Skip to main content Skip to search
01 Sep 2018
3 min 31 sec
Ariana Maki
Video Overview
Creators: 
Duptho, Sonam Chophel

Kinzang Lhamo and Dema from Degorbum village in Tashiyangtse district sing a song called "Lha Sa Jokhang". It was performed to exchange feelings of either love or difference of opinion. The song was mostly sung for entertainment, on formal occasions or while circumnavigating a chorten.

བཀྲ་ཤིས་གཡང་རྩེ་བདེ་སྒོརམ་ལས་ལས་ཨིན་མི་ ཨམ་ཀུན་བཟང་ལྷ་མོ་དང་ གླུ་གཞས་ལྷ་ས་འགྱོ་ཁང་ཟེར་མི་འདི་ འཐེན་དེ་ཡོདཔ་ཨིན་མས། གླུ་གཞས་དེ་ཡང་ རྩང་མོ་བཟུམ་འབད་ སེམས་ཁ་ལུ་ག་ཅི་མནོ་མི་དེ་ ཕྱི་ལས་སྟོན་ཚུགས་པའི་ཐམ་ར་བས་ལུ་ཨིན་མས། གླུ་གཞས་དེ་ངོ་སྤྲོ་སྟོན་པའི་སྐབས་འཐེན་དོ་ཡོདཔ་ཨིན་མས། 

 

Transcript search
No results found for this search
0 of 0
  • ཀུན་བཟང་ལྷ་མོ་ Kinzang Lhamo
    ལྷ་ས་ཇོ་ཁང་ནང་ལ་ལེ། །སྭོ་ལེགས་མོ་ཡ། དཀར་མེ་རླུང་གིས་གཡབ་ཡུམ་(དོ་)ལེ། །སྭོ་ལེགས་མོ་ཡ། བར་ཆད་བྱུང་པི་མ་གཏོགས་ལེ། །སྭོ་ལེགས་མོ་ཡ། ལས་འཕྲོ་རྫོགས་ནི་མ་རྫོགས་ལེ། །སྭོ་ལེགས་མོ་ཡ།
  • སྒྲོལ་མ་ Dema
    ལྕང་མ་ལྕང་ཤིང་ཡ་ག་ལེ། །སྭོ་ལེགས་མོ་ཡ། ཡར་ལུང་ནང་གི་ལྕང་མ་ལེ། །སྭོ་ལེགས་མོ་ཡ། ལྕང་མ་རིང་ཐུང་མེད་པ་ལེ། །སྭོ་ལེགས་མོ་ཡ། ནོར་བུ་གླིང་གི་ལྕང་མ་ལེ། །སྭོ་ལེགས་མོ་ཡ།
  • ཀུན་བཟང་ལྷ་མོ་ Kinzang Lhamo
    སྤང་གཤོང་བདེ་མོ་ནང་ལ་ལེ། །སྭོ་ལེགས་མོ་ཡ། ཤ་བ་ཡར་འགྲོ་མར་འགྲོ་ལེ། །སྭོ་ལེགས་མོ་ཡ། ཡར་འགྲོ་རྩ་ཡང་མི་ཟ་ལེ། །སྭོ་ལེགས་མོ་ཡ། མར་འགྲོ་ཆུ་ཡང་མི་འཐུང་ལེ། །སྭོ་ལེགས་མོ་ཡ།
  • སྒྲོལ་མ་ Dema
    ཁྱོད་ཀྱིས་ཨོ་ད་མ་གསུངས་ལེ། །སྭོ་ལེགས་མོ་ཡ། རྒྱ་མཚོ་ཆེན་མོ་སྐམ་དོ་ལེ། །སྭོ་ལེགས་མོ་ཡ། རྒྱ་མཚོ་ཆེན་མོ་སྐམ་སེ་ལེ། །སྭོ་ལེགས་མོ་ཡ། ཉ་དང་སྦལ་པོ་ཤི་དོ་ལེ། །སྭོ་ལེགས་མོ་ཡ།
  • ཀུན་བཟང་ལྷ་མོ་ Kinzang Lhamo
    ཤིང་དང་ཤོ་མ་གཉིས་ཀུ་ལེ། །སྭོ་ལེགས་མོ་ཡ། མ་འབྲལ་གཏམ་གྱི་ཁ་ཚིག་ལེ། །སྭོ་ལེགས་མོ་ཡ། རླུང་པོ་གཡོ་སྒྱུ་ཆེ་སྟེ་ལེ། །སྭོ་ལེགས་མོ་ཡ། མ་འབྲལ་རང་དབང་མིན་འདུག་ལེ། །སྭོ་ལེགས་མོ་ཡ།
  • སྒྲོལ་མ་ Dema
    རྒྱ་ཤོག་དཀར་པོའི་ལོགས་ལ་ལེ། །སྭོ་ལེགས་མོ་ཡ། སྣག་ཚ་མ་ལུས་སངས་སོང་ལེ། །སྭོ་ལེགས་མོ་ཡ། སྨྱུ་གུ་དྭངས་སང་དབང་པོ་ལེ། །སྭོ་ལེགས་མོ་ཡ། ག་ལ་ཡུག་ཡུག་ཡིན་པ་ལེ། །སྭོ་ལེགས་མོ་ཡ།
  • ཀུན་བཟང་ལྷ་མོ་ Kinzang Lhamo
    ནམ་གྱི་(གནམ་བསྐོས་)ཚེ་དབང་བུམ་པ་ལེ། །སྭོ་ལེགས་མོ་ཡ། ཁར་རྒྱན་མེད་པའི་དུས་ཚོད་ལེ། །སྭོ་ལེགས་མོ་ཡ། གྲོགས་པོ་རྒྱ་ལ་ཕེབས་འདུག་ལེ། །སྭོ་ལེགས་མོ་ཡ། རྨ་བྱ་མདོང་སྒྲོ་འཁྱེར་ཤོག་ལེ། །སྭོ་ལེགས་མོ་ཡ།
  • སྒྲོལ་མ་ Dema
    ལགས་སོ།། །།