Skip to main content Skip to search
03 Nov 2014
6 min 17 sec
Bradley Aaron
Video Overview
Creators: 
Tibetan & Himalayan Library

Kato Kyi from Sonak village in Tsekhok tells the story about how a thief became a hero by accidentally riding a tiger.

རྐུན་མས་ཁྱིམ་ཚང་ཞིག་གི་བ་གླང་བརྐུ་རུ་སོང་ཅི་ཡིན་མི་ཤེས།སྟག་ལ་ཞོན་ནས་འགྲོ་སྐབས་སྡེ་བ་གཞན་གྱི་མི་གིས་དཔའ་པོ་ཡིན་པར་སྙམ་བའི་གཏམ་བརྗོད་ཡོད།

གཏམ་རྒྱུད་འདིའི་ནང་དུ་བརྗོད་པའི་རྐུན་མ་དེ་རེ་ཞིག་ཁྱིམ་ཚང་ཞིག་ལ་བ་གླང་བརྐུ་རུ་སོང་། དེ་དང་དུས་མཚུངས་སུ་སྟག་ཅིག་གིས་བ་གླང་དེ་ཟ་འདོད་ནས་སྒོ་ཁ་རུ་སྒུག་ཡོད་པ་དང་། རྐུན་མས་སྟག་དེ་བ་གླང་ཡིན་པར་འདོད་དེ་སྟག་གི་རྒྱབ་ལ་ཞོན། སྟག་གིས་ཅི་ཡིན་པ་མ་ཤེས་པར་སྐྲག་ནས་མཆོང་ལྡིང་བྱས་ཏེ་ཁོ་ཁུར་ནས་བྲོས། ལམ་བར་ཏུ་སྡོང་བོ་ཞིག་ལ་འཇུ་བསམ་མོད་ལག་ཏུ་སྦྲུལ་ཞིག་ཡོང་བས་ཁོའང་སྐྲག་ནས་དེ་ལག་ཏུ་བསྡམས་ནས་སོང་། སྡེ་བ་གཞན་ཞིག་གི་མི་དག་གིས་རྣམ་པ་དེ་མཐོང་ནས་ཁོ་ནི་མི་སྤྱིར་བཏང་བ་ཞིག་ཡིན་རྒྱུ་མ་རེད་སྙམ་ནས། སྡེ་བའི་མི་དག་དང་མཉམ་དུ་དམག་འཁྲུག་ལ་སོང་བ་དང་རྒྱལ་ཁ་བླངས་ནས་ཕྱིར་ཡོང་། སྡེ་མི་དག་གིས་ཁོ་ལ་རྒྱུ་ནོར་སྣ་ཚོགས་བྱིན་པ་དང་དཔའ་བའི་མཚན་ཉིད་ཀྱང་ཐོགས།

有一次小偷在准备偷一头牛的时候,刚好也有一只老虎在等着那头牛。小偷误以为老虎是那头牛,骑上它之后老虎也吓得跑了。这场景被另外一个存的人们看到后觉得他肯定是个英雄。

故事里讲的小偷有一次准备去偷一头牛,刚好有一只老虎也等着想吃掉那头牛,当老虎爬起来时小偷误以为是那头牛就骑上了老虎的背上,老虎也吓得开始狂跑,路上小偷想抓住一棵树,不幸的他却抓了一条蛇。这样的场景被另外的村里人看到了,他们觉得肯定是个盖世英雄,所以带着他一起去打仗,这仗没打他们就赢了。他们为了感谢给了他很多财产还称上了英雄的荣誉。

Transcript search
No results found for this search
0 of 0