Skip to main content Skip to search
24 Oct 2017
14 min 18 sec
Rinchen Dorji
Video Overview
Creators: 
Dawa Tshering

Monk Nima Tshering of Bongo talks about the importance of Jabzhi and Lochay rituals. His religious text says that the Jabzhi ritual originated during the time of Shakyamuni Buddha. Lord Brahma was seriously ill, and to cure his illness Lord Buddha performed the Jabzhi ritual. This ritual can be performed by 10, 12, 21 or 100 monks. The ritual is performed when a person is sick, or when misfortune occurs in the community. The ritual requires an effigy to be prepared, to which all sickness will be transferred from the sick person. Lochay, the annual ritual, is performed in each household annually, to appease the deities of their locality. People believe Lochay dispels misfortunes and blesses them with wealth and good health.

ཆོས་དང་འཁྲིལ་བ་ཅིན་ རྒྱབ་བཞི་ཆོ་ག་འདི་ སངས་རྒྱས་བཅོམ་ལྡན་འདས་ཀྱི་སྐབས་ལས་ བྱུང་བྱུངམ་ཨིན་ཟེར་མས། ལྷ་ཚངསཔ་འདི་ སྐུ་སྙུང་སྟེ་བཞུགས་པའི་སྐབས་ ནད་ལས་དྲག་ནིའི་ཐབས་ལུ་་ སངས་རྒྱས་བཅོམ་ལྡན་འདས་ཀྱིས་ ཆོ་ག་འདི་བཏང་བཏངམ་ཨིན་མས། དགེ་སློང་ ༡༠ ་དང་ ༡༢་ ཡང་ན་ ༢༡ དང་ ༡༠༠ ་སྦེ་ཡང་བཏང་བཏུབ་ཨིན། ཆོ་ག་འདི་བཏངམ་ད་ གླུད་བཞེངས་དགོཔ་ཨིནམ་དང་ དེ་ཡང་ ནད་འདི་གེ་ར་ གླུད་འདི་ལུ་བཀལ་ཏེ་ མི་འདི་དྲག་ནིའི་དོན་ལུ་མས། མི་ལུ་ན་ཚ་ཕོག་བའི་སྐབས་དང་ མི་སྡེ་ནང་ རྐྱེན་བར་ཆད་འབྱུངམ་ད་ བཏང་དོ་ཡོདཔ་ཨིན། ལོ་ལྟར་བཞིན་དུ་ རང་སོའི་ཁྱིམ་ནང་བཏང་དོ་ཡོདཔ་ད་ ལོ་མཆོད་འདི་ ས་གནས་འདི་ནང་གནས་པའི་ གནས་བདག་གཞི་བདག་ཚུ་ལུ་ གསོལཝ་བཏབ་ནིའི་དོན་ལུ་བཏང་ཨིན། མི་ཚུ་གི་ ལོ་མཆོད་བཏང་པ་ཅིན་ རང་གིས་བར་ཆད་བསལ་ནི་དང་ རང་ལུ་རྒྱུ་ནོར་འཕེལ་ནི་ འདི་ལས་ ཚེ་རིངམ་སྦེ་སྡོད་ཚུགས་པའི་ ཡིད་ཆེས་བསྐྱེདཔ་ཨིན། 

Transcript search
