Skip to main content Skip to search
19 Jul 2018
1 min 42 sec
Rinchen Dorji
Video Overview
Creators: 
Yeshi Wangchuk, Rinchen Dorji

Rinchen Phuntsho shared how to make a statue of the Buddha of bondless life. He was trained in how to make statues of the buddha for three years. Although statues were made from long ago, today it is easier to make them due to the greater availability of materials. In the past, they faced many problems in making statues. The most important reason to make statues of the Buddha of bondless life is in order to get blessed with a long life.

སངས་རྒྱས་ཚེས་པ་མེད་ཀྱིས་ སྐུ་བཞེངས་ཐངས་སྐོར་ལས་ རིན་ཆེན་ཕུན་ཚོགས་ཀྱིས་ བཤད་འདི་ཡོདཔ་ཨིན་མས། སྐུ་བཟོ་ཐངསའདི་ ཁོ་གི་རྒྱ་གར་ད་ར་དུན་ལུ་འབད་ ལོ་གསུམ་གྱི་རིན་ལུ་ལྷབ་ནུག དེ་འབདཝ་ད་ སྐུ་བཞེངས་ནི་འདི་ འབྲུག་རྒྱལ་ཁབ་ནང་ལུ་ དང་ཕུག་ལས་རང་ འདུག་ཟེར་ཞུ་ནི་ཨིན། ཧེ་མ་དང་ཕྱེདཔ་ ད་རེས་ནང་པ་ གོང་འཕེལ་འགྱོ་དོ་ ཡོདཔ་ཨིན་མས། དུས་ཀྱི་འགྱུར་བ་དང་ འཁྲིལ་འདི་ སྐུ་བཞེངས་ནི་འདི་ཡང་ འཇམ་ཏོག་ཏོག་འབད་འཚོ་དོ་ ཡོདཔ་ཨིན་མས། དང་ཕུག་འབད་བ་ཅིན་ སྐུ་བཞེངས་ནིའི་ ཅ་ཆས་འདི་ཚུ་ཡང་ ཐོབ་ནི་ལུ་ ལ་ཁག་ཡོད་པའི་ཁར་  བཞེངས་ནི་འདི་ཡང་ ལ་ཁག་ཡོད་ཟེར་ ཨིན་མས། སངས་རྒྱས་ཚེ་དཔག་མེདའདི་ ང་བཅས་རཚེ་གི་དངུལ་སྒྲུབ་ འཐོབ་ནི་གི་དོན་ལུ་ སྒྲུབ་དགོ་དོ་ཡོདཔ་ ཨིནམ་མ་ཚད་  ཚེ་དཔག་མེད་སྐུ་སྒྲུབ་ནི་འདི་ སྐུ་ཅིག་སྒྲུབ་ཞིནམ་ལས་ ཁོ་ལུ་གསོལ་བ་བཏབ་པ་ཅིན་ ཚེའི་དངུལ་སྒྲུ་འཐོབ་མ་ཚད་  ཁོ་ཡབ་ཡུམ་ལུ་ ཚེ་དཔག་མེད་གི་ ཡབ་ཡུམ་ཟེར་ ཡོད་ཨིན་མས། 

Transcript search
No results found for this search
0 of 0
  • ་Rinchen Phuntsho རིན་ཆེན་ཕུན་ཚོགས
    སངས་རྒྱས་ཚེ་དཔག་མེད་ ཏེ་ང་བཅས་ར་ཏེ་ ཚེ་གི་དངོས་གྲུབ་ཐོབ་ནིའི་དོན་ལས་ ཁོ་ཚེ་དཔག་མེད་བསྒྲུབ་དགོ་ཟེར་མས་སྦ་ ཚེ་དཔག་མེད་སྐུ་བསྒྲུབ་ རང་གིས་བསྙན་པ་བསྒྲུབ་ཚེ་གཟུངས།
  • ་Rinchen Phuntsho རིན་ཆེན་ཕུན་ཚོགས
    ཏེ་འ་ནཱི་འཇིག་རྟེན་འདྲེན་པའི་གཙོ་བོ་ཚེ་དཔག་མེད། །དུས་མིན་འཆི་བ་མ་ལུས་འཇོམས་པའི་དཔལ། ། མགོན་མེད་སྡུག་བསྔལ་གྱུར་བ་རྣམས་ཀྱི་སྐྱབས། །སངས་རྒྱས་ཚེ་དཔག་མེད་ལ་ཕྱག་འཚལ་ལོ། ཨོཾ་ན་མོ་བྷ་ག་ཝ་ཏེ་ ཚེ་གཟུངས་ཡོད་པ་ལགས།
  • ་Rinchen Phuntsho རིན་ཆེན་ཕུན་ཚོགས
    འ་ནཱི་བསྒྲུབ་ ཡར་སྐུ་ཅིག་བསྒྲུབ་ དེ་ལས་ཁོ་ལུ་གསོལ་བ་བཏབ་པ་ཅིན་ ཚེའི་དངོས་གྲུབ་ཡང་ཐོབ་གསེས་ ཏེ་འ་ནཱི་ང་བཅས་ཚེ་དང་ བསོད་ནམས་གོང་ནས་གོང་དུ་འཕེལ་ཚུགས་ཟེར་ ཏེ་འ་ནཱི་འདི་ལུ་བསྒྲུབ་དགོ དོན་དག་འདི་འ་ནཱི་བཟུམ་སྦེ་མས་ལགས་ ཁོ་གི་ཚེ་དཔག་མེད་གི
  • ་Yeshi Wangchuk ཡེ་ཤེས་དབང་ཕྱུག
    འཁོར་འདི་ཚུ་ཡོད་ག་ལགས་ཁོ་ལུ།
  • ་Rinchen Phuntsho རིན་ཆེན་ཕུན་ཚོགས
    ཁོ་ད་ལྟོ་ འཁོར་འ་ནཱི་ ཁོ་ལུ་ཁོ་སྐུ་རྐྱ་སྦེ་ར་ འ་ནཱེ་སྦེ་ཨིན། ཁོ་ཏེ་ཡབ་ཡུམ་ཚེ་དཔག་མེད་གི་ ཡབ་ཡུམ་ཟེར་འོངམ་ཨིན་ ཏེ་འ་ནཱེ་སྦེ་ལགས།
  • ཡེ་ཤེས་དབང་ཕྱུག Yeshi Wangchuk
    ཕྱག་མཚན་འབད་བ་ཅིན?
  • ་Rinchen Phuntsho རིན་ཆེན་ཕུན་ཚོགས
    ཨ་་་་ཕྱག་མཚན་འདི་ ཁོ་མཉམ་བཞག་ཨིན། དཀྱིལ་ཀྲུང་མཉམ་བཞག་སྦེ་ ཏེ་འ་ནཱ་ཚེ་བུམ་བསྣམས་སྦེ་འོང་སྦ་ ཚེ་དཔག་མེད་ ཏེ་འ་ནཱི་བཟུམ་སྦེ་འོངམ་ཨིན།
  • ་Rinchen Phuntsho རིན་ཆེན་ཕུན་ཚོགས
    སྐུ་མདོག་འདི་དམརཔོ་འོང་ལགས་ སྐུ་མདོག་དམརཔོ་ཁོ་གི་ དེ་ལས་འ་ནཱི་རས་བརྒྱན་འདི་ཚུ་བསྣམས་ འདི་ལས་དབུ་ལུ་རིགས་ལྔ་འདི་གསོལ་ ཏེ་འ་ནཱི་བཟུམ་སྦེ་འོང་ལགས་ཁོ་གི།