Skip to main content Skip to search
19 Jul 2018
2 min 16 sec
Rinchen Dorji
Video Overview
Creators: 
Yeshi Wangchuk, Rinchen Dorji

Rinchen Phuntsho learned how to make statues in Dehradun, India, where he studied for three years. The art of making statues has existed since ancient times, and has changed over time. Zhabdrung Ngawang Namgyal was one of the most important Bhutanese historical figures. He influenced the whole country tremendously, from clothing to the spread of dharma. The country became more religious and Bhutanese people had greater faith in Buddhism. After his arrival, twenty dzongs were built throughout the country. It is strongly believed that Zhabdrung should never be forgotten in Bhutan.

སྐུ་བཟོ་ནི་འདི་ ཁོ་གིས་ རྒྱ་གར་ད་ར་དུན་ལུ་འབད་ ལོ་གསུམ་གྱི་རིན་ལུ་ལྷབ་ནུག། དེ་འབདཝ་ད་ སྐུ་བཞེངས་ནི་འདི་ འབྲུག་རྒྱལ་ཁབ་ནང་ལུ་ དང་ཕུག་ལས་རང་ འདུག་ཟེར་ཞུ་ནི་ཨིན། སྐུ་བཞེངས་ནི་འདི་ ཧེ་མ་དང་ཕྱེདཔ་ད་ ད་རེས་ནང་པ་ སྐུ་བཞེངས་ནི་འདི་ཡང་  ཞབས་དྲུང་འདི་ ང་བཅས་རའི་ འབྲུག་རྒྱལ་ཁབ་ནང་ ན་མེད་ས་མེད་བཀའ་དྲིན་སྦོམ་བསམ་དགོཔ་པའི་ མི་གཅིག་ཨིན་མས། ང་བཅས་ཀྱི་ག་རང་བགོ་གྱོན་ཐངས་ལས་ གོ་བཙུགས་ཏེ་ དེ་ལས་ཆོས་གནང་ཐངས་འདི་ཚུ་ག་ར་ ཞབས་དྲུང་ལས་ལྷབ་དོ་ཡོདཔ་ཨིན་མས། ང་བཅས་ཀྱི་རྒྱལ་ཁབ་འདི་ནང་ ཆོས་ཀྱི་སྟན་པ་གོ་བཙུགས་མི་རང་ ཞབས་དྲུང་ཨིན་མས། རྫོང་འདི་ཚུ་ མངས་ཆེ་བ་བཞེངས་མི་ར་ ཞབས་དྲུང་ཨིན་དོ་ཡོདཔ་ཨིན་མས། ཞབས་དྲུང་ལུ་ དད་པ་སྐྱེད་བའི་ ཕན་ཡོན་ཡང་ ཡོདཔ་ཨིན་མས། ཚེ་ད་རེ་དང་ ཕྱི་མ་གཉིས་ཆ་རང་ལུ་ ཕན་ཐོག་དོ་ཡོདཔ་ཨིན་མས། ཁོ་གིས་ ཕྱག་མཚན་ཡང་ ང་བཅས་འ་ནི་ཁམས་གསུམ་ གཟུགས་སྔོན་ཟེར་མི གུ་རུ་བཟུམ་འབད་རང་ཡོདཔ་ ཨིན་མས། ཕྱག་ལུ་ སྐུལ་སྐྲུང་རྣམས་འདི་ཡོདཔ་ ཨིན་མས། འདི་མ་ཚད་མཐོད་པ་ཡང་རྣམས་འདི་ཡོདཔ་ཨིན་མས། དབུ་ཞྭ་འདི་ དཀར་རྒྱུ་ལུགས་སྲོལ་འབད་ བཙུགས་དོ་ཡོདཔ་ཨིན་མས།

 