No results found for this search
0 of 0
  • ཉི་མ་ཚེ་རིང་ Nima Tshering
    ཐབས་མཁས་ཐུགས་རྗེ་ཤཱཀྱ་རིགས་སུ་འཁྲུངས། །གཞན་གྱིས་མི་ཐུབ་བདུད་ཀྱི་དཔུང་འཇོམས་པ། །གསེར་གྱི་ལྷུན་པོ་ལྟ་བུར་བརྗིད་པའི་སྐུ། །ཤཱཀྱ་རྒྱལ་པོའི་ཞབས་ལ་ཕྱག་བགྱིའོ།།
  • ཉི་མ་ཚེ་རིང་ Nima Tshering
    ད་ ད་སྤྲང་པོ་རང་ཉིད་ ད་ཐོས་བསམ་ཆུང་ དེ་ལས་རང་ཉིད་ ཏེ་ད་ཐོས་བསམ་ཆུང་པའི་སྟབས་ཀྱིས་ ཏེ་དེ་ལས་ ད་ཡར་ཤེས་རྒྱུན་ཡིག་ཚང་ནང་ལས་ རང་དང་ ཏེ་ ཏེ་ཡར་ལས་ཀྱི་ ལས་རོགས་པ་འདི་ཚུ་གིས་ ཏེ་རང་ལུ།
  • ཉི་མ་ཚེ་རིང་ Nima Tshering
    ཏེ་དེ་ལས་བཀའ་སློབ་གནངམ་བཞིན་དུ་ ཏེ་བརྒྱ་བཞི་གི་ཆོ་ག་གི་སྐོར་ལས་ཁུངས་དང་དགོས་པ་ མདོར་བསྡུས་ཅིག་ཏེ་ གསུངས་གནང་ཟེར་ ཏེ་དེ་སྦེ་ ཁོང་གིས་བཀའ་གནངམ་བཞིན་དུ་ ཏེ་རང་ཉིད་ཀྱི་ ཐོས་བསམ་ཆུང་ ཆུང་སྟེ་འབད་རུང་ རང་གིས་ད་ ཤེས་ཤེསཔ་མཐོང་མཐོངཔ་ཅིག་ ཏེ་དེ་ལས་ཞིབ་འཚོལ་འབད་ཞིན་ན་སྦེ་ ད་རང་གིས་དེ་སྦེ་ཞུ་ནུ་ཨིན།
  • ཉི་མ་ཚེ་རིང་ Nima Tshering
    ད་ཞུ་ དེ་སྦེ་ཞུ་བའི་སྐབས་ལུ་ དེ་ཡང་ དེ་ཡང་ ཏེ་སྔོན་བཅོམ་ལྡན་འདས་ སྔོན་སངས་རྒྱས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ ཏེ་ རྒྱ་གར་འཕགས་པའི་གི་གཡུས་ལུ་ ཏེ་དགེ་སློང་ དེ་ལས་ བྱང་ཆུབ་སེམས་དཔའ་ འཕགས་པ་ འཕགས་པ་ཉན་ཐོས་ དེ་ལས་རང་སངས་རྒྱས་ འ་ནཱི་འཁོར་བཞི་དང་བཅས་པ་ལུ།
  • ཉི་མ་ཚེ་རིང་ Nima Tshering
    ཏེ་ ཆོས་གསུངས་ཏེ་བཞུགས་པའི་གི་གནས་སྐབས་འདི་ནང་ལུ་ ཏེ་ དེ་ལས་ཡར་ལྷ་ཡུལ་དུ་ལྷ་ཡི་དབང་པོ་ ཏེ་ ད་རིས་འབད་བ་ཅིན་ལྷ་ཡུལ་ དེའི་སྐབས་ལུ་ ཏེ་ལྷ་ཡི་དབང་པོ་ དབང་པོ་ཟེར་ཞུཝ་ཨིན་པས།
  • ཉི་མ་ཚེ་རིང་ Nima Tshering
    ཁོ་གི་ ཏེ་མཚན་འདི་ལྷ་ཡི་དབང་པོ་བརྒྱ་བྱིན་ཟེར་མི་འདི་ ཏེ་ཤུལ་ལས་བྱུང་བྱུངམ་ཨིན། དེ་ལས་ཁོ་གི་ ལྷའི་དབང་པོ་བརྒྱ་བྱིན་ཟེར་བྱུང་དགོ་པའི་གི་ ཏེ་ཁུངས་འདི་ཡང་ ཏེ་ མར་ལས་ མདོར་བསྡུས་ཅིག་ཞུ་གེ་ ཟེར་ཞུ་ནི།
  • ཉི་མ་ཚེ་རིང་ Nima Tshering
