Skip to main content Skip to search
19 Jul 2018
2 min 39 sec
Rinchen Dorji
Video Overview
Creators: 
Yeshi Wangchuk, Rinchen Dorji

The art of making statues has existed since ancient times, but techniques have changed over time. It is not known from where the black Vajrayogini originated. The black Vajrayogini stands on one leg, with the other bent; Vajrayogini holds a ritual bell with the right hand, and a rope with the left. The black Vajrayogini subdues all evil spirits by keeping them under his leg.

སྐུ་བཞེངས་ནི་འདི་ འབྲུག་རྒྱལ་ཁབ་ནང་ལུ་དང་ཕུག་ལས་རང་འདུག་ཟེར་ཞུ་ནི་ཨིན། ཁྲོས་མ་ནག་མོ་ག་ཏེ་ལས་འབྱ྄ངམ་ཨིན་ན་མེད་ཤེས་དོ་ཡོདཔ་ཨིན་མས། ཁྲོས་མ་ནག་མོ་འབྱུང་བའི་ འབྱུང་རབས་འདི་ མེད་ཤེས་དོ་ཡོདཔ་ཨིན་མས། སྐུ་བཞེངས་ནི་འདི་ཧེ་མ་དང་ཕྱེདཔ་ད་ ད་རེས་ནང་པ་ གོང་འཕེལ་འགྱོ་དོ་ཟེར་ ཨིན་མས།  ཁྲོས་མ་ནག་པོ་འདི་ ཁོ་རང་ཁྲོས་མ་བཏང་མི་འདི་ཚུ་ ཁྲོས་མའི་ལྷ་ཚོགས་འདི་ སྒྲུབ་དགོ་དོ་ ཡོདཔ་ཨིན་མས། ཁོ་བཞེངས་འབད་ ཞབས་འདི་ གཅིག་ཡར་སྐྱལ་ ཅིག་འདི་མར་ས་ལུ་ར་བཞགས་་ཏེ་ དེ་ལས་ ཞལ་འདི ཁྲོ་བ་འབད་ཡོདཔ་ཨིན་མས། ཕྱག་མཚན་ཡང་ ཕྱག་གཡས་པ་ལུ་ དྲིལ་བུ་རྣམས་འདི་ཡོདཔ་ ཨིནམ་དང་ དེ་ལས་ཕྱག་གཡོན་མར་ ཞགས་པར་རྣམས་འདི་ ཡོདཔ་ཨིན་མས། ཞབས་ཀྱི་འོག་ལུ་རི་ཀྲ་ གཡས་ཀྱི་ཕོ་གནས་ གཡོན་གྱི་མོ་གནས་ འཐབ་ཞུ་འོང་བ། གཡོན་གྱི་མོ་གནས་འབད་ཟེརཝ་ད་ གཡས་ཨིན་ན་གཡོན་ཨིན་ཅིག་  ཡར་འཐུ་ ཡོདཔ་ཨིན་མས། དབུ་སྐྲ་འདི་ གནམ་ཁ་ལུ་ ཕུར་ནི་བཟུམ་ལོང་འབད་ ལོང་འདི་ཡོདཔ་ཨིན། ཁྲཽས་མ་ལུ་ཡང་ དཀར་རྒྱལ་དམར་རྒྱལ་ཁྲག་རྒྱལ་ཟེར་ ལེ་ཤ་ཡོདཔ་ཨིན་མས། འདི་ཡང་ དྲོ་པ་དཀར་རྒྱལ་དང་ དེ་ལས་ ཉི་མ་འདི་ དམར་རྒྱལ་ཟེར་ དེ་ལས་ཕྱི་རུ་ཕྱི་རུ་ནག་རྒྱལ་ཟེར་ ཏེ་འ་ནི་འདི་ ཁྲོས་མ་ནག་མོ་ཟེར་ སླབ་དགོ་མི་འདི་ ཨིན་མས།

Transcript search
No results found for this search
0 of 0
  • ་Rinchen Phuntsho རིན་ཆེན་ཕུན་ཚོགས
    འ་ནཱི་ཁྲོས་མ་ནག་མོ་ ཏེ་འ་ནཱི་ཁོ་ རོགས་ཁྲོས་མ་བཏང་མི་འདི་ཚུ་ ཏེ་འ་ནཱི་བསྒྲུབ་དགོ་ རོགས་ཁྲོས་མའི་ལྷ་ཚོགས་ཨིན་འ་ནཱི།
  • ་Yeshi Wangchuk ཡེ་ཤེས་དབང་ཕྱུག
    ཡར་བཞེངས་འདི་མས་སྨོ་ལགས?
