Skip to main content Skip to search
19 Jul 2018
2 min 52 sec
Rinchen Dorji
Video Overview
Creators: 
Yeshi Wangchuk, Rinchen Dorji

Rinchen Phuntsho learned how to make statues in Dehradun, India for three years. The art of making statues has existed since ancient times. He did not know the origins of the statues of Ugyen Norlha. Ugyen Norlha carries a flower in his hands. If we pray to Ugyen Norlha, it is said that we will be safe from thirst and hunger. It is very important to have a relic for every statue.

Transcript search
No results found for this search
0 of 0
  • ་ Rinchen Phuntsho རིན་ཆེན་ཕུན་ཚོགས
    ཨོ་རྒྱན་ནོར་ལྷ་གི་འདི་འ་ནཱི་ཨིན་ ང་བཅས་ད་ལྟོ་ཞུ་ཡི་མེན་ན་ ང་བཅས་ཀྱི་འ་ནཱི་ ཁོ་ཡང་ཏེ་ ང་བཅས་ཁ་སྐོམ་ནི་གི་སྡུག་བསྔལ་ ལྟོ་བཀྱེས་ནི་གི་སྡུག་བསྔལ་ཡོད་མེན་ན་ འ་ནཱི་བསལ་ཚུགས།
  • རིན་ཆེན་ཕུན་ཚོགས Rinchen Phuntsho
    ཡར་ཁོ་ར་གཟུངས་ཡང་ འ་ནཱི་བཟུམ་སྦེ་ དབུལ་ཕོངས་བཀྲེས་སྐོམ་ སྡུག་བསྔལ་བསལ་ནི་གི་ཐེ་ཚོམ་མེད་ཟེར་ཡོད་སྦ་ང་བཅས་ཀྱི་ ཏེ་འ་ནཱི་གི་ནང་གསོལ་བ་བཏབ་ ཏེ་ཁོ་ལུ་དད་པ་བསྐྱེད་ ཡིད་ཆེས་འབད་བ་ཅིན་འདི་ མ་པ་ལས་ར་ཏེ་ང་བཅས་ཀྱི་ དཔེ་འབད་བ་ཅིན་ ང་བཅས་ཀྱིས་ ཚོང་བཙོང་ནི་ཡོད་པ་ཅིན་ ཁོ་གི་རང་བཞིན་མི་འདི་ཚུ་ བཀུག་འབད་འོང་གི།
  • ་ Rinchen Phuntsho རིན་ཆེན་ཕུན་ཚོགས
    ང་བཅས་ཀྱི་ འ་ནཱི་བསམ་པའི་དོན་ འ་ནཱི་གི་ཚོང་འབད་ནི་གི་ དེ་ལས་འ་ནཱི་ནོར་བུ་ ནོར་བུ་འདི་ཚུ་ ཚུར་བཀུག་ནི་གི་འཐོབ་ནི་གི་ག་ར་ཁོ་ཨིན།
  • ་Tendral Zangpo རྟེན་འབྲེལ་བཟང་པོ
    བཅུད་བསྡུ་བ་ཅིན་ནོར་ལྷ་ཟེར་ཡ?
  • ་ Rinchen Phuntsho རིན་ཆེན་ཕུན་ཚོགས
    ནོར་ལྷ་གསེས་ཏེ་འ་ནཱི་ཨིན་ ནོར་ལྷ་གསེས་ ང་བཅས་ཀྱི་ ག་ཅི་ར་ནོར་བུ་འདི་ཚུ་ ཡར་ཁྱིམ་ནང་ཚུར་བཀུག་ཚུགས་ཁོ་གིས་ ཏེ་རང་གིས་ དད་པ་བསྐྱེད་ཡིད་ཆེས་འབད་ དེ་ལས་ཁོ་ལུ་འ་ནཱི་བསྒྲུབ་ སྔགས་འདི་བསྒྲུབ་ འ་ནཱེ་སྦེ་མཆོད་བཤམ་ལུ་ ཁོ་ར་སྐུ་བསྒྲུབ།
  • རིན་ཆེན་ཕུན་ཚོགས: ནང་ན་ཁོ་ར་གི་གཟུངས་ཡོད་ ཏེ་ང་བཅས་ཁ་གིས་ཡང་བསྒྲུབ་ འ་ནཱེ་འབདཝ་ད་ལུ་ ང་བཅས་དེ་ལས་ག་ར་ནོར་བུ་ རིགས་འདི་ཚུ་ཚུར་འོང་ཚུགས་གསེས་མས་སྦ་ ཏེ་འ་ནཱི་ཨོ་རྒྱན་ནོར་ལྷ་ཟེར་མི་འདི་འ་ནཱི་ཨིན།