    ཏེ་དང་པ་ ལྷའི་དབང་པོ་འདི་ ཏེ་སྙུང་གཞི་དྲག་པོ་གིས་ཟུན་ཞིན་ན་སྦེ་ ཏེ་ དེ་ལས་ཁོ་ དེ་ལས་སྡུག་བསྔལ་ཚད་མེདཔ་ཅིག་མྱོང་སྟེ་བཞུགས་པའི་གནས་སྐབས་འདི་ནང་ལུ་ ཏེ་འདི་ཚེ་ བྱང་ཆུབ་སེམས་དཔའ་ ཏེ་ཕྱག་ན་རྡོ་རྗེ་ ཕྱག་ན་རྡོ་རྗེ་དེ་ལས་ཏེ་མར།
  • ཉི་མ་ཚེ་རིང་ Nima Tshering
    གདན་ལས་ཡར་བཞེངས་ཞིན་ན་སྦེ་ གདན་གུ་ལས་ཡར་བཞེངས་ཞིན་ན་ བླ་གོས་ཕྲག་པ་འདི་ ཏེ་ཕྱག་ལྟག་གཡས་པ་ལུ་གཟར་ དེ་ལས་ ཏེ་པུས་མོ་གཡསཔ་མར་ས་ལུ་བཙུགས་ཏེ་ ཏེ་དེ་ལས་ཐལ་མོ་སྦྱར་ བཅོམ་ལྡན་འདས་ལུ་ ཏེ་དེ་སྦེ་ཞུ་ནུག
  • ཉི་མ་ཚེ་རིང་ Nima Tshering
    དེ་ལས་བཅོམ་ བཅོམ་ལྡན་འདས་ལུ་ དེ་ལས་ཁོ་གིས་ག་དེ་སྦེ་ཞུ་ནུག་གོ་ཟེར་བ་ཅིན་ ཏེ་དེ་ལས་ལྷ་ཡི་དབང་པོ་ ཏེ་དེ་ལས་ སྙུང་གཞི་དྲག་པོ་གིས་ཟུན་མི་གི་ ཏེ་རྒྱུ་འདི་ག་ཅི་ཨིན་ན་ རྐྱེན་ག་ཅི་ཨིན་ན་ ཏེ་ ཏེ་ཁོ་ལུ་ཕན་པ་དང་ བདེ་བའི་གི་འདི་ལུ་བསྔགས་ཞིན་ན་སྦེ་ ཏེ་ དེ་ལས།
  • ཉི་མ་ཚེ་རིང་ Nima Tshering
    ཏེ་ ཏེ་བཅོམ་ལྡན་འདས་ཀྱིས་གསུངས་གནང་ཟེར་ མར་ལས་ཏེ་ཞུ་བ་ཕུལ་གསོལ་བ་བཏབ་པ་བཞིན་དུ་ ཏེ་བཅོམ་ལྡན་འདས་ཀྱིས་ ཏེ་ དེ་སྦེ་བཅོམ་ལྡན་འདས་སངས་རྒྱས་ཤཱཀྱ་ཐུབ་པ་གིས་ དེ་སྦེ་གསུངས་ ཏེ་ཡར་ལས་མར་དེ་སྦེ་གསུངས་ནུག
  • ཉི་མ་ཚེ་རིང་ Nima Tshering
    ཏེ་ཞལ་ ཞལ་འཛུམ་དང་བཅས་པ་སྦེ་ ཏེ་ཡར་ལས་མར་ ཏེ་དེ་ལས་བཅོམ་ལྡན་འདས་ཀྱིས་དེ་སྦེ་གསུངས་ནུག རིགས་ཀྱི་བུ་ ཁྱོད་ལེགས་པར་ཉོན་ཅིག་ཟེར་ རིགས་ཀྱི་བུ་ ཁྱོད་ནཱ་ཉན་ཤིག་ ངས་ཁྱེད་ལ་སྟོན་བགྱི་ ང་ཁྱོད་ལ་སྟོན་གེ་ཟེར་ དེ་ལས་ བཅོམ་ལྡན་འདས་སངས་རྒྱས་ཤཱཀྱ་ཐུབ་པ་གིས་ དེ་སྦེ་གསུངས་ནུག
  • ཉི་མ་ཚེ་རིང་ Nima Tshering
    ཏེ་ལྷ་ཡི་དབང་པོ་ ཏེ་སྙུང་གཞི་དྲག་པོ་གིས་ཟུན་ དེ་ལས་འཇིགས་རྟེན་ནང་གི་ནད་རིགས་བཞི་བརྒྱ་རྩ་བཞི་ འདི་ལ་སོགས་པ་མ་ཡིན་ ཏེ་ཀླུ་ཡི་ནད་ ཀླུའི་གི་ནད་ཁྱེད་མ་ཡིན་ ཏེ་འབྱུང་བཞི་ འབྱུང་བ་བཞི་ལས་རྟེན་པའི་ནད་ཁྱེད་མ་ཡིན་ ཏེ་ཁྱེད་ག་ཅི་གི་ ག་ཅི་གི་ཁོ་གི་ནད་འདི་ ག་ཅི་གིས་ཟུན་ནུག་གོ་ཟེར་བ་ཅིན་ བཅོམ་ལྡན་འདས་ཀྱིས་ དེ་སྦེ་གསུངས་ནུག
  • ཉི་མ་ཚེ་རིང་ Nima Tshering
