Skip to main content Skip to search
19 Jul 2018
2 min 35 sec
Rinchen Dorji
Video Overview
Creators: 
Yeshi Wangchuk, Rinchen Dorji

Rinchen Phuntsho learned how to create statues in Dehradun, India for three years. He does not know the origin of this statue. Vajrapani holds a thunderbolt in his hands, and this is called zhakpa. This was owner of the Earth and Naga spirits. It is said that having this statue in our home will benefit us. Vajrapani is among the most difficult kind of statue to make. Vajrapani has both peaceful and wrathful manifestations, both of which yield the same benefit if we have devotion.

སྐུ་བཟོ་ནི་འདི་ཁོ་གི་རྒྱ་གར་ད་ར་དུན་ལུ་འབད་ལོ་གསུམ་གྱི་རིན་ལུ་ལྷབ་ནུག། ཕྱག་ན་རྡོ་རྗེའི་ སྐུ་འབྱུང་བའི་འབྱུང་རབས་འདི་ གནམ་ཨིན་ན་མ་ཤེས། ཕྱག་ན་རྡོེ་གིས་ཕྱག་ལུ་ རྡོེ་རྗེ་རྣམས་འདི་ཡོད་མི་འདི་ ཞག་པ་ཟེར་ སླབ་སྲཽལ་ཡོདཔ་ཨིན་མས། འདི་ང་བཅས་ཀྱི་ ཀླུ་གི་ཁ་སྔན་ ས་བདག་གི་ཁ་སྔན་ ཨིན་དོ་ཡོདཔ་ཨིན་མས། རང་ར་སོ་སོའི་ ཁྱིམ་ནང་ལུ་ སྒྲུབ་པ་ཅིན་ ན་མེད་ས་མེད་ ལེགས་ཤོམ་ཨིན་ཟེར་ཨིན་མས། སྐུ་གཞན་མི་དང་ ཕྱེདཔ་ད་ ་ཕྱག་ན་རྡོེ་འདི་ བཞེངས་ནི་འདི་ ལ་ཁག་བཏང་དོ་ཡོདཔ་ཨིན་མས། ཕྱག་ན་རྡོེ་ཞི་བ་སྒྲུབ་འདི་ གཙོ་བོ་རང་ དད་པ་དང་འཁྲིལ་འདི་སྒྲུབ་དགོཔ་ཨིན་མས། ཕྱག་ན་རྡོ་རྗེ་འདི་ ཁྲོ་བོ་ཡང་ཡོད་ ཞི་བ་ཡང་ཡོད་ཟེར་ཨིན་མས། སྐུ་འདི་ ག་ཅི་སྒྲུབ་རུང་ རང་གིས་དད་པ་དང་ འཁྲིལ་འདི་ འགྱོ་དོ་ཡོདཔ་ཨིན་མས། ཕྱག་ན་རྡོ་རྗེ་འདི་ ཞི་བ་འབད་རུང་ ཕྲོ་བ་འབད་རུང་ ཕན་པ་འདི་ ལྕོག་ར་འཐད་ཟེར་ཨིན་མས།

Transcript search
No results found for this search
0 of 0
  • ་ Rinchen Phuntsho རིན་ཆེན་ཕུན་ཚོགས
