Skip to main content Skip to search
31 Jan 2012
2 min 42 sec
David Germano
Video Overview
Creators: 
Unknown

An interview between Yanglha and a metalworker from Chamdo recorded in the metalworker district on the Eastern edge of Thieves' Island.

Transcript search
No results found for this search
0 of 0
  • བུད་མེད་ Woman
    ཨང་ཁྱེད་རང་ལུང་པ་གང་ནས་ཕེབས་རྒྱོག་ཡིན་ནམ།
    Where are you from?
  • ལྕགས་བཟོ་བ་ Metalworker
    ལུང་པ་པོ་ལི་ཆུས།
    I am from Polichü.
  • བུད་མེད་ Woman
    པོ་ལོ་སེ་ཟེར་ས། ས་ཆ་གང་ནས་རེད།
    Polichü, where is it?
  • ལྕགས་བཟོ་བ་ Metalworker
    ས་ཆ་ཆབ་མདོ།
    In Chamdo.
  • ལྕགས་བཟོ་བ་ Metalworker
    ཨའང་། ཆབ་མདོ་ནས་རེད་པཱ།
    I see. So you are from Chamdo?
  • ལྕགས་བཟོ་བ་ Metalworker
    འོ།
    Yes.
  • བུད་མེད་ Woman
    ཁྱེད་རང་འདའི་ལྷ་སར་ཕེབས་ནས་རྒྱུན་རིང་ལོད་ཕྱིན་སོང་།
    How long have you been in Lhasa?
  • ལྕགས་བཟོ་བ་ Metalworker
    ཟླ་བ་གཅིག་འགྲོ་སོང་།
    I've been here for one month.
  • ལྕགས་བཟོ་བ་ Metalworker
    ཟླ་བ་གཅིག ཨཱ་ནི་འདའི་ལྷ་སར་ཕེབས་ནས་ག་རེ་གནང་གི་ཡོད། གཙོ་བོ་ཕྱག་ལས་དེ་ག་རེ་གནང་གི་ཡོད།
    One month. And here in Lhasa, what is your main job?
  • ལྕགས་བཟོ་བ་ Metalworker
    ལྟ་ཅི་ཟེར་དགོས་རེད། འདའི།
    What should I tell?
  • བུད་མེད་ Woman
    གལ་གནང་གི་མ་རེད།
    You can say whatever you like.
  • ལྕགས་བཟོ་བ་ Metalworker
    ཨེ་འདྲས་འདྲ་པོ། ཨེ་འདྲས་འདྲ་པོ་སྦྱངས།
    I am learning.
  • བུད་མེད་ Woman
    ཨའང་ཨེ་འདྲས་སྦྱངས་པ་རེད་པཱ།
    I see. You are learning metalworking.
  • འོ་འོ། ཨཱ་ནི་ཁྱེད་རང་མི་འདུག་གས། སྔས་མ་ལྷ་སར་ཚུར་མ་ཕེབས་གོང་ལ་ཆབ་མདོར་བཞུགས་དུས་ཙམ་ལ་ག་རེ་གནང་གི་ཡོད་དམ།
    Okay. Before you come to Lhasa, what did you do in Chamdo?
  • ཕྱག་ལས་ཨེ་འདྲས་ཨ་ཡོད་ནཱ།
    What was your occupation there?
  • ལྕགས་བཟོ་བ་ Metalworker
    ཨེ་འདྲས་ལས་ཀྱི་མ་རེད།
    I don't have any work like this.
  • བུད་མེད་ Woman
    འོ་ནང་ལ་ཨེ་འདྲས་ཞིང་ལས་གནང་བྱས་བཞུགས་ཀྱི་ཡོད་པས།
    In your hometown, did you do farm works?
  • ལྕགས་བཟོ་བ་ Metalworker
    འོ་འོ།
    Yes.
  • བུད་མེད་ Woman
    དེ་ནས་ལྷ་སར་ཚུར་ཕེབས་ཡག་གི་རྒྱུ་མཚན་ག་རེ་ཡིན་ནམ།
    Why do you come here in Lhasa?
  • གལ་གནང་གི་མ་རེད། ཁྱེད་རང་ག་རེ་དྲན་ནའི་ག་རེ་གསུང་གནང་དང་།
    It's okay. You can say whatever you want.
  • ལྷ་སར་ཚུར་ཕེབས་ཡག་ག་རེ་གནང་པ་རེད། ཡང་འདི་པ་ཨེ་འདྲས་སློབ་སྦྱོང་བྱེད་ཀ་ཕེབས་པ་རེད་པས་ཡང་མིན་ན་ཨེ་འདྲས་སྤུན་སྐྱ་ཙར་ཕེབས་པ་རེད་པས། ཡང་མིན་ན་ག་རེ་གནང་ག་ཕེབས་པ་རེད།
    You came here in Lhasa. Right? Did you come here to learn metalworking or to see your relatives in the city? Why did you come here?