    ཏེ་ཁོ་གི་ནད་འདི་ ཏེ་བདུད་བཞི་གིས་ བདུད་བཞི་གིས་ཟུན་ཞིན་ན་སྦེ་ བདུད་བཞི་འདི་ཡང་ ཏེ་དང་པ་ལྷ་ཡི་བདུད་ ཕུང་པོའི་བདུད་ ཉོན་མོངས་པའི་བདུད་ འཆི་བདག་ཀྱི་བདུད་ འཆི་བདག་གི་བདུད།
  • ཉི་མ་ཚེ་རིང་ Nima Tshering
    ཏེ་འ་ནཱི་བདུད་བཞིཔོ་ ཏེ་འ་ནཱི་བདུད་བཞི་གིས་ བདུད་བཞི་གིས་ཟུན་ཞིན་ན་སྦེ་ ཁོ་གི་ནད་ཀྱི་རྒྱུ་རྐྱེན་ རྒྱུ་ རྐྱེན་གཙོ་བོ་ངོ་མ་འདི་ འ་ནཱི་བདུད་བཞི་འདི་ཨིན་ཟེར་ ཏེ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ དེ་སྦེ་ འ་ནཱི་སྦེ་གསུངས་ནུག
  • ཉི་མ་ཚེ་རིང་ Nima Tshering
    ཏེ་དེ་ཡང་ ད་འདི་གི་བཟློག་ཐབས་འདི་ འབད་བའི་ཐབས་འདི་ཡང་ ཏེ་ག་དེ་སྦེ་འབད་དགོཔ་ཨིན་ན་ཟེར་བ་ཅིན་ ཏེ་བཅོམ་ལྡན་འདས་ཀྱིས་ དེ་སྦེ་གསུངས་ནུག ཡང་ན་དགེ་སློང་བཞི་ ཡང་ན་དགེ་སློང་བརྒྱད་ ཡང་ན་དགེ་སློང་བཅུ་གཉིས་ བཅུ་ཐམ་ ཡང་ན་ཁལ་གཅིག་གཅིག
  • ཉི་མ་ཚེ་རིང་ Nima Tshering
    ཏེ་ཡང་ན་བརྒྱ་གཅིག་ ཏེ་འ་ནཱི་གང་རུང་ཅིག་གིས་འབད་ ཏེ་གྲངས་འ་ནཱི་ད་ལྟོ་ཞུ་མི་གིས་གང་རུང་ཅིག་གིས་འབད་ ཏེ་དེ་ལས་བརྒྱ་བཞི་གི་ བརྒྱ་བཞི་གི་ཆོ་ག་ཟེར་མི་འདི་ དེ་སྦེ་མཛད་དགོཔ་ཨིན་ཟེར་ དེ་སྦེ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ དེ་སྦེ་གསུངས་ནུག
  • ཉི་མ་ཚེ་རིང་ Nima Tshering
    ཏེ་བརྒྱ་བཞི་གི་ཆོ་ག་འདི་ཡང་ ག་དེ་སྦེ་ ག་དེ་སྦེ་ཨིན་ན་ཟེར་བ་ཅིན་ འདི་ནང་ལུ་ ཏེ་དེ་ལས་ཅ་ལ་སྒྲིགཔ་ད་ལུ་ ག་དེ་སྦེ་ཨིན་ན་ཟེར་བ་ཅིན་ ཏེ་དེ་ལས་འདི་ནང་ལུ་ ཏེ་ཁོ་ལུ་ ཏེ་ཡས་གླུད་ དེ་ལས་ཏེ་རྫས་ རྫས་ དེ་ལས་ འབྲུ་སྣ་ དེ་ལས་འ་ནཱི་འདི་ཚུ་གིས།
  • ཉི་མ་ཚེ་རིང་ Nima Tshering
    ཏེ་ཁོ་ལུ་བདུད་བཞི་ དེ་ལས་འདི་ལུ་ ཏེ་དེ་ལས་ སྦྱིན་པ་བཏང་པ་ཅིན་ ཏེ་ནད་འདི་ལས་ ཏེ་ལྷ་ཡི་དབང་པོ་འདི་ ནད་འདི་ལས་ཁོ་ ཏེ་དྲག་འོང་ཟེར་ ཏེ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ དེ་སྦེ་གསུངས་ དེ་སྦེ་བཀའ་སྩལ་ བཀའ་བསྩལ་ནུག
  • ཉི་མ་ཚེ་རིང་ Nima Tshering
    དེ་ལས་ དེ་ལས་ དེ་སྦེ་འབད་ཞིན་ན་སྦེ་ དེ་ལས་ ཏེ་ཁོང་གིས་ཏེ་ དེ་ལས་ འ་ནཱི་སྦེ་བརྒྱ་བཞི་གི་ཆོ་ག་འདི་མཛད་འབད་ཞིན་ན་ལས་ དེ་ལས་ཏེ་ ལྷ་ཡི་དབང་པོ་བརྒྱ་བྱིན་འདི་ཡང་ཏེ་ ནད་འདི་ལས་ཐར་ནུག
