ཡུལ་ལྗོངས་བཀོད་པ་དེ་ཚོ་འདྲ་པོ་བྱས། སྒར་བྲིས་དེ། ཨོང་་་ཡང་། ལྷ་དང་དེ་ཚོ་ང་རང་ཚོ་བོད་རང་གི་ལུགས་བྱས། ཨ་ནི་་་ཡང་། རྦད་བརྒྱ་ཆ་བརྒྱ་ཐམ་པ་རང་། ཨོང་་་ གོའོ་ཧོག་༼རྒྱའི་རི་མོ༽ནང་བཞིན་མ་བྲིས་པ་བྱས། ང་ཚོ་བོད་ཀྱི་རི་མོའི་ཏོག་ཙམ་བསྲེས། འོ་དེ་འདྲས་བྲིས་ཀྱི་འདུག།
  _go'o hog (rgya'i ri mo)dang yul ljongs bkod pa de tsho 'dra po byas/_sgar bris de/_ong yang /_lha dang de tsho nga rang tsho bod rang gi lugs byas/_a ni yang /_rbad brgya cha brgya tham pa rang /_ong _go'o hog (rgya'i ri mo)nang bzhin ma bris pa byas/_nga tsho bod kyi ri mo'i tog tsam bsres/_'o de 'dras bris kyi 'dug/