  • ལྕགས་བཟོ་བ་ Metalworker
    ཨང་། ཅི་ཟེར་དགོས་ཀྱི་རེད། ཨེ་འདྲས་བྱེད་ཡག་རེད།
    Um. How should I answer it? I came here to learn the craft.
  • བུད་མེད་ Woman
    འོ་འོ།
    I see.
  • ལྕགས་བཟོ་བ་ Metalworker
    འདི་བཟོ་ཡག་འདི་ན།
    I came here to learn metalworking.
  • བུད་མེད་ Woman
    ཨ་ལས།
    I see.
  • ཨཱ་ནི་འདའི་ཚུར་ཡོང་། ཨ་ནི་ལགས་ཀྱིས་འདའི་ཚུར་སློབ་སྦྱོང་བྱེད་ཀ་བཏང་བ་རེད་པས།
    So you came here because your aunt sent you here to learn this craft. Right?
  • ལྕགས་བཟོ་བ་ Metalworker
    འོ་འོ།
    Yes.
  • བུད་མེད་ Woman
    ཨ་ལས། ཨཱ་ནི་ཁྱེད་རང་འདའི་མཉེས་པོ་ཡོད་ནཱ།
    I see. Do you like this job?
  • ལྕགས་བཟོ་བ་ Metalworker
    ཨཱ།
    What?
  • བུད་མེད་ Woman
    འདའི་དགའ་པོ་ཡོད་ནཱ།
    Do you like it?
  • ཕྱག་ལས་འདའི་ཨེ་འདྲས་སློབ་སྦྱོང་བྱེད་ཡག་དེ་འདྲས་དགའ་པོ་ཡོད་ནཱ།
    Do you like learning this kind of craft?
  • ལྕགས་བཟོ་བ་ Metalworker
    དགའ་པོ་ཡོད།
    Yes, I like it.
  • བུད་མེད་ Woman
    དགའ་པོ་ཡོད་པས།
    You like it?
  • ལྕགས་བཟོ་བ་ Metalworker
    འོ།
    Yes.
  • བུད་མེད་ Woman
    ཨཱ་ནི་ད་ལྟ་འདའི་འདི་གས་ཤེས་སོང་ན། ད་ལྟ་ཁྱེད་རང་འདའི་སྦྱངས་གནང་གི་འདུག་ག
    Right now you are at the learning stage, right?
  • ལྕགས་བཟོ་བ་ Metalworker
    འོ།
    Yes.
  • བུད་མེད་ Woman
    འདི་གས་ཤེས་སོང་ན་ཨཱ་ནི་ག་རེ་གནང་མཁན་ཡིན་པ།
    Once you mastered the craft, what are you going to do?
  • ལྕགས་བཟོ་བ་ Metalworker
    འདི་གས་ཤེས་སོང་ན་ཨེ་འདྲས་སྐོར་ལས་མཁན་ཡིན།
    After learning it, I will start as working metalsmith.
  • བུད་མེད་ Woman
    ལགས།
    What?
  • ལྕགས་བཟོ་བ་ Metalworker
    ཨེ་འདྲས་ཤེས་སོང་ན་ཨེ་འདྲས་སྐོར་ལས་མཁན་ཡིན།
    After mastering the craft, I will work as a metalsmith.
  • བུད་མེད་ Woman
    ཨཱ་ནི་འདའི་ཨེ་འདྲས་བཟོས་བྱས་བསྡད་མཁན་ཡིན་པས།
    Are you going to fashion items like this?
  • ལྕགས་བཟོ་བ་ Metalworker
    འོ་འོ།
    Yes.
  • བུད་མེད་ Woman
    ལཱ་སེ། ཨཱ་ནི་ཨེ་འདྲས་རྗེས་མ་ལས་ཀ་གཞན་དག་ཨེ་འདྲས་ས་ཆ་གཞན་དག་ལ་འགྲོ་ཡག་ཨེ་འདྲས་དགོངས་པ་བཞེས་གནང་མྱོང་ཨ་ཡོད།
    I see. Are you thinking of going to another place to find a new job?
  • ལྕགས་བཟོ་བ་ Metalworker
    དེ་ཚོད་ཤེས་ཀྱི་མ་རེད།
    It is hard to tell.