  • ཉི་མ་ཚེ་རིང་ Nima Tshering
    དེ་ལས་ ཏེ་ད་བརྒྱ་བཞི་གི་འབྱུངས་ཁུངས་འདི་དང་ ཏེ་དེ་ལས་བརྒྱ་བཞི་གི་སྐོར་འདི་ ད་མདོརབསྡུས་ཅིག་ ད་ལྟོ་ནཱ་ལུ་ཞུ་ཚརཝ་ཨིན། དེ་ལས་ད་འདི་བརྒྱ་བཞི་འདི་གི་ རྐྱབ་དགོ་པའི་གི་དགོས་པ་འདི་ཡང་ དགོས་པ་མདོར་བསྡུས་ཐུང་ཀུ་ཅིག་ ཏེ་རང་ཉིད་ཀྱིས་ཞུ་བ་ཅིན།
  • ཉི་མ་ཚེ་རིང་ Nima Tshering
    ཏེ་བརྒྱ་བཞི་རྐྱབ་དགོ་པའི་ཁུངས་འདི་ཡང་ བན་བོན་གྱི་ཕུར་ཁ་ དགྲ་ཀུན་སྡང་པ་ དེ་ལས་ ཏེ་སྐྱེ་བོ་ ཏེ་ཆེ་འབྲིང་ཆུང་གསུམ་གང་ཡིན་རུང་ ཏེ་ མི་ཁ་སྡང་བ་ དེ་ལས་ ཏེ་མི་ཕྱུགཔོ་ལ་གོད་ཁ་འབྱུང་བ་ དེ་ལས་ཡུལ་དུ་ནད་ཡམས་ གཡུས་ཁ་ལུ་ཏེ་ ནད་ཡམས་འཁྲུག་རྩོད་ལ་སོགས་པ་འབྱུང་བ།
  • ཉི་མ་ཚེ་རིང་ Nima Tshering
    དེ་ལས་ [ཁ་ཙ་དགོས་གལ་གུ་བཞུགས་པ་?] དེ་ལས་གཟའ་སྐར་ངན་པ་ལུ་ཤི་བ་ དེ་ལས་ནད་པའི་གི་ལྟོ་ལོག་འབྱུང་བ་ ལུས་དང་སྲོག་དབང་ཐང་ དེ་ལས་རྒུད་པ་ དེ་ལས་རླུང་རྟ་དང་ རླུང་རྟ་རྒུད་པ་ དེ་ལས་སེརཝ་ སེརཝ་དང་ངན་པ་ དེ་ལས་གཡུས་ཁ་ལུ་ ཏེ་ལོ་ཕྱུགས་རྟག་ཏུ་མ་ལེགས་པ་ ཆར་ཆུ་དུས་སུ་མ་བབས་པ་ འ་ནཱི་འདིའི་སྐབས་ལུ་ ཏེ་དེ་ལས་འ་ནཱི་བརྒྱ་བཞི་འདི་བཏང་པ་ཅིན་ ཏེ་འདི་གིས་ཕན་ཐོགསཔ་ཨིན་ ཟེར་ཞུ་ནི་ཨིན།
  • ཉི་མ་ཚེ་རིང་ Nima Tshering
    དེ་ལས་ དེ་ལས་འ་ནཱི་བརྒྱ་བཞི་གི་ ཅ་ལ་འདི་སྒྲིག་པའི་གི་གནས་སྐབས་འདི་ལུ་ཡང་ ག་དེ་སྦེ་སྒྲིག་དགོཔ་སྨོ་ཟེར་བ་ཅིན་ ཏེ་འཆི་བདག་གི་བདུད་སེལ་བ་ལུ་ སྲོག་གླུད་གཅིག་བཞེངས་དགོཔ་ཨིན། ཏེ་ ཉོན་མོངས་པའི་གི་བདུད་སེལ་བ་ལུ་ སྣང་གསལ་མར་མེ་བརྒྱ་འབད་ཕུལ་དགོཔ་ཨིན།
  • ཉི་མ་ཚེ་རིང་ Nima Tshering
    སྣང་གསལ་ཟེར་མི་འདི་ ག་ཅི་སྨོ་ཟེར་བ་ཅིན་ ང་བཅས་ཀྱི་ཏེ་མར་མེ་ འ་ནཱི་དཀར་མེ་བརྒྱ་གཅིག་ དེ་ལས་ དེ་ལས་ཚྭ་ཚྭ་བརྒྱ་གཅིག་བཏབ་དགོ་ དེ་ལས་ཚྭ་ཚྭ་བརྒྱ་སྣང་གསལ་བརྒྱ་ དེ་ལས་གཏོར་མ་བརྒྱ་ དེ་ལས་འ་ནཱི་སྦེ་ ཏེ་ཉོན་མོངས་པའི་བདུད་སེལ་བ་ལུ་ འ་ནཱི་སྦེ་བཞེངས་དགོཔ་ཨིན།
  • ཉི་མ་ཚེ་རིང་ Nima Tshering