    Rinchen Phuntsho
  • ་ Yeshi Wangchuk ཡེ་ཤེས་དབང་ཕྱུག
    ཕྱག་མཚན་འབད་བ་ཅིན།
  • ་ Rinchen Phuntsho རིན་ཆེན་ཕུན་ཚོགས
    ཕྱག་མཚན་འདི་ ཁོ་ཛམ་བྷ་ལ་བཟུམ་སྦེ་ར་ཨིན་ འ་ནཱ་ནོར་བུ་བསྣམས་ ཏེ་གཅིག་ནང་འདི་ ཁོ་མེ་ཏོག་འ་ནཱི་འདི་ཚུ་ བང་མཛོད་འདི་ཚུ་གི་ཚུལ་ཨིན་ ཁོ་འ་ནཱེ་སྦེ་བཤེད་སྡོད་མི་འདི་ དེ་ལས་ཡར་དབུ་ཞྭདབུ་ཞྭ་ གུ་རུ་གི་དབུ་ཞྭ་བཟུམ་སྦེ་ར་ཨིན་དབུ་ཞྭ་འདི།
  • རིན་ཆེན་ཕུན་ཚོགས: དེ་ལས་ཁོ་ར་གི་ན་བཟའ་འདི་ འ་ནཱེ་སྦེ་མར་བཤུབ་ བཞུགས་ཐངས་འདི་ མར་འ་ནཱེ་སྦེ་ར་ཨིན་ ང་བཅས་ར་ སྤྱིར་བཏང་གི་འ་ནཱི་བཟུམ་འབད་ར་ མེ་ཏོག་པདྨ་ཐོག་ཁར་ལས་ཕར་ཨིན་ཁོ།
    Rinchen Phuntsho
  • ་ Yeshi Wangchuk ཡེ་ཤེས་དབང་ཕྱུག
    མ་པ་ད་ ཛམ་བྷ་ལ་དང་ ཁོ་གཉིས་ཆ་ར་ནོར་གི་ཨིན་ན།
  • ་ Rinchen Phuntsho རིན་ཆེན་ཕུན་ཚོགས
    ཨིན་ཛམ་བྷ་ལ་གཡང་ གཡང་ ནོར་བུ་ཁོ་འདི་ཕར་ལས་བཀུག་ནི་ཨིན་ ཕར་འ་ནཱི་ནོར་བུ་འདི་ཚུ་ཚུར་འོང་ནི་གི།
  • ་ Yeshi Wangchuk ཡེ་ཤེས་དབང་ཕྱུག
    ཨེང་།
  • རིན་ཆེན་ཕུན་ཚོགས ་ Rinchen Phuntsho: དཔེ་འབད་བ་ཅིན་ འ་ནཱ་མི་འདི་ཚུ་ལུ་ ནོར་བུ་འོང་བ་ཅིན་ ཁོ་ར་གིས་ཏེ་ ཁོ་ར་གིས་སྦེ་ ང་བཅས་སྡུག་སྔལ་སེལ་བཅུགས་ནི་མས་སྦ།
  • ་ Rinchen Phuntsho རིན་ཆེན་ཕུན་ཚོགས
    ཁ་སྐོམ་ནི་གི་ ལྟོཝ་བཀྱེས་ནི་གི་ འ་ནཱི་བཟུམ་གྱི་སྡུག་སྔལ་ཡོད་མེན་ན་ འ་ནཱི་བསལ་ནི་གི་ ཏེ་འ་ནཱི་ཁོ་གིས་ ཕར་ལས་ནོར་བུ་འོངམ་ད་ལུ་ ཏེ་ང་བཅས་དཀའ་ངལ་མི་ཐོན་མས་ན?
  • རྟེན་འབྲེལ་བཟང་པོ Tendral Zangpo
    ཡེང་་་་་་ཁོ་གིས་འདི་ ཕར་ལས་ཚུར་བལྟ་བསྡུ་ནི།
  • ་ Rinchen Phuntsho རིན་ཆེན་ཕུན་ཚོགས
    ཨོང་།
  • རྟེན་འབྲེལ་བཟང་པོ Tendral Zangpo
    ཏེ་ཛམ་བྷ་ལ་བཟུམ་ཅིན་འབད་བ་ཅིན།
  • ་ Rinchen Phuntsho རིན་ཆེན་ཕུན་ཚོགས
    ཏེ་གཡང་ ཁོ་གིས་འོང་མི་འདི་ ཁོ་གིས་བདག་འཛིན་འབད།
  • རྟེན་འབྲེལ་བཟང་པོ Tendral Zangpo
    བདག་འཛིན་འབད།
  • ་ Rinchen Phuntsho རིན་ཆེན་ཕུན་ཚོགས
    བདག་འཛིན་འབད་ ཏེ་ང་བཅས་དཀའཝ་སྤྱད་མི་ཡང་ བདག་འཛིན་འབད་ འ་ནཱི་སྡོད་འོང་སྦ་ཛམ་བྷ་ལ་བཟུམ་ཅིག