Skip to main content Skip to search
19 Jul 2018
2 min 5 sec
Rinchen Dorji
Video Overview
Creators: 
Yeshi Wangchuk, Rinchen Dorji

Rinchen Phuntsho learned how to create statues in Dehradun, India for three years. Milarepa suffered a lot for sentient beings before going to heaven, and is known as an excellent example of a religious figure who suffered to achieve greatness. Statues of Milarepa can be created within a day. The saint is not depicted carrying anything, except for in his left hand, where he holds a head-bowl to assist his gurma singing.

སྐུ་བཟོ་ནི་འདི་ཁོ་གི་རྒྱ་གར་ད་ར་དུན་ལུ་འབད་ལོ་གསུམ་གྱི་རིན་ལུ་ལྷབ་ཡོདཔ་ཨིན་མས། འགྲོ་བ་སེམས་ཅན་དོན་ལས་ དཀའཝ་དཔྱད་འདི་ སངས་རྒྱས་ཚུགསཔ་མི་འདི དཔེ་མེ་ལ་རས་པ་ལས་ གཞན་ག་ཡང་མེདཔ་ཨིན་མས། རང་ར་སོ་སོའི་ འདོད་པ་ལྟར་དུ་ སྐུ་རྟེན་འདི་ཚུ་ སྒྲུབ་དོ་ཡོདཔ་ཨིན་མས། དཔེར་ན་ ལ་ལུ་གྱི་ འཇམ་དབྱངས་སྐུ་སྒྲུབ་ནི་དང་ དེ་ལས་ལ་ལུ་གྱི་ སྒྲོལ་མ་སྒྲུབ་ནི་ ལ་སོགས་པ་ ལེ་ཤ་ཅིག་ར་སྒྲུབ་དོ་ཡོདཔ་ཨིན་མས། རྗེ་བརྩུན་མི་ལ་རས་པའི་ སྐུ་འདི་ ཉིནམ་ཅིག་ན་ར་བཞེངས་ཚརཝ་ཟེར་ཨིན་མས། ཕྱག་མཚན་འདི་ ག་ཅིག་ཡང་མེདཔ་ཨིན་མས། དེ་འབདཝ་ད་ དུས་རྒྱུན་དུ་ གུར་མ་གནང་དོ་ཡོདཔ་ལས་བརྟེན་ ཕྱག་གཡོན་མ་ལུ་ ཐོད་པ་རྣམས་འདི་ཡོདཔ་ཨིན་མས།