  • ་Rinchen Phuntsho རིན་ཆེན་ཕུན་ཚོགས
    ཁོ་བཞེངས་སྦེ་ ཏེ་ཞབས་འདི་ཡར་གསང་གནས་ཀྱི་གཅིག་ གཅིག་འདི་མར་ས་ལུ་ར་བཞག་ ཏེ་དེ་ལས་ཁོ་ཁྲོ་གི་འ་ནཱི་ཞལ་བཟུམ།
  • ་Yeshi Wangchuk ཡེ་ཤེས་དབང་ཕྱུག
    ཕྱག་མཚན།
  • ་Rinchen Phuntsho རིན་ཆེན་ཕུན་ཚོགས
    ཏེ་ཕྱག་མཚན་འདི་ འ་ནཱ་དྲིལ་བུ་བསྣམས་སྦེ་ ཏེ་འ་ནཱི་ཡོད་སྦ་ ཏེ་འ་ནཱ་འདི་ ཞགས་པ་བསྣམས་འ་ནཱེ་སྦེ་བཞུགས་འོང་སྦ།
  • ་Tendral Zangpo རྟེན་འབྲེལ་བཟང་པ
    མར་ཞབས་ཀྱི་འོག་ལུ།
  • ་Rinchen Phuntsho རིན་ཆེན་ཕུན་ཚོགས
    རུ་ཏྲ་བསྣན་སྦེ་ཡོད་ང་བཅས་རུ་ཏྲ་ ཞབས་ཀྱི་འོག་ལུ་རུ་ཏྲ་ གཡས་ཀྱིས་ཕོ་བསྣན་ གཡོན་གྱིས་མོ་བསྣོན་སྦེ་བཞུགས་འོང་སྦ།
  • ་Tendral Zangpo རྟེན་འབྲེལ་བཟང་པ
    འ་ནཱི་གཡོན་གྱིས་ མོ་བསྣོན་སྦེ་ཟེརཝ་ད་ གཡས་ཨིན་ན་གཡོན་ཨིན་ཅིག་ ཡར་ལྟག་ཡར་འཐུ་འབད་སྦེ།
  • ་Rinchen Phuntsho རིན་ཆེན་ཕུན་ཚོགས
    འ་ནཱི་འདི་ ཁོང་གི་འ་ནཱི་འདི་ མར་གཡས་གཡོན་འདི་ ཕར་སོ་སོར་ཡོད་སྦ་ལགས་ ཁོ་འ་ནཱི་བསྣོན་ནི་གི་ང་བཅས་ཀྱི་ འ་ནཱི་འདི་སྤྱིར་བཏང་གི་ལེ་ཤ་ཡོད། འ་ནཱི་ལྷ་ཚོགས་ཟེར་མི་འདི་ འ་ནཱི་འདི་ངོ་མ་འདི་དཔེ་ཆ་ནང་ འ་ནཱི་བཟུམ་སྦེ་ཐོན་འོང་སྦ།
  • ་Rinchen Phuntsho རིན་ཆེན་ཕུན་ཚོགས
    ཏེ་ད་ལྟོ་འདི་ འ་ནཱི་གསང་གནས་ལས་ཐོན་པའི་ སྟེང་སྟོད་གསེས་ འ་ནཱི་འ་ནཱི་ཞབས་ཀྱིས་ འ་ནཱི་གིས་བསྣོན་སྦེ་ མར་ཏེ་འདུག་མེན་ན་ས་ལུ་ ཏེ་འ་ནཱི་གིས་གསང་གནས་སྟོན་འོང་སྦ།
  • ་Rinchen Phuntsho རིན་ཆེན་ཕུན་ཚོགས
    ཡར་འ་ནཱི་ ང་བཅས་ས་གནས་ལུ་ འ་ནཱ་སྟེགས་སྦེ་ཡོད་སྦ་ད་ལྟོ་འ་ནཱི་ ཏེ་འ་ནཱི་གི་འདི་ གཉིས་ཆ་ར་བསྣོན་པའི་ཚུལ་སྟོནམ་མས་སྦ་ ཡར་དབུ་སྐྲ་འདི་ ནམ་ཁ་ལུ་ཏེ་འ་ནཱེ་སྦེ་འགྱོ་འོང་བ་ལོང་སྦེ།