  • བུད་མེད་ Woman
    ཨང་ཨེ་འདྲས་ས་ཆ་གཞན་དག་ཨེ་འདྲས་ལ་འགྲོ་ཡག་བསམ་བློ་བཏང་མྱོང་ཡོད་པས།
    Did you ever think of moving to another area?
  • ལྟ་ལས་ཀ་འདི་བཞག་བྱས་ས་ཆ་གཞན་དག་ལ་ཡང་ལས་ཀ་གཞན་དག་འཚོལ་ཡག་བསམ་བློ་བཏང་གནང་མྱོང་ཡོད་པས།
    Did you ever think if leaving this job and find a new one somewhere else?
  • ལྕགས་བཟོ་བ་ Metalworker
    གཏོང་གི་མེད།
    No, I don't.
  • བུད་མེད་ Woman
    ཨཱ་ནི་ད་ག་རང་ལ་ཨེ་འདྲས་བཞུགས་མཁན། ཨཱ་ནི་འདའི་འཇག་མ་གླིང་ཁར་ཕེབས་ཡག་རྒྱ་མཚན་ག་རེད་ཡིན་ནམ།
    So you are planning to stay here. Why did you come here to Jakma Lingkha?
  • ལྕགས་བཟོ་བ་ Metalworker
    ཨཱ།
    What?
  • བུད་མེད་ Woman
    འདི་སྦྱངས་ཀ་འཇག་མ་གླིང་ཁར་ཕེབས་ཡག་རྒྱ་མཚན་ག་རེད་ཡིན་ནམ།
    Why did you choose to come here in Jakma Lingkha to learn it?
  • ཡང་མིན་ན་འདའི་མ་གཞི་སྦྱངས་ས་ཡོག་མ་རེད། ཡང་མིན་ན་འདའི་སྤུན་སྐྱ་གིས་འདའི་ངོ་ཤེས་པ་ཨེ་འདྲས་བྱས་བྱས་བཏང་གནང་རྒྱོག་རེད།
    Or is it the only place to learn it? Or is it your relatives sent you here?
  • ལྕགས་བཟོ་བ་ Metalworker
    ཨང་འདའི་ཨ་ནི་གཅིག་དང་ཨ་ཁུ་གཅིག་ཡོད་རེད། ཨེ་འདྲས་ཀྱི་ལོའོ་པན་(སྦྱིན་བདག་)རེད།
    I have one uncle and aunt, they own the workshop.
  • བུད་མེད་ Woman
    ཨའང་།
    I see.
  • ལྕགས་བཟོ་བ་ Metalworker
    འདི་འདི་ནས་་་ཁྱེད་རང་འདི་སྦྱོངས།
    They advised me to learn the craft here.
  • བུད་མེད་ Woman
    ཨ་ལས། ཨཱ་ནི་ཁྱེད་རང་འདའི་མཉེས་པོ་ཡོད་བྱས་གཞུག་མ་འདི་ཤེས་སོང་ན་ཁྱེད་རང་སོ་སོའི་ཨེ་འདྲས་བཟོས་གནང་རྩིས་ཡོད་པས།
    I see. So you like doing it. Once you mastered it, are you going to create works like this?
  • ལྕགས་བཟོ་བ་ Metalworker
    འོ།
    Yes.
  • བུད་མེད་ Woman
    ཨེ་འདྲས་ཡོད་པས་ལགས།
    So you want to?
  • ལྕགས་བཟོ་བ་ Metalworker
    འོ།
    Yes.
  • བུད་མེད་ Woman
    ལ་སེ། ཨཱ་ནི་ཁྱེད་རང་ལྷ་ས་ཡཱ་མཉེས་པོ་ཡོད་པས།
    Okay. Do you like here?
  • ལྕགས་བཟོ་བ་ Metalworker
    ཨཱ།
    What?
  • བུད་མེད་ Woman
    ལྷ་སར་བཞུགས་ཡཱ་མཉེས་པོ་ཡོད་པས། དགའ་པོ་ཡོད་པས།
    Do you like to stay here in Lhasa?
  • ལྕགས་བཟོ་བ་ Metalworker
    དགའ་པོ་ཡོད།
    I like it.
  • བུད་མེད་ Woman
    ཨཱ་ནི་གཞུག་མ་འདི་ཤེས་སོང་ན་ལུང་པ་ལོག་འཐད་བྱས་ཨེ་འདྲས་བཟོས་གནང་རྩིས་ཡོད་པས།
    Are you planning to go back to your hometown and start making items like this after mastering it?
  • ལྕགས་བཟོ་བ་ Metalworker
    འོ་འོ།
    Yes.
  • བུད་མེད་ Woman
    ལཱ་སེ། འོ་ཐུགས་རྗེ་གནང་།
    Okay. Thank you very much.