Transcript search
No results found for this search
0 of 0
  • ་Rinchen Phuntsho རིན་ཆེན་ཕུན་ཚོགས
    ཁོ་འདི་དཀའ་བ་དང་དུ་བླངས་ དཀའ་བ་སྤྱད་ནི་མ་མཚེར་བ་ ཏེ་འགྲོ་བའི་སེམས་ཅན་དོན་ལས་ འ་ནཱི་བཟུམ་སྦེ་དཀའ་བ་སྤྱད་སྦེ་ ཚེ་གཅིག་ལུས་གཅིག་སངས་རྒྱསཝ་ཨིན།
  • ་Rinchen Phuntsho རིན་ཆེན་ཕུན་ཚོགས
    ཏེ་དཔེ་འདི་ ཁོ་ལུ་བལྟ་དགོ་ང་བཅས་ཀྱིས་ ཏེ་འ་ནཱི་བཟུམ་སྦེ་ བདེ་བ་ཐོབ་ནི་གི་ཏེ་ཡོད་ཟེར་ ང་བཅས་དཔེ་སྟོན་བཟོ་མི་ཅིག་ཨིན་མས་ ཁོ་གི་འདི་ འ་ནཱི་ཅིག་རང་མས།
  • ་Rinchen Phuntsho རིན་ཆེན་ཕུན་ཚོགས
    མ་པ་ངོ་མ་འདི་ འ་ནཱི་བཟུམ་སྦེ་དཀའ་བ་སྤྱད་དགོ་ འ་ནཱི་བཟུམ་སྦེ་འབད་དགོ་ཟེར་རྐྱངམ་གཅིག་ ང་བཅས་ཀྱི་ ཕ་མ་གིས་འ་ནཱེ་ ང་བཅས་བསླབ་བྱ་བཟུམ་ཅིག་ ང་བཅས་ལུ་ འ་ནཱི་བཟུམ་སྦེ་བཞག་བཞགཔ་ཀྱི་ཡོད་ཁོ་གིས།
  • ་Tendrel Zangpo རྟེན་འབྲེལ་བཟང་པོ
    ལགས་སོ།
  • ་Rinchen Phuntsho རིན་ཆེན་ཕུན་ཚོགས
    ཏེ་ཁོ་བསྒྲུབ་དགོ་པའི་དོན་དག་འདི་ འ་ནཱི་བཟུམ་སྦེ་ཨིན་མས་ལགས།
  • ་ Yeshi Wangchuk ཡེ་ཤེས་དབང་ཕྱུག
    རྗེ་བཙུན་མི་ལ་གི་ད་ ཨེང་་་་སྐུ་བཞེངསམ་ད་ལུ་ ག་དེ་སྦེ།
  • ་Rinchen Phuntsho རིན་ཆེན་ཕུན་ཚོགས
    ཁོ་གི་འ་ནཱི་འདི་ཚུ།
  • ་ Yeshi Wangchuk ཡེ་ཤེས་དབང་ཕྱུག
    མཁོ་འདོད་བསྐྱེད་མི་འདི་ཚུ་ག་དེ་སྦེ་འོངམ་མས་ལགས?
  • ་Rinchen Phuntsho རིན་ཆེན་ཕུན་ཚོགས
    འདི་ཡང་རོགས་ དད་པ་ཡོད་མི་རེ་རེ་གཉིས་གཉིས་ཐོན་མས་ལགས། ཏེ་འ་ནཱི་ རོགས་དད་པ་ཡོད་མི་འདི་ཚུ་གིས་ རྗེ་བཙུན་མི་ལ་དགོ་ཟེར་ཏེ་ ཨོ་ཊར་རྐྱབ་(མཁོ་འདོད) བསྐྱེདཔ་མས་སྦ།
  • ་Rinchen Phuntsho རིན་ཆེན་ཕུན་ཚོགས
    ཏེ་མང་ཤོས་ཅིག་གིས་ར་ཏེ་ གཅིག་འདི་འ་ནཱི་ ཞབས་དྲུང་གསེས་ཡོད་བ་ལགས་ང་བཅས་ འ་ནཱི་ནང་ར་ མཁོ་འདོད་བསྐྱེདཔ་མས་ལགས་སྐུ་ནང་ལས།
  • ་Yeshi Wangchuk ཡེ་ཤེས་དབང་ཕྱུག
    རྗེ་བཙུན་མི་ལའི་ སྐུ་བཞེངས་མ་ཅིན་ ག་དེམ་ཅིག་དགོ་ལགས་དུས་ཡུན?
  • ་Rinchen Phuntsho རིན་ཆེན་ཕུན་ཚོགས
    འ་ནཱི་ཨ་་་་ཁོ་འདི་ ང་བཅས་ཉིནམ་གཅིག་ལུ་ བཞེངས་ཚར་འོང་ལགས།
  • ་Yeshi Wangchuk ཡེ་ཤེས་དབང་ཕྱུག
    ལགས་སོ།
  • ་Rinchen Phuntsho རིན་ཆེན་ཕུན་ཚོགས
    འ་འདི་ ཉིན་མ་གཅིག་ལུ་ག་ར།
  • ་Yeshi Wangchuk ཡེ་ཤེས་དབང་ཕྱུག
    དེ་ལས་ཚོན་བཏང་ འ་ནཱེ་འབད་བ་ཅིན?
  • ་Rinchen Phuntsho རིན་ཆེན་ཕུན་ཚོགས
    ཏེ་འ་ནཱི་ཉིན་མ་གཉིས་ཀྱི་ལཱ་ཨིན། ཉིན་མ་གཅིག་སྐུ་བཟོ་ ཉིན་མ་གཅིག་ཚོན་བཏང་སྦེ་ ཏེ་འ་ནཱེ་ཅིག་སྦེ་བཟོ་ཚར་ཡི།
  • ་Rinchen Phuntsho རིན་ཆེན་ཕུན་ཚོགས
    དེ་ལས་ འ་ནཱི་གཟུངས་བཟོ་བ་ཅིན་འདི་ ཉིན་མ་གསུམ་གྱི་རྩིས་ཨིནམ་འདྲས་ གཟུངས་ཀྱི་ཨ་ཙི་ཉིན་མ་གཅིག་བཞག་དགོ ཏེ་འ་ནཱི་གཟུངས་ནང་ ཏེ་ཉི་མ་གསུམ་གྱི་ལཱ་ཅིག་ར་མས་ང་གིས་འདི།
  • ་Yeshi Wangchuk ཡེ་ཤེས་དབང་ཕྱུག
    ད་ཕྱག་མཚན་དང་འདྲཝ་འབད་བ་ཅིན་ ག་ནི་ཡང་མེད་འདུག་སྨོ་ལགས་ ཕྱག་མཚན?
  • ་Rinchen Phuntsho རིན་ཆེན་ཕུན་ཚོགས
    ཕྱག་མཚན་ག་ནི་ཡང་མེད་ ཁོ་མ་པ་འ་ནཱི་འདི་ ང་བཅས་ཀྱི་འདི་ གནམ་མེད་ས་མེད་ཀྱི་ཏེ་ མན་མངགས་ཀྱི་འ་ནཱི་གི་སྦེ་ཏེ།
  • གུར་མ།
  • ་Rinchen Phuntsho རིན་ཆེན་ཕུན་ཚོགས
    ཨོང་གུར་མ་གནང་སྦེ།
  • གནང་གནངམ་གྱི་ཚུལ་སྦེ།
  • འོང་འ་ནཱི་ཚུལ་སྦེ་ འ་ནཱི་ཅིག་ར་ཨིན་ཁོ་གི་ ཏེ་འ་ནཱི་ནང་འདི་ ཐོད་པ་བསྣམས་སྦེ་ཡོད་སྦ་ ལོ་གཅིག་གི་འདི་ ཏེ་འ་ནཱི་ཕྱག་འདི་གཅིག་འ་ནཱི་བཟུམ་སྦེ་ ཏེ་འ་ནཱི་ ཁོ་ཕྱག་མཚན་ཟེར་ག་ནི་ཡང་མེད།