Skip to main content Skip to search
19 Oct 2017
6 min 7 sec
Video Overview
Creators: 
Yeshi Wangchuk
Transcript search
No results found for this search
0 of 0
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    ཡ།
  • སྣ་འཛོམས་དང་ཀུན་བཟང་ཆོས་སྒྲོན Nazom and Kuenzang Choden
    ནོར་བུ་རི་འདི་སྤང་གཤོང་བདེ་མོ་འདྲ་ལ། །རྒྱབ་ལ་གསེར་ཤོག་སྤང་གི་མེ་ཏོག་འདྲ། །སྭོ་རྒྱབ་ལ་གསེར་ཤོག་སྤང་གི་མེ་ཏོག་འདྲ། །
  • སྣ་འཛོམས་དང་ཀུན་བཟང་ཆོས་སྒྲོན Nazom and Kuenzang Choden
    སྤང་གི་མེ་ཏོག་སྤང་གི་སྦུག་ལ་ཡལ་ལ། །བུ་མོའི་བརྒྱ་ཚོགས་ཁམས་པའི་ཡུལ་དུ་འགྲོ། །བུ་མོ་བརྒྱ་ཚོགས་ཁམས་པའི་ཡུལ་དུ་འགྲོ། །
  • སྣ་འཛོམས་དང་ཀུན་བཟང་ཆོས་སྒྲོན Nazom and Kuenzang Choden
    གཟིམ་ཅུང་བཀྲིས་གཡག་ཆགས་ཞག་གཅིག་ཉལ་ལ། །གཟིམ་ཅུང་མིག་གིས་མ་མཐོང་ཞག་གཉིས་ལུས། །སྭོ་གཟིམ་ཅུང་མིག་གིས་མ་མཐོང་ཞག་གཉིས་ལུས། །
  • སྣ་འཛོམས་དང་ཀུན་བཟང་ཆོས་སྒྲོན Nazom and Kuenzang Choden
    བུ་མོའི་སྐེ་ལ་བཏགས་པའི་གའུ་ཅུང་འདི་ལ། །བུ་མོའི་ཕ་ཡུལ་ཡིན་ན་དགའ་བ་ལ། །སྭོ་བུ་མོའི་ཕ་ཡུལ་ཡིན་ན་སྐྱིད་པ་ལ། །
  • སྣ་འཛོམས་དང་ཀུན་བཟང་ཆོས་སྒྲོན Nazom and Kuenzang Choden
    གའུ་གི་ནང་དུ་བཞུགས་པའི་དམ་རྫས་འདི་ལ། །[རྒྱབ་ལ་གསེར་ཤོག་?]ཡིན་ན་དགའ་བ་ལ། །སྭོ་[ཇོ་བོ་ལ་གསེར་ཤོག་?]ཡིན་ན་སྐྱིད་པ་ལ། །
  • སྣ་འཛོམས་དང་ཀུན་བཟང་ཆོས་སྒྲོན Nazom and Kuenzang Choden
    [དོན་འབྲས་རྒྱ་ཐང་རྒྱ་ཡི་?]ས་རུ་བཙུགས་ལ། །[དོན་འབྲས་ས་ལ་གསེར་སྦྱང་མ་ཆགས་ཤིག །སྭོ་དོན་འབྲས་ས་ལ་གསེར་སྦྱང་མ་ཆགས་ཤིག །?]
  • སྣ་འཛོམས་དང་ཀུན་བཟང་ཆོས་སྒྲོན Nazom and Kuenzang Choden
    [གཡོག་པོ་ཁ་ལ་ཉན་པའི་ཕ་ཡི་བུ་ལ། །རྟ་པོ་རི་ལས་ཀོང་ཤོག་ཕ་ཡི་བུ། །སྭོ་རྟ་པོ་རི་ལས་ཀོང་ཤོག་ཕ་ཡི་བུ། །?]
  • སྣ་འཛོམས་དང་ཀུན་བཟང་ཆོས་སྒྲོན Nazom and Kuenzang Choden
    རྟ་པོ་དཀར་མའི་གླིང་ལ་འགྲོ་འཁྱིད་ཤོག་ལ། །རྟ་པོའི་ཨ་མ་སེམས་པ་མ་སྐྱོ་ཤིག །སྭོ་རྟ་པོའི་ཨ་མ་སེམས་པ་མ་སྐྱོ་ཤིག །
  • སྣ་འཛོམས་དང་ཀུན་བཟང་ཆོས་སྒྲོན Nazom and Kuenzang Choden
    གཏན་རྐྱང་དཀར་མའི་གླིང་ལ་སྡོད་དུ་མེད་ལ། །རྟ་ལ་ཨེར་ཀ་བཏགས་ནས་ལོག་ནས་ཡོང་། །སྭོ་རྟ་ལ་ཨེར་ཀ་བཏགས་ནས་ལོག་ནས་ཡོང་། །
  • སྣ་འཛོམས་དང་ཀུན་བཟང་ཆོས་སྒྲོན Nazom and Kuenzang Choden
    བུ་ཆུང་ཁམས་པའི་ཡུལ་དུ་འགྲོ་ཅིག་བྱུང་ལ། །བུ་ཡི་ཨ་མ་ཐུགས་སེམས་མ་སྐྱོ་ཤིག །སྭོ་བུ་ཡི་ཨ་མ་ཐུགས་སེམས་མ་སྐྱོ་ཤིག །
  • སྣ་འཛོམས་དང་ཀུན་བཟང་ཆོས་སྒྲོན Nazom and Kuenzang Choden
    གཏན་རྐྱང་ཁམས་པའི་ཡུལ་དུ་སྡོད་དུ་མེད་ལ། །གཏམ་དང་ཚིག་གསུམ་བཤད་ནས་ལོག་ནས་ཡོང་། །སྭོ་གཏམ་དང་ཚིག་གསུམ་བཤད་ནས་ལོག་ནས་ཡོང་། །
  • སྣ་འཛོམས་དང་ཀུན་བཟང་ཆོས་སྒྲོན Nazom and Kuenzang Choden
    བུ་མོ་མི་ཡུལ་བསྐོར་ནས་འགྲོ་ཅིག་བྱུང་ལ། །བུ་མོའི་ཨ་མ་སེམས་པ་མ་སྐྱོ་ཤིག །སྭོ་བུ་མོའི་ཨ་མ་སེམས་པ་མ་སྐྱོ་ཤིག །
  • སྣ་འཛོམས་དང་ཀུན་བཟང་ཆོས་སྒྲོན Nazom and Kuenzang Choden
    གཏན་རྐྱང་མི་ཡུལ་བསྐོར་ནས་སྡོད་དུ་མེད་ལ། །གླུ་དང་མ་ཎི་རྒྱབ་ནས་ལོག་ནས་ཡོང་། །སྭོ་གླུ་དང་མ་ཎི་རྒྱབ་ནས་ལོག་ནས་ཡོང་།། །།