Skip to main content Skip to search
30 Jan 2018
56 min 57 sec
Ariana Maki
Video Overview
Creators: 
Tsering Gyel

A detailed documentary on traditional methods for animal slaughter and processing. Note: this video contains imagery that may be distressing to sensitive viewers.

རྩེ་ཁོག་ས་ཆའི་དམར་ཟས་ལས་ཁྱད་པར་དུ་ནང་ཇ་ལྡུག་ཚུལ་ཞིབ་མོར་བསྟན།

རྩེ་ཁོག་ས་ཆའི་ལུག་བཤའ་སྲོལ་དང་ནང་ལྡུག་ཚུལ། ཤ་ལྷུ་དང་ལྷུར་བགར་ཚུལ་སོགས་དམར་ཟས་ཀྱི་ནང་དོན་ཕུན་སུམ་ཚོགས་པ་འདུ།

དེ་ལས་ནང་ལྡུག་ཚུལ་ལས་གཡོས་རྒྱུ་ལྡུག་སྟངས་ནི་ཐོག་མར་རྒྱུ་དཀར་དང་ལོང་ག་དེ་ཆུ་དྲོ་མ་འཇམ་གྱིས་གཙང་མར་བཀྲུས་ཏེ་ཡང་ཡང་བཤལ་རྗེས།རྒྱུ་དཀར་དེ་རིང་ཐུང་མི་འདྲ་བར་བཏུབ་དགོས། དེ་ནས་ཤ་སྣག་དང་གློ་བ། གྲོད་པུ་བཅས་ཞིབ་མོར་འཐག་དགོས། འཐག་པ་རྩིང་ན་རྒྱུ་མའི་ནང་ལྡུག་དཀའ་ལ་རྒྱུ་མ་ཆད་ཉེན་ཆེ། ཞིབ་དྲགས་ན་ཤའི་དྲོ་བ་ཞན། ཙོང་སྒོག་དང་བཟའ་ཚྭ་སོགས་བྲོ་བ་འབྱིན་བྱེད་ཀྱི་རྫས་དང་ཕྱེ་རྩམ་གང་རུང་འོས་འཚམས་བསྲེས་ཏེ་གཡོས་རྒྱུ་ནང་དུ་ལྡུག་དགོས། ལྡུག་དུས་རྒྱུ་མའི་ངོས་དང་འཐག་ཤའི་སྟེང་དུ་ཕྱེ་རྩམ་གང་རུང་ཉུང་ཙམ་གཏུལ་ཏེ་རྒྱུ་མ་ལག་ནས་མི་ཤུད་པ་དང་འཐག་ཤ་ལག་མགོར་མི་འབྱར་བ་བྱེད་དགོས། དེ་ནས་རྒྱུ་མའི་ཁ་ནང་དུ་ལྟེབ་སྟེ་མཛུབ་མོས་བརྫངས་ཚེ་རྒྱུ་མ་ཕྱིེར་སློག་ནས་ཐོན་པ་ན་ད་གཟོད་བླུགས་ཚར་བ་ཡིན།

本片详细介绍了泽库地区荤食中肉肠的灌制方法。

本片的主要讲述为泽库地区人们宰羊、灌肠等制作荤食的方式。在制作灌肠时,首先用温开水把大肠和下腹冲洗干净,且进行多次冲洗。接着,把大肠切割成长短不一的节块。然后,将精肉、肺、毛肚等剁细。在剁肉的过程中,如果精肉剁得过于粗糙,不但肠子很难灌装,而且烹煮时肠子很容易破裂。相反,如果精肉剁得过细则容易失去鲜肉的原味。在做灌肠的调料时,先要把葱、蒜、食盐等调味品以及面粉或糌粑调和好,然后慢慢灌入肠子中。灌肠时,为了避免肠子从手中滑落或肉馅不粘手,制作者一般会将少许面粉或糌粑涂抹在肠子表面和剁好的肉上。最后,将肠子口朝内,用手指把肉灌进去,当肠子翻完时,肉肠也就做好了。