Skip to main content Skip to search
19 Jul 2018
2 min 29 sec
Rinchen Dorji
Video Overview
Creators: 
Yeshi Wangchuk, Rinchen Dorji

The statues of Tara are the most important and precious. She holds flowers in her hand. If we pray to Tara, we will fulfill our desires and wishes. For instance, those who do not have children or property will pray to Tara to fulfill their wishes. There are 21 Taras in total, and they each have relics. This information was shared by Rinchen Phuntsho.

རྫེ་བཅུན་སྒྲོལ་མ་འདི་ ན་མེད་ས་མེད་ རྩ་ཆེ་ཏོག་ཏོ་ ཅིག་ཨིན་མས། ཕྱག་ལུ་མེ་ཏོག་རྣམས་འདི་ཡོདཔ་ཨིན་མས། འ་ནི་སྒྲུབ་དགོ་མི་འདི་ གསལ་ཐབས་ཀྱི་དོན་ལུ་ཨིན་མས། དེ་ལས་བསམ་པའི་དོན་ སྒྲུབ་ཚུ་ཟེར་ཨིནམ་དང་ སྒྲོལ་མ་ལུ་ སྨོན་ལམ་བཏབ་བ་ཅིན་ དང་པ་ རང་གིས་ རྐྱེན་བར་ཆེ་གསལ་ཚུགསཔ་མ་ཚད་ བུ་གཞི་མེད་མི་ཚུ་ བུ་གཞི་དར་ཞིང་རྒྱས་ནི་ ནོར་མེད་མི་འདི་ཚུ་ཡང་ནོར་འབྱུང་ནི་  ང་བཅས་ར་ བྱ་བ་འདི་ཚུ་ ག་ཅི་རང་འབད་རུང་ ལེགས་ཤོམ་འབྱུང་ཐབས་ལུ་ ཨིན་མས། སྒྲོལ་མ་ཉི་ཤུ་རྩ གཅིག་ཡོདཔ་ཨིན་མས། དེ་ལས་ སྒྲོལ་མ་ལུ་ རང་གཟུངས་རེ་རེ་འདི་དགོ་དོ་ཡོདཔ་ ཨིན་མས། གློག་གཉེར་འདི་བར་བི་ས་ལུ་འབད་ རིན་ཆེན་ཕུན་ཚོགས་ཀྱིསའབད་ ཤེས་རྒྱུན་ལས་སྡེ་ལས་ སྒྲ་བཟུང་འབད་འདི་ཡོདཔ་ཨིན་མས། སྐུ་འདི་ཚུ་ཡང་མི་འདི་ཚུ་གི་ཁོ་དད་དང་འཁྲིལ་འདི་འབད་ཁོ་གི་ཡང་བཞེངས་དོ་ཡོད་པ་མས། སྐུ་བཞེངས་ནི་གི་རྒྱུས་ཆས་འདི་ཚུ་ཡང་ རྒྱ་གར་དང་འབྲུག་ནང་ཁོད་ལས་རང་ ཁོ་སྒྲུབ་འབད་འདི་ བཞེངསམ་ཡོདཔ་ཨིན་མས། 

