Skip to main content Skip to search
19 Jul 2018
2 min 57 sec
Rinchen Dorji
Video Overview
Creators: 
Yeshi Wangchuk, Rinchen Dorji

Guru Nangsi Zilnoen exists in order to subdue evil spirits, including those of death, life, earth, and Naga spirits, so that they will not harm us. Guru Rinpoche himself was neither a wrathful nor compassionate deity. This manifestation of Guru Rinpoche carries a thunderbolt, holds a trident, and wears a lotus crown. It is said we should have faith in each of Guru’s eight manifestations, since each is the same Guru.

གུ་རུ་རྣང་སྲིད་ཟིལ་གནོན་སླབ་མི་འདི་ ང་བཅས་ ཤི་འདྲེ་སོན་འདྲེ་ ས་བདག་ཀླུ་འདུད་ག་རང་འ་ནི་མར་ ཟིལ་གྱི་གནས་འབད་ འ་ནི་བཞགས་མི་ལུ་ རྣང་སྲིད་ཟིལ་གནོན་ཟེར་སླབ་དོ་ཡོདཔ་ཨིན་མས། རྣང་སྲིད་ཟིལ་གནོན་འདི་ཁྲོ་བ་ཡང་མེན་ ཞི་བ་ཡང་མེནམ་འབད་ ཡོདཔ་ཨིན་མས། ཕྱགས་མཚན་ཡང་ ཕྱག་ལུ་ རྡོ་རྗེ་རྣམས་ཏེ་ ཡོདཔ་མ་ཚད་ དེ་ལས་ ཕྱག་ཁརཝ་ཡང་ རྣམས་འདི་ཡོདཔ་ ཨིན་མས། དེ་ལས་དབུ་ལུ་ དབུ་ཞཱམོ་ ཞེས་འདི་ཡོདཔ་ཨིན་མས། དེ་ལས་གུ་རུ་ཅིག་སྒྲུབ་རུང་བཏུབ་ལགས་ གུ་རུ་ག་རང་འནི་སོ་སོ་མ་སྒྲུབ་རུང་བཏུབ་བ་ལགས། གུ་རུ་འདི་རང་གི་ག་ཅིག་ར་སྒྲུབ་རུང་ དཔེར་ན་ རྣང་སྲིད་ཟིལ་གནོན་སྒྲུབ་རུང་པདྨ་འབྱུངས་གནས་སྒྲུབ་རུང ་གུ་རུ་ཉི་མ་འོད་ཟེར་སྒྲུབ་རུང་ གུ་རུ་པདྨ་བསམ་བ་སྒྲུབ་རུང་ གུ་རུ་བློ་གདན་ཕྱོགས་གསལ་སྒྲུབ་རུང་ གུ་རུ་རྡོེ་དྲོ་ལོ་སྒྲུབ་རུང་གུ་རུ་དགྲ་པོ་རྩེས་ ཏེ་འ་ནི་ཡོད་བ་ འདི་ཚུ་ཡང་ ག་ཅིག་རང་སྒྲུབ་རུང་ རང་ར་སོ་སོའི་ དད་པ་དང་འཁྲིལ་དགོཔ་ཨིན་མས། རང་གི་རྟེན་འབད་ བཞགས་ནི་ཟེར་བ་ཅིན་ འདི་དད་པ་དང་འཁྲིལ་འབད་ སྒྲུབ་དགོ་པའི་ སྐུ་ཅིག་ཨིན་མས།

Transcript search
No results found for this search
0 of 0
  • ་ Rinchen Phuntsho རིན་ཆེན་ཕུན་ཚོགས
    འ་ནཱི་སྣང་སྲིད་ཟིལ་གནོན་སླབ་མི་འདི་ ང་བཅས་ ཤི་འདྲེ་སོན་འདྲེ་ས་བདག་ཀླུ་བདུད་ག་ར་ འ་ནཱི་མར་ཟིལ་གྱི་གནོན་སྦེ་ འ་ནཱི་བཞག་བཞགཔ་གི་ཏེ་ སྣང་སྲིད་ཟིལ་གནོན་ཟེར་ སླབ་མི་འདི་འ་ནཱི་ཨིན།
  • ་Yeshi Wangchuk ཡེ་ཤེས་དབང་ཕྱུག
    སྣང་སྲིད་ཟིལ་གནོན་གི་ ད་ཕྱག་མཚན་འབད་བ་ཅིན་ ག་དེ་འབད་ཡོད་ག་ དེ་ལེན་ཏེ་ཞལ་འབད་བ་ཅིན་ ཁྲོ་བོ་ཡོདཔ་ཨིན་ན་ ཞི་བ་ཨིན་ན་ག་དེ་འབད་ཨིན་ན?
