Skip to main content Skip to search
06 Jan 2016
4 min 29 sec
Bradley Aaron
Video Overview
Creators: 
Tibetan & Himalayan Library

This is a video of Tsering Jyi from Yonru Village in Chentsa singing a song called "The Joyous Thundering of the Dragon in the Sky." This song is part of a collection of folk songs from the Rebgong cultural area.

འདི་ནི་བསྟོད་གླུ་ཞིག་ཡིན།  བདེ་སྐྱིད་ཀྱི་འཚོ་བར་བསྟོད་པའི་གླུ་ཞིག་ཡིན།

གླུ་འདིའི་ནང་དོན་གཙོ་བོ་ནི་སེམས་ཅན་ཀུན་ཚ་བས་གདུང་དུས་འབྲུག་གྲགས་ན་སྣང་བ་སྐྱིད་པ་དང་ཆར་བབས་ན་ལྷག་ཏུ་སྐྱིད་པ་བརྗོད་ཡོད་པ་དང་འབྲོང་རང་དབང་གིས་རྫ་ནས་བསྡད་ན་སྐྱིད་པ་དང་འབྲོང་བརྒྱ་ཚོགས་ཏེ་རྩྭ་མཉམ་ཟ་བྱས་ན་ལྷག་ཏུ་སྐྱིད་པར་དཔེ་བྱས་ཏེ་མི་མང་པོ་འདུ་སའི་གྲལ་ནས་གླུ་བླངས་ན་སྐྱིད་པ་དང་ཁ་ཇ་ཆང་འཛོམས་ན་ལྷག་ཏུ་སྐྱིད་པ་བརྗོད་ཡོད།

Transcript search
No results found for this search
0 of 0
  • ༼ཡེ་་་འཁོར་ཡ་རེ་འཁོར་་་འཁོར་རེ་གླུ་ཞིག་ལེན། ངས་གླུ་སྐྱིད་པོ་ལེན་ན་འཁོར་ཡ་རེ་འཁོར་་་འཁོར་རེ་སྐྱིད་པོ་ལེན༽
  • འབྲུག་དགུང་ནས༼འཁོར་ཡ་རེ་འཁོར་་་་འཁོར་རེ༽གྲགས་ན་སྐྱིད་པོ་རེད།།
  • ཆར་ས་ལ་བབས་ལ༼འཁོར་ཡ་རེ་འཁོར་་་་འཁོར་རེ༽ཡང་སྐྱིད་རེད།།
  • ༼ཡེ་་་འཁོར་ཡ་རེ་འཁོར་་་འཁོར་རེ་གླུ་ཞིག་ལེན། ངས་གླུ་སྐྱིད་པོ་ལེན་ན་འཁོར་ཡ་རེ་འཁོར་་་འཁོར་རེ་སྐྱིད་པོ་ལེན༽
  • འབྲོང་རྫ་ནས་བསྡད་ན༼འཁོར་ཡ་རེ་འཁོར་་་་འཁོར་རེ༽སྐྱིད་པོ་རེད།
  • རྩྭ་མཉམ་ཟ་བྱས་ན༼འཁོར་ཡ་རེ་འཁོར་་་་འཁོར་རེ༽མཉམ་སྐྱིད་རེད།།
  • ༼ཡེ་་་འཁོར་ཡ་རེ་འཁོར་་་འཁོར་རེ་གླུ་ཞིག་ལེན། ངས་གླུ་སྐྱིད་པོ་ལེན་ན་འཁོར་ཡ་རེ་འཁོར་་་འཁོར་རེ་སྐྱིད་པོ་ལེན༽
  • གླུ་གྲལ་ནས་ལངས་ན༼འཁོར་ཡ་རེ་འཁོར་་་་འཁོར་རེ༽སྐྱིད་པོ་རེད།
  • ཁ་ཇ་ཆང་འཛོམས་ན༼འཁོར་ཡ་རེ་འཁོར་་་་འཁོར་རེ༽ཡང་སྐྱིད་རེད།།
  • གླུ་ཤེས་ནི་མིན་ར༼འཁོར་ཡ་རེ་འཁོར་་་་འཁོར་རེ༽དགའ་ནི་བྱོས།།