    ཏེ་ཕྱག་ན་རྡོ་རྗེ་འདི་འ་ནཱི་ ཁོ་འ་ནཱི་ཕྱག་ནང་འདི་ ཏེ་འ་ནཱི་འ་ནཱ་ཁར་ རྡོ་རྗེ་བསྣམས་ཏེ་ཡོད་སྦ་ལགས་ འ་ནཱ་འདི་ ང་བཅས་འ་ནཱི་ ཨེང་་་་འ་ནཱི་ཞགས་པ་ཟེར་སླབ་འོང་སྦ་ འ་ནཱ་བཙུགས་ནི་ཐགཔ་ཅིག་ཡོད་སྦ་ལགས།
  • ་ Rinchen Phuntsho རིན་ཆེན་ཕུན་ཚོགས
    འ་ནཱི་བཟུམ་སྦེ་འ་ནཱེ་སྦེ་ཡོད་ ཁོ་འདི་འ་ནཱི་ནང་ རྡོ་རྗེ་ཡོད་ལགས་རྡོ་རྗེ་ཕྱག་ནང་ ཏེ་འ་ནཱི་འདི་ ང་བཅས་ཀྱི་ཀླུ་གི་ཁ་གནོན་ ས་བདག་གི་ཁ་གནོན་ ཁོ་ཨིན་མས་སྦ་ལགས།
  • ་ Rinchen Phuntsho རིན་ཆེན་ཕུན་ཚོགས
    ཏེ་འ་ནཱི་བསྒྲུབ་དགོ་ རར་ར་སོ་སོའི་ཁྱིམ་ནང་འདི་ གནམ་ས་མེད་ཁ་གནོན་སྦོམ་ཡོད་ཟེར་མས་སྦ་ ཏེ་འ་ནཱི་བསྒྲུབ་དགོཔ་དོན་དག་འདི་ འ་ནཱི་བཟུམ་སྦེ་ཅིག་འདུག་ལགས་ཁོང་།
  • ་ Rinchen Phuntsho རིན་ཆེན་ཕུན་ཚོགས
    ཏེ་རང་རང་སོ་སོར་གྱི་ ལ་ལུ་ཅི་གིས་ རྨེ་བ་ནང་ཐོན་འོང་སྦ་ལགས་ ཏེ་ཁོ་མ་ཐོན་རུང་ ཏེ་ཁྱིམ་ནང་ཁོ་ཅིག་དགོ་ར་དགོ་ཟེར་མས་སྦ་ ང་བཅས་ཀྱི་འ་ནཱི་ས་བདག་གི་ཁ་གནོན་ ཀླུ་གི་ཁ་གནོན་བདུད་ཀྱི་ཁ་གནོན་ག་ར་བཏུབ་ཟེར་ ཏེ་འ་ནཱི་ ཏེ་འ་ནཱི་བཟུམ་སྦེ་འདུག་ལགས་ཁོང་གི།
  • ་Yeshi Wangchuk ཡེ་ཤེས་དབང་ཕྱུག
    སྐུ་གཞན་མི་དང་ཕྱདཔ་ད་ ཕྱག་ན་རྡོ་རྗེ་འདི་ ཨ་ཙི་ཁག་སུ་ཅིག་ཅིག་ཡོད་ཟེར་ཨིན་ན་ ཨ་ནཱེ་སྦེ་གོ་ཡི་ལགས་ང་རང་གིས།
  • ་ Rinchen Phuntsho རིན་ཆེན་ཕུན་ཚོགས
    ཨོང་འ་ནཱི་ཡ?
  • ་ Tendrel Zangpo རྟེན་འབྲེལ་བཟང་པོ
    བཞེངསམ་ད་ལུ་ལགས།
  • ་Yeshi Wangchuk ཡེ་ཤེས་དབང་ཕྱུག
    བཞེངསམ་ད་ལུ་ལགས།
  • ་ Rinchen Phuntsho རིན་ཆེན་ཕུན་ཚོགས
    བཞེངས་ད་ལུ་འདི་ ཁོ་ ཁོ་གནམ་མེད་ས་མེད་འ་ནཱི་ གནམ་མེད་ས་མེད་ལ་ཁག་འདི་མེད་ ང་བཅས་ཀྱིས་ ཁོ་ཕྱག་མཚན་མེད་ མེ་རིལ་ཅིག་བཟོ་སྦེ་ འ་ནཱི་རྡོ་རྗེ་ཅིག་བཟོ་སྦེ་ ཏེ་འ་ནཱི་ ཏེ་འ་ནཱི་སྦྲུལ་ཅིག་འ་ནཱ་མར་བཏགས་སྦེ་ ཁོ་རྒྱན་ཆ་ག་ནི་ཡང་མེད་ལགས་ ཏེ་འ་ནཱེ་ཅིག་ར་ཨིན།
  • ་Yeshi Wangchuk ཡེ་ཤེས་དབང་ཕྱུག
    མ་པ་ཁྲོ་བོ་སྦེ་ཨིན་མས་སྨོ་ལགས?