  • ་Tendral Zangpo རྟེན་འབྲེལ་བཟང་པ
    ལགས་སོ་ལགས། འ་ནཱི་ཁྲོས་མ་ནག་མོ་ཟེརཝ་ད་ལུ་ ཏེ་ཨ་་ཁྲོས་མ་ནག་མོ་ཁོ་ར་གི་ མཚན་འདི་ལུ་བལྟ་བ་ཅིན་ སོ་སོར་ཡང་ཡོདཔ་བཟུམ་སྦེ་ དཀར་པོ་དམར་པོ་ཟེར་ཡོད་བཟུམ་འབད་སྦེ།
  • ་Rinchen Phuntsho རིན་ཆེན་ཕུན་ཚོགས
    ཨོང་་ག་ར་འ་ནཱི་ དཀར་རྒྱན་ དམར་རྒྱན་ ཁྲ་རྒྱན་འདུག་མེན་ན་ ང་བཅས་ཀྱི་ འ་ནཱི་ག་ར་ཁོ་ལས་བྱུང་བྱུངམ་ཨིན་མས་སྦ་ འ་ནཱི་ང་བཅས་ཐུན་བཏང་ནི་ཡོད་སྦ།
  • ་Tendral Zangpo རྟེན་འབྲེལ་བཟང་པ
    ལགས་སོ།
  • ་Rinchen Phuntsho རིན་ཆེན་ཕུན་ཚོགས
    འ་ནཱི་དྲོ་པ་དཀར་བརྒྱད་ཟེར་ དེ་ལས་འ་ནཱི་ཕྱི་རུ་འདི་དམར་རྒྱན་ཟེར་ དེ་ལས་ཕྱི་རུ་ཕྱི་རུ་ནག་རྒྱན་ཟེར་ ཏེ་འ་ནཱི་ འོང་འ་ནཱི་ཁོ་ཁྲོས་མ་ནག་མོ་ སླབ་དགོ་པའི་དོན་དག་འདི་འ་ནཱི་ཨིན།
  • ་Rinchen Phuntsho རིན་ཆེན་ཕུན་ཚོགས
    ཁོ་འ་ནཱི་ནག་པོ་དཀར་པོ་ག་ར་འ་ནཱ་ཡོད་ཁོ་ལུ་ཡོད།
  • ་Tendral Zangpo རྟེན་འབྲེལ་བཟང་པ
    ཁོ་ནང་ར་ཡ?
  • ་Rinchen Phuntsho རིན་ཆེན་ཕུན་ཚོགས
    འོང་ཁོ་ནང་རང་ཡོད་ དཀརཔོ་དམརཔོ་ག་ར་ཁོ་ལས་ཐོན་འོང་།
  • ་Tendral Zangpo རྟེན་འབྲེལ་བཟང་པ
    སྐུ་སོ་སོར་སྦེ་བཞེངས་ནི་མེད་པ་ཨིན་ན?
  • ་Rinchen Phuntsho རིན་ཆེན་ཕུན་ཚོགས
    མེད་ཁོ་གཅིག་གི་བཏུབ།
  • ་Tendral Zangpo རྟེན་འབྲེལ་བཟང་པ
    ལགས་སོ།
  • ་Rinchen Phuntsho རིན་ཆེན་ཕུན་ཚོགས
    ཁོ་ཏེ་འ་ནཱི་ཨིན།
  • ་Yeshi Wangchuk ཡེ་ཤེས་དབང་ཕྱུག
    མོ་ཨིན་མས་སྨོ་ལགས?
  • ་Rinchen Phuntsho རིན་ཆེན་ཕུན་ཚོགས
    མོ་་་་་མོ་ཨིན་མོ་འདི།