Transcript search
No results found for this search
0 of 0
 • ་Rinchen Phuntsho རིན་ཆེན་ཕུན་ཚོགས
  ཞབས་དྲུང་འདི་ ང་བཅས་ཀྱི་ ནང་འབྲུག་རྒྱལ་ཁབ་ནང་འདི་ འ་ནཱི་མས་སྦ་ ཁོ་གནམ་མེད་ས་མེད་ བཀའ་དྲིན་སྦོམ་ཅིག་ བསམ་དགོཔ་ཅིག་འདུག་ ང་བཅས་ཀྱི་ག་ར་གོ་གྱོན་ཐངས་ཀྱི་ར་ འགོ་བཙུགས་སྦེ་ དེ་ལས་ཆོས་གནང་ཐངས་ འདི་ཚུ་ག་ར་ང་བཅས་ཀྱི་ནཱ་ མོན་པའི་གླིང་ཨིན་མས་སྦ།
 • ་རིན་ཆེན་ཕུན་ཚོགས Rinchen Phuntsho
  ང་བཅས་ཀྱི་ རྒྱལ་ཁབ་ནང་འདི་ ཆོས་ཀྱི་བསྟན་པ་བཙུགས་མི་ར་ ཁོ་ཨིན་མས་ང་བཅས་ རྫོང་ག་ར་ཁོ་གིས་མཛད་མཛདཔ་གི་ ཏེ་འ་ནཱི་བཟུམ་སྦེ་འདུག་སྦ་ལགས་ཁོ་གི་ ཏེ་ཁོ་བསྒྲུབ་དགོ་པའི་དོན་དག་འདི་ གནམ་ས་མེད་འ་ནཱི་ ང་བཅས་ཀྱིས་ བཀྲིན་དགའ་ཚོར་གྱི་ཐོག་ལས་བསྒྲུབ་དགོ་སྦེ་བ་སྐུ་འདི།
 • ་Rinchen Phuntsho རིན་ཆེན་ཕུན་ཚོགས
  དེ་ལས་ཕན་ཡོན་འདི་ ཏེ་ཁོ་དྲག་ འ་ནཱི་སྐུ་དྲག་ འ་ནཱི་མི་དྲག་ཟེར་འདི་ སླབ་ནི་མ་པ་ལས་མེད་ཅོག་རང་གཅིག་ ཕན་ཡོན་འདི་ཁོང་གི་སྐུ་གི་ཆེ་ཆུང་མེན་ ང་བཅས་ཀྱི་ དད་པ་གི་ཆེ་ཆུང་སྦེ་འགྱོ་འོང་སྦ།
 • རིན་ཆེན་ཕུན་ཚོགས Rinchen Phuntsho
  ཏེ་སྐུ་འདི་ དེ་ལས་ཁོ་བསྒྲུབ་དགོ་པའི་དོན་དག་ འ་ནཱི་མས་ལགས་ཞབས་དྲུང་འདི་ རོགས་བཀྲིན་དགའ་ཚེོར་བསམ་སྦེ་ བསྒྲུབ་དགོ་སྦེ་ལགས་ ང་བཅས་ཀྱིས་འ་ནཱི་ ཏེ་ཕན་ཐོག་ནི་འདི་ ཚེ་ད་རེ་དང་ཕྱི་མ་གཉིས་ཆ་ར་ལུ་ཕན་ཐོགས་ནི་འདི་ ཅོག་ར་གཅིག་ཨིན།
 • ་ Yeshi Wangchuk ཡེ་ཤེས་དབང་ཕྱུག
  ཕྱག་མཚན་འབད་བ་ཅིན་ལགས།
 • ་Rinchen Phuntsho རིན་ཆེན་ཕུན་ཚོགས
  ཁོ་འདི་ཕྱག་མཚན་འ་ནཱི་ ང་བཅས་འ་ནཱི་ ཁམས་གསུམ་ཟིལ་གནོན་ཟེར་མི་འདི་ ཁོ་མར་འ་ནཱི་བཟུམ་སྦེ་ར་ཡོད་ལགས་ འ་ནཱི་གུ་རུ་བཟུམ་སྦེ་ར་ དེ་ལས་ ཁོ་མཉམ་བཞག་སྦེ་བཞུགས་སྦེ་ ཏེ་འ་ནཱི་བཟུམ་སྦེ་ཡོད་ལགས་ དཀྱིལ་ཀྲུང་མཉམ་བཞག་སྦེ་ དཀྱིལ་ཀྲུང་སྦེ་ དཀྱིལ་ཀྲུང་དེ་ལས་ཕྱག་ནང་འདི་ འ་ནཱི་བསྣམས་སྦེ་ཡོད་པ་ལགས།
 • རིན་ཆེན་ཕུན་ཚོགས Rinchen Phuntsho
  ཁོ་གི་འ་ནཱི་ འ་ནཱི་ཐོད་པ་ འོང་འ་ནཱི་ འ་ནཱི་ཅིག་བསྣམས་ དེ་ལས་ཁོ་ཕྱག་ནང་ག་ནི་ གཅིག་ནང་ག་ནཱི་ཡང་མེད་ལགས་ སྟོང་པ་ཨིན་ ཕྱག་སྟོང་པ་ཨིན་ ཏེ་འ་ནཱི་ནང་འདི་ ཚེ་བུམ་ཅིག་ཡོད་ འ་ནཱི་ཐོག་ཁར་ལགས་ འ་ནཱི་ང་བཅས་ཀྱི།
 • ་ Yeshi Wangchuk ཡེ་ཤེས་དབང་ཕྱུག
  ཞྭམོ་དབུ་ཞྭམོ་འབད་བ་ཅིན་ ག་ཅིག་ ག་ཅིག་མིང་ཡོདཔ་ཨིན་ན་དབུ་ཞྭམོ་ལུ?
 • ་Rinchen Phuntsho རིན་ཆེན་ཕུན་ཚོགས
  དབུ་ཞྭ་འདི་ ཁོང་གི་ འ་ནཱི་བཀའ་བརྒྱུད་ཀྱི་ཨིན་མས་སྦ་ བཀའ་བརྒྱུ་ཀྱི་ལུགས་སྲོལ་སྦེ་ ཏེ་འ་ནཱི་ དབུ་ཞྭ་བཙུགས་ནི་འདུག་ ང་བཅས་གནམ་མེད་ས་མེད་ སླབ་ནི་མིན་འདུག་ ཏེ་མི་ཤེས་སྦེ་གནམ་མེད་ས་མེད་ཅིག