    དེ་ལས་ལྷ་ཡི་བུའི་བདུད་སེལ་བ་ལུ་ ཏེ་འབྲུ་ འབྲུ་སྣ་ དེ་ལས་གཏོར་མ་བརྒྱ་ ཏེ་དེ་སྦེ་བཞེངས་དགོཔ་ཨིན། ཏེ་ཕུང་པོ་བའི་བདུད་སེལ་བ་ལུ་ སྐུ་རྟེན་གྱི་ཚྭ་ཚྭ་བརྒྱ་གཅིག་བཏབ་དགོཔ་ཨིན།
  • ཉི་མ་ཚེ་རིང་ Nima Tshering
    དེ་ལས་ དེ་ཡང་རབ་ཏིང་ངེ་འཛིན་གྱིས་དམིགས་པ་བསམ་གྱིས་མི་ཁྱབ་པ་སྤྲུལ་ནས་ ཏེ་དངོས་པོའི་བྱིན་རླབས་ཤིན་ཏུ་ ཏེ་འ་ནཱི་སྦེ་ གནམ་མེད་ས་མེད་ཆེཝ་ཨིན། ཏེ་ཏིང་ངེ་འཛིན་གྱི་དམིགས་པ་དང་བཅས་པ་འབད་ ཏེ་རང་གིས་སྤྲུལ་ཏེ་ ཕུལ་ཚུགསཔ་བཟུམ་ཅིག་འབད་བ་ཅིན་ ཏེ་བྱིན་རླབས་ བྱིན་རླབས་གནམ་མེད་ས་མེད་སྦོམ་བྱུངམ་ཨིན།
  • ཉི་མ་ཚེ་རིང་ Nima Tshering
    ཏེ་ ཏེ་ད་ ད་ལྟོ་བརྒྱ་བཞི་གི་ ཏེ་སྐོར་འདི་ད་ མདོར་བསྡུས་ཅིག་རང་གིས་ ད་དེ་སྦེ་ཞུ་ཚརཝ་ཨིན། ཏེ་དེ་ལས་ང་བཅས་ ང་བཅས་ཀྱིས་བརྒྱ་བཞི་བཏང་པའི་སྐབས་སུ་ལུ་ དེ་ལས་ གླུད་བཞེངས་ནི་ཡོད་ ཏེ་འ་ནཱི་གླུད་འདི་གི་ གླུད་འདི་བཞེངས་དགོ་པའི་ཁུངས་འདི་ ཏེ།
  • ཉི་མ་ཚེ་རིང་ Nima Tshering
    ཏེ་དེ་ལས་གླུད་འདི་ཏེ་ ཏེ་དེ་ལས་ཧེ་མ་ང་བཅས་ཀྱི་ལྷའི་ཡུལ་ལས་ ཏེ་བུ་མོའི་སྲོག་འདི་མར་ ཀླུ་ཡི་ཡུལ་དུ་འཕྲོག་པ་འདི་ དེ་ལས་ དེ་ལས་འ་ནཱི་ཏེ་ལྷའི་གི་བུམོ་འདི་ཏེ་ དེ་ལས་བུམོ་འདི་གི་སྲོག་འདི་ ཡར་ལྷ་ཡི་ཡུལ་ལུ་ལེན་ཐབས་ལུ།
  • ཉི་མ་ཚེ་རིང་ Nima Tshering
    དེ་ལས་ཁོང་གིས་ཡར་ལས་ གླུད་འ་ནཱི་ལྷ་ཡི་བུམོ་ཅོག་ར་འཐདཔ་ཅིག་བཟོ་ཞིན་ན་ལས་ ཏེ་མར་ཀླུ་ཡི་ཡུལ་དུ་བཏང་ཞིན་ན་སྦེ་ དེ་ལས་ ཀླུ་ཡི་ཡུལ་ཁ་ལས་འབད་ ཏེ་འ་ནཱི་སྦེ་ ཏེ་དེ་ལས་འ་ནཱི་སྦེ་ལེན་ལེནམ་ཨིན་ཟེར་ ཏེ་དེ་སྦེ་ དེ་སྦེ་ རྩིསཔ་འདི་ཚུ་གིས་ཡང་ དེ་སྦེ་རང་བཤད་ནི་འདུག་ དེ་ལས་བླམ་དགེ་བའི་བཤེས་གཉེན་འདི་ཚུ་གིས་ཡང་ ཏེ་དེ་སྦེ་རང་བཤདཔ་ཨིན་པས།
  • ཉི་མ་ཚེ་རིང་ Nima Tshering
    ཏེ་གླུད་དེ་བཞེངས་པའི་སྐབས་སུ་ལུ་ ད་ང་བཅས་སྤྱིར་བཏང་ ད་ག་ཏེ་རང་བཞེངས་རུང་ ཏེ་མང་ཆེ་བ་གིས་གླུད་འདི་ གླུད་ཟེརཝ་ད་ ཏེ་གཡུས་ཁར་ལས་ཕར་འབད་ས་ཅིག་རུང་ མི་གི་ ཏེ་མི་གདོང་ཡང་གླུད་བཟུམ་སྦེ་ཟེར་ ཏེ་དེ་སྦེ་སླབ་ཨིན་པས་ གླུད་འདི།
