Skip to main content Skip to search
19 Jul 2018
1 min 57 sec
Rinchen Dorji
Video Overview
Creators: 
Yeshi Wangchuk

Zambala is the god that is believed to protect wealth. The relic used was the mantra “Om Zambala zalen zale so ha.” Zambala has five manifestations, such as peaceful and wrathful, with some wearing a five-pointed crown. Each of the five has a crown that appears slightly different. Zambala is always shown holding a norbu, or jewel.

ཛམ་བཱ་ལ་ཟེར་སླབ་མི་འདི་ གཡངས་བདག་འཛིན་འབད་མི་ལྷ་ཅིག་ལུ་ གོ་དོ་ཡོདཔ་ཨིན་མས། ཁོ་གིས་ རང་གཟུངས་འདི་ ཨོཾ་ཛམ་བ་ལ་ཟ་ལེཎ་ཟ་ལེཎ་སོ་ཧ་ཟེར་ ཨིན་མས།དེ་ལས་ སྐྱབས་འགྲོ་སེམས་སྐྱེད་འདི་ བཀྲིས་སྨོན་ལམ་འདི་ ལྕོག་རང་ཅིག་འགྱོ་དགོ་དོ་ཡོདཔ་ཨིན་མས། ཛམ་བ་ལྷ་ལུ་ རིགས་ལྔ་ཡོདཔ་ཨིན་མས། རིགས་ལྔ་ཛམ་བ་ལ་ འདི་ཡང་ཁྲོ་བ་དང་ཞི་བ་ རིགས་ལྔ་བཞེས་མི་ཡང་ཡོད་ རིགས་ལྔ་མ་བཞེས་མི་ཡང་ཡོདཔ་མ་ཚད་  ལྔ་ཡོདཔ་ཨིན་མས། ཕྱག་མཚན་འདི་ཚུ་ཡང་ སོ་སོ་མ་འདྲཝ་འདྲཝ་ལེ་ཤཱ་ཡོདཔ་ཨིན་མས། འདི་ཡང་ དབུ་གི་རིགས་ལྔ་ སོ་སོ་འབད་ཡོདཔ་ཨིན་མས། དེ་འབདཝ་ད་ ནོར་བུ་ཎི་ལི་འདི་ རྣམས་རྣམས་་ས་རང་ཡོདཔ་ཨིན་མས། ཞུ་ཐངས་འདི་ལྕོག་རང་ཅིགཔ་ཡོདཔ་ཨིན་མས།