  • ་ Rinchen Phuntsho རིན་ཆེན་ཕུན་ཚོགས
    འ་ནཱི་ཡང་ ཁོ་ཁྲོ་ཞི་ཨིན་ སྣང་སྲིད་ཟིལ་གནོན་འདི་ཁྲོ་ ཁྲོ་ཡང་མེན་ ཞི་བ་ཡང་མེན་ཁྲོ་ཞིམ་ ཏེ་རོགས་འ་ནཱི་སྦེ་ཡོད་ལགས།
  • ་Yeshi Wangchuk ཡེ་ཤེས་དབང་ཕྱུག
    ཕྱག་མཚན་འབད་བ་ཅིན་ག་དེ་སྦེ་ཡོད?
  • ་ Rinchen Phuntsho རིན་ཆེན་ཕུན་ཚོགས
    ཕྱག་མཚན་ ཏེ་འ་ནཱི་འ་ནཱ་འདི་ རྡོ་རྗེ་རྩེ་དགུ་པ་འ་ནཱེ་སྦེ་ མར་ཟིལ་གྱི་གནོན་སྦེ་ཡོད་སྦ་མར་ཕྱག་ འ་ནཱི་བཟུམ་སྦེ་ ཕྱག་ཀྱིས་ནང་རྡོ་རྗེ་བསྣམས་ ཏེ་འ་ནཱི་ནང་ ཁོ་ཕྱག་མཁར་ཏེ་ཡོད་སྦ་ལགས།
  • རིན་ཆེན་ཕུན་ཚོགས ་ Rinchen Phuntsho: འ་ནཱི་ཁ་ཏྲམ་ཁོ་གི་ དེ་ལས་ཏེ་དབུ་རྒྱན་ ཏེ་འ་ནཱ་དབུ་ལུ་བཙུགས་མི་འདི་དབུ་རྒྱན་ ཏེ་འ་ནཱི་ཨིན་ དེ་ལས་ ཁོ་མ་པ་ངོ་མ་ འ་ནཱི་ར་ར་སོ་སོར་གྱི་སྐུ་རེ་རེ་གི་ཁ་གནོན་རེ་རེ་བཟུམ་སྦེ་འདུག་བ་ལགས།
  • ་ Rinchen Phuntsho རིན་ཆེན་ཕུན་ཚོགས
    ཏེ་འ་ནཱི་འདི་ གུ་རུ་སྣང་སྲིད་ཟིལ་གནོན་ཟེར་མི་འདི་ ག་ཅི་ར་ཟིལ་གྱིས་གནོན་ཚུགས་མི་གི་ རྟེན་སྦེ་སྣང་སྲིད་ཟིལ་གནོན་ཟེར་ ཞུ་མི་འདི་འ་ནཱི་ཨིན།
  • ་Yeshi Wangchuk ཡེ་ཤེས་དབང་ཕྱུག
    གུ་རུ་གཞན་དང་ སྣང་སྲིད་ཟིལ་གནོན་གི་བར་ན་ ཁྱད་པར་ག་ཅི་ཡོདཔ་ཨིན་ན་ལགས?