  • ཉི་མ་ཚེ་རིང་ Nima Tshering
    ཏེ་ ཏེ་ དེ་སྦེ་གླུད་འདི་ ག་མནོ་ ག་མནོ་གུ་མནོ་སྦེ་ ཏེ་བཞེངས་པ་གིས་རྩ་ལས་མི་བཏུབ་ ཏེ་གླུད་འདི་ག་དེ་དྲག་དྲག་ཁོ་ལེགས་ཤོམ་འབད་ གནམ་མེད་ས་མེད་འཇའ་ཆི་ཆི་འབད་ ཏེ་ འ་ནཱི་སྦེ་བཞེངས་དགོཔ་འདི་ ཏེ་འདི་གནམ་མེད་ས་མེད་གལ་ཆེ་ཟེར་ཞུ་ནི་ཨིན།
  • ཉི་མ་ཚེ་རིང་ Nima Tshering
    ཏེ་དེ་ལས་ གླུད་དེ་ཡང་ ཏེ་བཏང་པའི་སྐབས་སུ་ལུ་ ད་ཁྱིམ་ནང་ལུ་སྤྱིར་བཏང་གི་ ཏེ་ལོ་མཆོད་ ལོ་མཆོད་ཀྱི་སྒོ་ལས་འབད་ ཏེ་འདི་ནང་ལས་ཕར་ ཏེ་བྱཱ་མཆོད་ [འ་ནང་གནང་མས་སྦ་?] བརྒྱ་བཞི་བཏངམ་བཟུམ་ཅིག་འབད་བ་ཅིན་ གླུད་འདི་ ཏེ་དེ་ལས་ ཁྱིམ་ནང་ལུ་བཟུམ་ཅིག་འབད་བ་ཅིན་ ཏེ་ཁྱིམ་ནང་ལུ་ ག་རྒུད་མི་འདི་གི་ དེ་ལས་ལོ་བཟློག་ མཐུན་གསུམ་ ཏེ་ག་རྒུད་མི་འདི་གི་ ཏེ་ལོ་ལས་འབད་བཏངམ་ཨིན།
  • ཉི་མ་ཚེ་རིང་ Nima Tshering
    ཏེ་ འ་ནཱི་སྦེ་ བཏང་དགོ་ཟེར་ཞུ་ནི། ཏེ་དེ་ལས་ ཏེ་དེ་ལས་ན་ཚ་འབད་བའི་སྐབས་སུ་ལུ་ བརྒྱ་བཞི་རྐྱབ་དགོཔ་འདི་ཡང་ འ་ནཱི་ན་མི་ནདཔ་འདི་གི་ ལོ་འདི་གི་ ལོ་འདི་གི་འབད་ ཏེ་དེ་ལས་ འདི་གི་སྒོ་ནས་འབད་གཏང་དགོ་ཟེར་ཞུ་ནི།
  • ཉི་མ་ཚེ་རིང་ Nima Tshering
    དེ་ལས་ང་བཅས་ཀྱི་ལོ་མཆོད་ཀྱི་སྐོར་ལས་ མདོར་བསྡུས་ཅིག་ ཏེ་ལོ་མཆོད་གསོལ་མཆོད་ཀྱི་སྐོར་ལས་ མདོར་བསྡུས་ཅིག་ཞུཝ་བཟུམ་ཅིག་འབད་བ་ཅིན་ ཏེ་ང་བཅས་ལོ་གཅིག་གི་ནང་དུ་ ཏེ་རང་གི་གི་ ཏེ་ ད་དམ་ཅན་ཆོས་སྐྱོང་ ཆོས་སྐྱོང་འདི་ཚུ་ལུ་ ཏེ་གསོལ་མཆོད་ཕུལ་དགོ་པའི་དགོས་པ་འདི་ཡང་ ཏེ་དེ་ལས་ ང་བཅས་ར་ཁྱིམ་ནང་ལུ་ དེ་ལས་ང་བཅས་ར་ཁྱིམ་ནང་དུ་ལུ།
  • ཉི་མ་ཚེ་རིང་ Nima Tshering
    ཏེ་དེ་ལས་མར་ལས་ ཏེ་གསོལ་མཆོད་ཕུལ་ དེ་སྦེ་འབད་མི་འདི་ཡང་ ཏེ་དེ་ལས་ ཏེ་དེ་ལས་ ང་བཅས་དང་པ་ང་བཅས་ར་གིས་ ཏེ་ཆོས་སྐྱོང་སྲུང་མ་འདི་ཚུ་ལུ་ གསོལ་བ་ལེགས་ཤོམ་སྦེ་བཏབ་ དེ་ལས་གཏོར་མ་དང་ ཚོགས་དཀར་མེ་འདི་ཚུ་ ཏེ་ལེགས་ཤོམ་འབད་ཕུལ།
  • ཉི་མ་ཚེ་རིང་ Nima Tshering