Transcript search
No results found for this search
0 of 0
  • ་Rinchen Phuntsho རིན་ཆེན་ཕུན་ཚོགས
    འ་ནཱ་སྒྲོལ་མ་རྫེ་བཙུན་སྒྲོལ་མ་ འ་རྗེ་བཙུན་སྒྲོལ་མ་འདི་ཡང་ འ་ནཱི་གཙོ་བོ་ཅིག་ཨིན།
  • རིན་ཆེན་ཕུན་ཚོགས ་Rinchen Phuntsho: ཁོ་མེ་ཏོག་གཉིས་ཆ་ར་ནང་ མེ་ཏོག་ཕྱག་ནང་མེ་ཏོག་བསྣམས་སྦེ་ གཅིག་འདི་འ་ནཱེ་སྦེ་བཞག་ གཉིས་ཆ་ར་མེ་ཏོག་ཡོད།
  • རིན་ཆེན་ཕུན་ཚོགས ་Rinchen Phuntsho: ཏེ་འ་ནཱི་བསྒྲུབ་དགོ་མི་འདི་ ང་བཅས་ཀྱི་རྐྱེན་བར་ཆད་ ད་ཁོ་ལུ་གསོལ་བ་བཏབ་ ཏེ་འ་ནཱེ་འབདཝ་ད་ལུ་ བར་ཆད་སྦོམ་སྦེ་བསལ་ཚུགས་གསེས།
  • ་Rinchen Phuntsho རིན་ཆེན་ཕུན་ཚོགས
    དེ་ལས་ བསམ་པའི་དོན་འདི་ མགྱོགག་པ་མགྱོགས་པ་འགྲུབ་ཚུགས་གསེས་མས་བ་ ཏེ་ང་བཅས་ཨ་ལོ་མེད་མི་འདི་ཚུ་ ཨ་ལོ་ཡང་འོང་ཟེར་ ནོར་མེད་མི་འདི་ཚུ་ཡང་ ནོར་ཡང་འོང་གསེས།
  • ་Rinchen Phuntsho རིན་ཆེན་ཕུན་ཚོགས
    དེ་ལས་བར་ཆད་ཐོན་མི་འདི་ཚུ་ཡང་ བར་ཆད་ཡང་བསལ་ཚུགས་གསེས་ ཏེ་དོན་གྲུབ་མ་ཚུགས་མི་ཚུ་ དོན་ཡང་འགྲུབ་ཚུགས་གསེས་ ཁོ་ཏེ་འ་ནཱི་བཟུམ་སྦེ་ཡོད།
  • ་Rinchen Phuntsho རིན་ཆེན་ཕུན་ཚོགས
    ཏེ་འ་ནཱི་ག་ཅིག་ར་བཏུབ་བ་ལགས་ཁོ་ ཏེ་འ་ནཱི་གིས་ ང་བཅས་བསྒྲུབ་དགོཔ་དོན་དག་འདི་ འ་ནཱི་ཨིན་སྒྲོལ་མ་བསྒྲུབ་ འ་ནཱེ་འབད་བ་ཅིན་ ཕན་ཐོག་སྦོམ་ཡོད་ ཏེ་འ་ནཱི་ཕན་པ་ཅོག་ར་ཅིག་སྒྲོལ་མ་ཉི་ཤུ་རྩ་གཅིག་ཡོད་སྦ།
  • རིན་ཆེན་ཕུན་ཚོགས ་Rinchen Phuntsho: དཀར་དམར་སེར་ལྗང་ ཏེ་འ་ནཱི་ག་ར་ཡོད་ ཏེ་འ་ནཱི་འདི་ ཕན་པ་ཅོག་ར་གཅིག་ཨིན་ རང་གི་དད་པ་དང་འཁྲིལ་སྦེ་ བསྒྲུབ་དགོ་ཉི་ཤུ་རྩ་གཅིག་ར་བསྒྲུབ་པ་ཅིན་འདི་ཏེ་རབ་ཨིན།
  • ་Rinchen Phuntsho རིན་ཆེན་ཕུན་ཚོགས
    ཏེ་རང་རང་སོ་སོར་གྱི་ ཁ་གནོན་ཨ་ཙི་རེ་ཨ་ཙི་རེ་སོ་སོར་འདུག་བ་ཏེ་ འ་ནཱི་གིས་ ཏེ་སྒྲོལམ་ཉི་ཤུ་རྩ་གཅིག་བསྒྲུབ་པ་ཅིན་འདི་ མ་བསྒྲུབ་རུང་འ་ནཱ་སྒྲོལ་མ་གཡུ་སྒྲོལ་མ་ཟེར་འདུག་སྦ་ གཙོ་བོ་ཨིན་ འ་ནཱི་མེ་ཏོག་གཉིས་བསྣམས་མི་འདི་གཙོ་བོ་ཨིན།
  • ་Rinchen Phuntsho རིན་ཆེན་ཕུན་ཚོགས
    འ་ནཱི་བསྒྲུབ་བཞག་པ་ཅིན་འདི་ འ་ནཱི་གི་ར་བཏུབ་ འ་ནཱི་མ་བཏུབ་ག་ནི་ཡང་མེད་ ཏེ་གཟུངས་འདི་ཉི་ཤུ་རྩ་གཅིག་ལུ་ སོ་སོར་སོ་སོར་ཡོད་ད་རུང་ ཏེ་འ་ནཱི་དེ་ལས་སྐྱབས་འགྲོ་སེམས་བསྐྱེད་ བཀྲིས་སྨོན་ལམ་འདི་ ག་ར་མ་པ་སྤྱིར་བཏང་ར་འགྱོ་འོང་འ་ནཱི་ཚུ།
  • ་Rinchen Phuntsho རིན་ཆེན་ཕུན་ཚོགས
    དེ་ལས་ དགོཔ་ཁོ་ད་བསྒྲུབ་མ་ཚུགས་པ་ཅིན་ ཏེ་གཅིག་གི་བཏུབ་ བསྒྲུབ་ཚུགས་པ་ཅིན་ ཉི་ཤུ་རྩ་གཅིག་ར་བསྒྲུབ་ ཏེ་འ་ནཱེ་སྦེ།
  • ་Tendral Zangpo རྟེན་འབྲེལ་བཟང་པོ
    འ་ནཱི་སྒྲོལ་མ་ཉི་ཤུ་རྩ་གཅིག་ག་ར་ལུ་ར་ རང་གཟུངས་རེ་རེ་ཡོད་མས་སྨོ?
  • ་Rinchen Phuntsho རིན་ཆེན་ཕུན་ཚོགས
    ཡོད་ ཏེ་མ་ཤོས་ཅིག་གིས་ར་ཏེ་ འ་ནཱི་ཏཱ་རེ་ཏུཏྟ་རེ་ སྤྱིརབཏང་ནང་འགྱོ་འོང་ ཁོ་གི་རང་གཟུངས་འདི།
  • ་Tendral Zangpo རྟེན་འབྲེལ་བཟང་པོ
    ཏེ་སོ་སོར་སོ་སོར་སྦེ་མེད་ག?
  • ་Rinchen Phuntsho རིན་ཆེན་ཕུན་ཚོགས
    འོ་་་་སོ་སོར་སྔགས་ཡོད་སྦ་ ཨིན་རུང་ཁོ་སྤྱིར་བཏང་ ཏེ་འ་ནཱ་ འ་ནཱི་བཙུགས་བཞག་རུང་བཏུབ་པས་ ཨོཾ་ཏཱ་རེ་ཏུཏྟ་རེ་ཏུ་རེ་སྭཱ་ཧཱ་ སྤྱིར་བཏང་གི་གཟུངས།
  • ་Tendral Zangpo རྟེན་འབྲེལ་བཟང་པོ
    ལགས་སོ།
  • རིན་ཆེན་ཕུན་ཚོགས ་Rinchen Phuntsho: ཁོ་སྒྲོལམ་ཉི་ཤུ་རྩ་གཅིག་གི་ སྤྱིར་བཏང་གི་གཟུངས་འ་ནཱི་ཨིན།
  • ་Tendral Zangpo རྟེན་འབྲེལ་བཟང་པོ
    ལགས་སོ།