Skip to main content Skip to search
01 Sep 2018
2 min 55 sec
Ariana Maki
Video Overview
Creators: 
Duptho, Sonam Chophel

Dema sings a song called "Amo Lenchi Sung La", which she learned from her grandfather when she was 16 years old. The song was sung when great leaders and ministers visit her village and it shows commitment and loyalty. It was especially performed when a gift or service was provided.

ཨེ་མོ་ལན་ཅིག་སོང་ལ་ ཟེར་བའི་གླུ་གཞས་འདི་ ཨམ་སྒྲོལ་མ་གྱི་འཐེན་འདི་ ཡོདཔ་ཨིན། དེ་ཡང་མོ་གྱི་ཨ་རྒས་ གོ་དང་པ་གདུང་བསམ་སློབ་གྲ་་ནང་ལུ་ འཛུལ་བཞུགས་འབད་བའི་སྐབས་ འཐེན་དོ་ཡོདཔ་ཨིན་མས། མོ་ལོ་བཅུ་དྲུག་འབདཝ་ད་ལུ་ མོ་གྱི་མོ་རའི་ཨ་རྒས་ནང་ལས་ ལྷབ་ལྷབ་ཨིན་མས། ཞབས་བྲོ་དེ་ གཡུས་ཁ་ལུ་རྒྱལཔོ་དང་བློན་པོ་རྣམས་  འབྱོན་པའི་སྐབས་འཐེན་དོ་ཡོདཔ་ཨིན་མས།

 

Transcript search
No results found for this search
0 of 0
  • སྒྲོལ་མ་ Dema
    ཨེ་མོ་ལན་ཅིག་གསུང་ལ། །གདུང་བསམ་ནོར་བུའི་གླིང་ལ། །གསེར་གྱི་མེ་ཏོག་ཤར་ཡོད། །[སྣང་བ་?]གསེར་གྱི་མེ་ཏོག །དཀོན་མཆོག་དྲུང་དུ་ཕུལ་ཤོག །[སྣང་བ་?]གསེར་གྱི་མེ་ཏོག །དཀོན་མཆོག་དྲུང་དུ་ཕུལ་ཤོག །
  • སྒྲོལ་མ་ Dema
    ཨེ་མོ་ལན་ཅིག་གསུང་ལ། །སློབ་གྲྭ་པདྨ་དགའ་ཚལ། །མི་སྡོད་བསམ་པ་མིན་འདུག །ཤེས་བྱ་རིག་པའི་ཡོན་ཏན། །གོང་ནས་གོང་དུ་འཕེལ་ཤོག །ཤེས་བྱ་རིག་པའི་ཡོན་ཏན། །གོང་ནས་གོང་དུ་འཕེལ་ཤོག །
  • སྒྲོལ་མ་ Dema
    ཨེ་མོ་ལན་ཅིག་གསུང་ལ། །དགོན་ལ་དགོན་གཅིག་དགའ་བའི། །དགོན་བཟང་ཡོངས་ལ་དགོན་པ། །མི་དབང་འཇིགས་མེད་སེང་གེས། །ཆོས་འཁོར་བསྐོར་བའི་གདན་ས། །མི་དབང་འཇིགས་མེད་སེང་གེས། །ཆོས་འཁོར་བསྐོར་བའི་གདན་ས། །
  • སྒྲོལ་མ་ Dema
    ཨེ་མོ་ལན་ཅིག་གསུང་ལ། །གཟུགས་ཚོགས་ལང་ཚོ་བསྐྱེད་པའི། །ཡབ་ཡུམ་གཉིས་ཀྱི་བཀའ་དྲིན། །[སྤྱི་གཙུག་གནམ་མཁའི་མདུན་ལ། །མ་འགྱུར་བཞིན་དུ་ཕུལ་ཤོག །སྤྱི་གཙུག་གནམ་མཁའི་བདུན་ལ། །མ་འགྱུར་བཞིན་དུ་ཕུལ་ཤོག །?]
  • སྒྲོལ་མ་ Dema
    ཨེ་མོ་ལན་ཅིག་གསུང་ལ། །ཕྱི་ནི་སངས་རྒྱས་ཞིང་ཁམས། །ནང་ནི་ཆོས་ཀྱི་མེ་ཏོག །མཐོང་གྲོལ་མཇལ་བ་ཙམ་གྱིས། །ངན་སོང་སྡུག་བསྔལ་འགྲོལ་ཤོག །མཐོང་གྲོལ་མཇལ་བ་ཙམ་གྱིས། །ངན་སོང་སྡུག་བསྔལ་འགྲོལ་ཤོག །
  • སྒྲོལ་མ་ Dema
    ལགས་སོ།། །།