  • ་ Rinchen Phuntsho རིན་ཆེན་ཕུན་ཚོགས
    ཏེ་འ་ནཱི་ཕན་ཡོན་འདི་ ཅོག་ར་གཅིགཔ་ཨིན་ གུ་རུ་འདི་ཚུ་གི་ འ་ནཱི་གུ་རུ་ཉི་མ་འོད་ཟེར་ གུ་རུ་པདྨ་སམྦྷ་ གུ་རུ་བློ་ལྡན་མཆོག་སྲེད་ དེ་ལས་གུ་རུ་ལེ་ཤ་ཡོད་སྦ་ལགས།
  • ་ Rinchen Phuntsho རིན་ཆེན་ཕུན་ཚོགས
    ང་བཅས་ཀྱི་ འདི་ཡང་ཕན་ཡོན་འདི་ཅོག་ར་གཅིག་ཨིན་ ང་བཅས་ཤིཝ་ད་ལུ་ སྡོད་རུང་ཏེ་འ་ནཱི་བཟུམ་སྦེ་ ལེགས་ཤོམ་སྦེ་འོང་ནི་གི་འདི་ ཅོག་ར་གཅིག་ཨིན།
  • རིན་ཆེན་ཕུན་ཚོགས ་ Rinchen Phuntsho: ཏེ་འ་ནཱི་ཟིལ་གྱི་གནོན་ཚུགས་མི་འདི་ ཏེ་འ་ནཱི་སྣང་སྲིད་ཟིལ་གནོན་ཟེར་ཏེ་འ་ནཱི་ཨིན། ཏེ་ཁྱད་པར་འདི་ འ་ནཱི་རང་ར་སོ་སོར་གྱི་ཁ་གནོན་ཟེར་མི་འདི་ ཏེ་འ་ནཱི་བཟུམ་ཨིན་སྦེ་ལགས།
  • རིན་ཆེན་ཕུན་ཚོགས ་ Rinchen Phuntsho: དེ་ལས་གུ་རུ་གཅིག་བསྒྲུབ་རུང་བཏུབ་ལགས་ གུ་རུ་ག་ར་འ་ནཱི་སོ་སོར་སོ་སོར་མ་སྒྲུབབ་རུང་བཏུབ་སྦ་ལགས།
  • ་ Rinchen Phuntsho རིན་ཆེན་ཕུན་ཚོགས
    གུ་རུ་འདི་ རང་གིས་གཅིག་བསྒྲུབ་ ཏེ་འ་ནཱེ་འབད་བ་ཅིན་ཏེ་ འ་ནཱི་སྣང་སྲིད་ཟིལ་གནོན་བསྒྲུབ་རུང་ པདྨ་འབྱུང་གནས་བསྒྲུབ་རུང་ གུ་རུ་ཉི་མ་འོད་ཟེར་བསྒྲུབ་རུང་ གུ་རུ་པདྨ་སམྦྷ་བསྒྲུབ་རུང་ གུ་རུ་བློ་ལྡན་མཆོག་སྲེད་བསྒྲུབ་རུང་ གུ་རུ་རྡོ་རྗེ་གྲོ་ལོད་བསྒྲུབ་རུང་ གུ་རུ་དགྲ་པོ་སྩལ་ ཏེ་འ་ནཱི་ཡོད་སྦ།
  • ་ Rinchen Phuntsho རིན་ཆེན་ཕུན་ཚོགས
    ཏེ་འ་ནཱི་འདི་ཚུ་ཡང་ ག་ག་ཅིག་ར་བསྒྲུབ་རུང་ རང་ར་སོ་སོའི་ དད་པ་དང་འཁྲིལ་དགོ་འ་ནཱི་འདི་ རང་གི་རྟེན་སྦེ་བཞག་ནི་ཟེར་བ་ཅིན་འདི་ དད་པ་དང་འཁྲིལ་སྦེ་བསྒྲུབ་དགོ་སྐུ་འ་ནཱེ་སྦེ།
  • ་Yeshi Wangchuk ཡེ་ཤེས་དབང་ཕྱུག
    བཞེངསམ་ད་ལུ་ ད་ལཱ་གུ་རུ་གཞན་བཞེངསམ་ད་དང་ སྣང་སྲིད་ཟིལ་གནོན་བཞེངསམ་ད་ལུ་ ད་འཇམ་ཧིང་གི་ཁྱད་པར་ག་དེ་སྦེ་ཡོད་ག་བཞེངསམ་ད།
  • ་ Rinchen Phuntsho རིན་ཆེན་ཕུན་ཚོགས
    གུ་རུ་གི་རིགས་འདི་ག་ར་ཅོག་ར་གཅིག་འཚམས་ཅིག་ཨིན་ བཞེངསམ་ད་ལུ་ཁྱད་པར་མེད་ ཏེ་ང་བཅས་སྟོན་པ་བཞེངས་བ་ཅིན་འདི་འཇམ་ ཁོ་ཕྱག་མཚན་ག་ནི་ཡང་མེད་སྦ་ འ་ནཱི་དཀྱིལ་ཀྲུང་མཉམ་བཞག་སྦེ་ ཏེ་འ་ནཱི་ཐོག་ཁ་ལུ་ ལྷུང་ཟས་ཅིག་ ཏེ་འ་ནཱི་ འ་ནཱི་བཟུམ་སྦེ་འཇམ།