  • ་ Rinchen Phuntsho རིན་ཆེན་ཕུན་ཚོགས
    ཁྲོ་བོ་དབའེ་ ཁྲོ་བོ་ཨིན་ ཁྲོ་བོ་ཡོད་ ཞི་བ་ཡོད་ ཕྱག་ན་རྡོ་རྗེ་གཉིས་ཡོད་ ཞི་བ་ཡང་ཡོད་ ཁྲོ་བོ་ཅིག་ ཞི་བ་ཅིག་ཡོད་ཕྱག་ན་རྡོ་རྗེ་ ཏེ་ལ་ལོ་ཅིག་གིས་ ཞི་བ་བསྒྲུབ་འོང་སྦ་ ལ་ལུ་ཅིག་གིས་ ཁྲོ་བོ་བསྒྲུབ་འོང་སྦ།
  • ་ Rinchen Phuntsho རིན་ཆེན་ཕུན་ཚོགས
    ཏེ་ཏེ་ཕན་པ་འདི་ ཁོ་ཅོག་ར་གཅིག་ཨིན་ད་རུང་ ཕྱག་ན་རྡོ་རྗེ་ཞི་བ་བསྒྲུབ་རུང་བསྒྲུབ་ རང་རང་སོ་སོར་ གཙོ་བོ་ར་དད་པ་ཨིན་ དད་པ་དང་འཁྲིལ་སྦེ་བསྒྲུབ་དགོ སྐུ་འདི་ག་ཅི་བསྒྲུབ་རུང་ དད་པ་དང་འཁྲིལ་སྦེ་བསྒྲུབ་ད་ལུ་ དད་པ་ཡོད་མི་ར་བྱིན་བརླབས་ཆེ་ ཡ་ཏེ་འ་ནཱི་བཟུམ་སྦེ་ཅིག་བསྒྲུབ་དགོཔ་ཅིག་འདུག
  • ་Yeshi Wangchuk ཡེ་ཤེས་དབང་ཕྱུག
    སྐྱེ་རྩིས་ནང་ལས་ཕར་ སྐུ་བསྒྲུབ་དགོཔ་རེ་ཐོན་པ་ཅིན་ ད་ཞི་བ་དང་ཁྲོ་བ།
  • ་ Rinchen Phuntsho རིན་ཆེན་ཕུན་ཚོགས
    ཏེ་འ་ནཱི་གི་ར།
  • ་ Yeshi Wangchuk ཡེ་ཤེས་དབང་ཕྱུག
    ག་སྒྲབ་རུང་བཏུབ་ག་ལགས།
  • ་ Rinchen Phuntsho རིན་ཆེན་ཕུན་ཚོགས
    འ་ནཱི་ག་བསྒྲུབ་རུང་བཏུབ་ འ་ནཱི་དད་པ་ཨིན་ ཁྱོད་ཀྱིས་ག་ལུ་ ཞི་བ་ལུ་དད་པ་ཡོད་ག་ ཁྲོ་བ་ལུ་དད་པ་ཡོད་ག
  • ་ Yeshi Wangchuk ཡེ་ཤེས་དབང་ཕྱུག
    ལགས་སོ།
  • ་ Rinchen Phuntsho རིན་ཆེན་ཕུན་ཚོགས
    འ་ནཱི་གཉིས་ ཁྱད་པར་ཅིག་ཕྱེ་ནི་མ་གཏོགས་ ཕན་པ་འ་ནཱི་ཁྲོ་བོ་དྲག་ ཞི་བ་དྲག་གསེས་མེད་ འ་ནཱི་ཅོག་ར་གཅིག་ཕན་ཡོན་འདི་ འ་ནཱི་ཀེ་ཇི་ནང་མཇལ་བ་ཅིན་ འདྲན་འདྲ་ར་ཐོན་འོང་ཁོང་ ཕན་ཡོན་འདི།