Skip to main content Skip to search
21 Jun 2018
2 min 57 sec
Ariana Maki
Video Overview
Creators: 
Duptho, Sonam Chophel

In this video, Yangay from Woongchilo in Jamkhar, Trashiyangtse sings a boedra song entitled “Gungtey Jayang Zomsa Tongyangzom.” The song is about hundreds and thousands of high skies gathering. The song has been sung in their village for a very long time. 

 

འཇམ་མཁར་རྒས་འོག་ གཡུས་འོ་ཅི་ལོ་ལས་ཨིན་མི་གཡང་གྱི་གིས་ བོད་སྒྲའི་གླུ་གཞས་ གུང་སྟོད་རྒྱ་ཡང་འཛོམས་ས་སྟོང་ཡ་འཛོམས་ཟེར་མི་འདི་ འཐེན་དོ་ཡོདཔ་ཨིན་མས། འདི་ཡང་ ཡར་གནམ་ཁ་ལུ་ སྐར་མ་རྒྱ་དང་སྟོང་འབད་ འཛོམས་འདི་ཡོད་ཟེར་ཨིན་མས། གླུ་གཞས་འདི་ སེ་མ་ལས་ར་ འཐེན་སྲོལ་ཡོདཔ་ཨིན་མས།

 

Transcript search
No results found for this search
0 of 0
  • གཡང་རྒྱས་ Yangay
    དགུང་སྟོད་བརྒྱ་ཡང་འཛོམས་ཤོག་(ས་)སྟོང་ཡང་འཛོམས། །ཁྲི་གདུགས་ཉི་མ་འཛོམས་པའི་(པ་)གསེར་ལས་དཀོན། །
  • གཡང་རྒྱས་ Yangay
    གསེར་ལས་དཀོན་ཀྱང་ད་རེས་འདི་རུ་འཛོམས། །འབྲལ་བ་འབྲལ་ས་མེད་པའི་སྨོན་ལམ་ཞུ། །འབྲལ་བ་འབྲལ་ས་མེད་པའི་སྨོན་ལམ་ཞུ། །
  • གཡང་རྒྱས་ Yangay
    གངས་སྟོད་བརྒྱ་ཡང་འཛོམས་ཤོག་(ས་)སྟོང་ཡང་འཛོམས་ལ། །སེང་ཆེན་དཀར་མོ་འཛོམས་པའི་(པ་)གསེར་ལས་དཀོན། །
  • གཡང་རྒྱས་ Yangay
    གསེར་ལས་དཀོན་ཀྱང་ད་རེས་འདི་རུ་འཛོམས་ལ། །འབྲལ་བ་འབྲལ་ས་མེད་པའི་སྨོན་ལམ་ཞུ། །
  • གཡང་རྒྱས་ Yangay
    སྤང་སྟོད་བརྒྱ་ཡང་འཛོམས་ཤོག་(ས་)སྟོང་ཡང་འཛོམས། །ཤཝ་རྒས་རྭ་བཅུ་འཛོམས་པའི་(པ་)གསེར་ལས་དཀོན། །
  • གཡང་རྒྱས་ Yangay
    གསེར་ལས་དཀོན་ཀྱང་ད་རེས་འདི་རུ་འཛོམས། །འབྲལ་བ་འབྲལ་ས་མེད་པའི་སྨོན་ལམ་ཞུ། །འབྲལ་བ་འབྲལ་ས་མེད་པའི་སྨོན་ལམ་ཞུ།། །།