    དེ་ལས་ དེ་ལས་ ཏེ་དེ་སྦེ་ཕུལ་བ་ཅིན་ ཏེ་དེ་ལས་མཆོག་དང་ཐུན་མོང་གི་དངོས་གྲུབ་འདི་ཚུ་ ང་བཅས་ཀྱི་ ཏེ་དེ་ལས་ དམ་ཅན་ཆོས་སྐྱོང་རྣམས་ཀྱིས་ ཏེ་གནངམ་ཨིན། ཏེ་དེ་ལས་ འ་ནཱི་ འ་ནཱི་གིས་འབད་ ཏེ་ང་བཅས་ལོ་གཅིག་གི་ནང་དུ་ལུ་ ནད་ དེ་ལས་ནད་ཡམས་མུ་གེ་ག་ཅི་ཡང་ གཡུས་ཁ་ལུ་བཟུམ་ཅིག་འབད་བ་ཅིན་ ནད་ཡམས་མུ་གེ་མ་ཐོན་ དེ་ལས་ རྐྱེན་བར་ཆད་ག་ཅི་ཡང་མ་འབྱུང་བ་ ཏེ་ལོ་གཅིག་ནང་དུ་ ག་ཅི་ཡང་མ་ཐོན་པར་ ཏེ་ལཱ་དང་བྱ་བ་ག་ཅི་རང་འབད་རུང་ སྟབས་བདེ་ཏོག་ཏོ་སྦེ་འབྱུང་ འབད་མི་འདི་ག་ར་ དམ་ཅན་ཆོས་སྐྱོང་རྣམས་ཀྱི་ ཏེ་བྱིན་རླབས་དང་དངོས་གྲུབ་ཨིན་པས་ ཟེར་ཞུ་ནི་ཨིན།
  • ཉི་མ་ཚེ་རིང་ Nima Tshering
    ཏེ་དེ་ལས་ ང་བཅས་ཀྱིས་ འ་ནཱི་སྦེ་གསོལཝ་བཏབ་ དེ་སྦེ་འབད་དགོ་མི་འདི་རྒྱུ་མཚན་འདི་ཡང་ དེ་སྦེ་ཨིན་པས་ཟེར་ཞུ་ནི། ཏེ་དེ་ལས་ ཏེ་དེ་ལས་ང་བཅས་ཀྱི་ཁྱིམ་ནང་ལུ་ ཏེ་ཕྱྭ་ཁུག་གཡང་ཁུག་ཟེར་ དེ་སྦེ་ཅིག་རྐྱབ་ནི་ཡོད་ ཕྱྭ་ཁུག་གཡང་ཁུག་ཟེར་མི་འདི་ཡང་།
  • ཉི་མ་ཚེ་རིང་ Nima Tshering
    ཏེ་དེ་ལས་ ང་བཅས་ར་གི་ཁྱིམ་ནང་ལུ་ ཏེ་དེ་ལས་ དེ་ལས་ནོར་ལོངས་སྤྱོད་ཡར་ ནོར་ལོངས་སྤྱོད་མ་འཕེལ་ དེ་ལས་ ཏེ་ནོར་ལོངས་སྤྱོད་ལུ་ གོད་ཁ་འབྱུང་འབད་བའི་སྐབས་སུ་ལུ་ ཏེ་དེ་ལས་ ཏེ་འ་ནཱི་སྦེ་འབད་བའི་སྐབས་སུ་ལུ་ ཏེ་ཕྱྭ་ཁུག་གཡང་ཁུག་འདི་རྐྱབ་ཨིན་ ཕྱག་ཁུག་གཡང་ཁུག་འདི་ཡང་ ཏེ་ང་བཅས་ལུ་ ཏེ་གནམ་མེད་ས་མེད་ ཏེ་ནོར་གྱི་དངོས་གྲུབ་འདི་ ཏེ་འ་ནཱི་ཕྱྭ་ཁུག་གཡང་ཁུག་འདི་ནང་ལུ་འཐུསཔ་ཨིན།
  • ཉི་མ་ཚེ་རིང་ Nima Tshering
    ཏེ་འདི་གི་ལྷ་ཚོགས་འདི་ཡང་ ག་དང་ག་ཨིནམ་མོ་ཟེར་བ་ཅིན་ སྟེ་དང་པ་རང་ཡར་ལས་མར་ ཏེ་ནོར་གྱི་ལྷ་འདི་ཡང་ཏེ་ ཏེ་ང་བཅས་ཕྱྭ་ཁུག་གཡང་ཁུག་རྐྱབ་པའི་གནས་སྐབས་ནང་གི་ལྷ་འདི་ ག་དང་ག་སྨོ་ཟེར་བ་ཅིན་ ཏེ་རྒྱལཔོ་རྣམ་ཐོས་སྲས་དང་ ཏེ་དེ་ལས་ཚེ་རིངམོ་ དེ་ལས་འ་ནཱི་ཇོ་མོ་བཀྲིས་ཚེ་རིང་མ་འདི་ ཏེ་ང་བཅས་ག་ཏེ་རང་བྱོན་རུང་འབྲུག་རྒྱལ་ཁབ་ནང་ འདི་རང་ འདི་རང་ཨིན་ ཟེར་ཞུ་ནི།
  • ཉི་མ་ཚེ་རིང་ Nima Tshering
    ཏེ་འ་ནཱི་ཁོང་གཉིས་ལུ་ གསོལཝ་བཏབ་བཟུམ་ཅིག་འབད་བ་ཅིན་ ང་བཅས་ལུ་ ཏེ་ནོར་ལོངས་སྤྱོད་ཀྱི་དངོས་གྲུབ་འདི་ ཁོང་གིས་གནངམ་ཨིན་ ཟེར་ཞུ་ནི།