Transcript search
No results found for this search
0 of 0
  • ་Rinchen Phuntsho རིན་ཆེན་ཕུན་ཚོགས
    འ་ནཱི་ཛམ་བྷ་ལ་ཟེར་མི་འདི་ ཏེ་ང་བཅས་ཀྱི་གཡང་ ང་བཅས་ར་དཀའཝ་སྤྱད་ གནམ་མེད་ས་མེད་ ཕྱི་རུ་ཉལ་ནི་མེད་ ཏེ་འ་ནཱི་བཟུམ་སྦེ་ལཱ་འབད་སྦེ་ དཀའཝ་སྤྱད་སྦེ་ཏེ་ ཉིན་མ་འདི་མ་པ་ལས་ ལཱ་འབད་དགོ་པས་སྨོ་ཤིག་ཕར་ཚུར།
  • ་Rinchen Phuntsho རིན་ཆེན་ཕུན་ཚོགས
    འ་ནཱི་གཡང་འདི་ ཁོ་གིས་བདག་འཛིན་འབད་འོང་སྦ་ ང་བཅས་དཀའཝ་སྤྱད་མི་འདི་ འ་ནཱི་ཛམ་བྷ་ལ་ཟེར་སླབ་་ནི་ འ་ནཱི་ཁོ་གཡང་བདག་འཛིན་འབད་མི་ཨིན་ གཡང་མི་འགྱོ་ནི་གི་དོན་ལུ་ཨིན་ཁོ་ ཏེ་འ་ནཱི་བསྒྲུབ་དགོ་པའི་དོན་དག་འདི་འ་ནཱི་ཨིན།
  • ་Rinchen Phuntsho རིན་ཆེན་ཕུན་ཚོགས
    ཁོ་གི་རང་གཟུངས་སྦེ་ ཨོཾ་ཛམ་བྷ་ལ་ཟ་ལེན་དྲ་ཡེ་སྭཱ་ཧཱ་གསེས་འོང་སྦ་ འ་ནཱི་འདི་རང་གཟུངས་གསེས་ འ་ནཱེ་སྦེ་སླབ་འོང་ དེ་ལས་འ་ནཱི་ སྐྱབས་འགྲོ་ སེམས་བསྐྱེད་ བཀྲིས་སྨོན་ལམ་འདི་ ད་ཅིག་ཞུ་དོ་བཟུམ་སྦེ་རང་ཨིན་ ཅོག་ར་གཅིག་འོང་ རང་གཟུངས་ཙམ་ཅིག་སོ་སོར་ཨིན།
  • ་Rinchen Phuntsho རིན་ཆེན་ཕུན་ཚོགས
    ཏེ་ཁོ་འདི་གཡང་ གཡང་གི་འ་ནཱི་ཨིན་ཁོ་འདི་ གཡང་གི་ག་གནོན་ཨིན་ འ་ནཱི་གཡང་ཉམས་མི་འགྱོ་ཁོ་བསྒྲུབ་ད་ལུ་ ཏེ་འ་ནཱི་ཨིན་ ཏེ་རང་གི་ དད་པ་ཡོད་མི་འདི་ཚུ་གིས་བསྒྲུབ་ དད་པ་མེད་མི་ཚུ་གིས་ ཏེ་འ་ནཱི་མ་བསྒྲུབ་ དད་པ་མེད་པ་ཅིན་འདི་ གཡང་ཡང་ཏེ་ལ་ཁག་ཨིན།
  • ་Rinchen Phuntsho རིན་ཆེན་ཕུན་ཚོགས
    རང་གིས་ དད་པ་ཡོད་པ་ཅིན་འདི་ ཁོ་ལུ་དད་པ་ཡོད་དང་མེད་ ཡར་ཞིང་ཁམས་ནང་ཡོད་སྨོ་ཤིག་ངོ་མ་ ཏེ་འ་ནཱ་ཁོ་གི་ཕྱི་ཁ་ལས་ ཁོ་གི་སྐུ་འདྲ་བཞེངས་བཞག་ ནང་ན་ལས་ ཁོ་གི་རང་གཟུངས་ ཨོཾ་ཛམ་བྷ་ལ་ཟ་ལེན་དྲ་ཡེ་སྭཱ་ཧཱ་གསེས་ ཁོ་རང་གི་གཟུངས་བཙུགས་བཞག
  • ་Rinchen Phuntsho རིན་ཆེན་ཕུན་ཚོགས
    འ་ནཱི་ལས་སྐྱབས་འཚོལཝ་ད་ལུ་འདི་ ཁོ་རང་འ་ནང་བལྟ་འོངམ་མས་སྦ་ཏེ་ དེ་ལས་གཡང་འདི་ འ་ནཱེ་སྦེ་བདག་འཛིན་འབད་སྡོདཔ་མས་སྦ་ཏེ།
  • ་Tendrel Zangpo རྟེན་འབྲེལ་བཟང་པོ
    ག་ཅི་ལོ་ འ་ནཱི་ཛམ་བྷ་ལ་ལུ་ཡང་ ཞི་བ་དང་ཁྲོ་བ་གསེས་ཡོདཔ་ཨིན་ན་ལགས?
  • ་Rinchen Phuntsho རིན་ཆེན་ཕུན་ཚོགས
    འེང་་ཛམ་བྷ་ལ་ཁོ་ རིགས་ལྔ་ཡོད་ རིགས་ལྔ་ཛམ་བ་ལ་ འེང་་འ་ནཱི་འདི་ཡང་ ཁྲོ་བ་བཞེས་མི་ཡོད་ ཁྲོ་བ་བཟུམ་སྦེ་ཡང་ཡོད་ རིགས་ལྔ་བཞེས་མི་ཡང་ཡོད་ རིགས་ལྔ་མ་བཞེས་མི་ཡང་ཡོད་ ཛམ་བ་ལ་རིགས་ལྔ་ཡོད།
  • རིན་ཆེན་ཕུན་ཚོགས:་ འ་ནཱི་འདི?
    Yeshi Wangchuk
  • ་Rinchen Phuntsho རིན་ཆེན་ཕུན་ཚོགས
    ད་ལྟོ་འ་ནཱི་ཁྲོ་བོ་ཨིན། འ་ནཱི་ཁྲོ་བོ་ཨིན་ད་ལྟོ་གི་འ་ནཱ་ཡོད་མི་འདི།
  • ་Tendrel Zangpo རྟེན་འབྲེལ་བཟང་པོ
    འ་ནཱི་སོ་སོར་ཕྱག་མཚན་འདི་ཚུ་ཡང་ མ་འདྲཝ་འདྲཝ་ལེ་ཤ་ཡོད་ག?
  • ་Rinchen Phuntsho རིན་ཆེན་ཕུན་ཚོགས
    ཏེ་ཕྱག་མཚན་འབད་བ་ཅིན་འདི་ ཨ་ནཱ་དབུ་གི་རིགས་ལྔ་དང་ འ་ནཱི་སོ་སོར་མ་པ་ ཕྱག་མཚན་འ་ནཱི་ནིའུ་ལེ་བསྣམས་བསྣམས་ས་འོང་སྦ།
  • ་Rinchen Phuntsho རིན་ཆེན་ཕུན་ཚོགས
    ནོར་བུ་ནུའི་ལེ་བསྣམས་བསྣམས་ས་ར་འོང་སྦ་ ཏེ་ཡང་བཞུགས་ཐངས་འདི་ ཅོག་ར་གཅིག་ར་འོང་།
  • ་Rinchen Phuntsho རིན་ཆེན་ཕུན་ཚོགས
    འ་ནཱི་འདི་ འ་ནཱ་དབུ་ནང་བཙུགས་ནི་གི་འདི་མི་འདྲ།
  • ་Tendrel Zangpo རྟེན་འབྲེལ་བཟང་པོ
    ལགས་སོ།
  • ་Rinchen Phuntsho རིན་ཆེན་ཕུན་ཚོགས
    ཏེ་འ་ནཱི་སོ་སོར་སོ་སོར་ཨིན།