Skip to main content Skip to search
19 Jul 2018
4 min 39 sec
Rinchen Dorji
Video Overview
Creators: 
Penchela, Rinchen Dorji

Buddha, dharma, and sangha are the three jewels. If we pray to Buddha and take refuge in the three jewels, we will get blessings. There are differences between outer and inner prayer with Chabdro, the refuge prayer; this prayer originated with Shakyamuni Buddha. The relics used are maha muni. He is carrying a bowl in his left hand, and also carries offerings.

སངས་རྒྱས་རྒྱས་ནི་ སངས་རྒྱས་དཀོན་མཆོག་ ཆོས་དཀོན་མཆོག། དགེ་འདུན་དཀོན་མཆོག་ གསུམ་ལུ་གོ་ནི་ཨིན་ལགས། ང་བཅས་སྐྱབས་ཐོབ་ནི་དང་ དེ་ལས་འ་ནི་ང་བཅས་ཕན་ཡོན་འདི་ དེ་ལས་ལྷགཔ་འབད་མེད་ཟེར་ ཨིན་མས། ནང་པ་ཕྱི་པ་ཟེར་ན་ཏེ་འནི་སྐྱབས་འགྲོ་གི་ཁས་བར་འདུག་བ་ལགས། སྐྱབས་འགྲོ་འདི་ སྟོན་པ་ལས་འབྱུང་འབྱུངམ་ཨིན་མས། ནང་བསྟན་འདི་ སྟོན་པ་ཡོདཔ་ཨིནམ་དང་ གཟུངས་འདི་མ་ཧ་མུ་ཎི་ཟེར་ ཡོདཔ་ཨིན་མས། དེ་ལས་སྐྱབས་འགྲོ་སེམས་སྐྱེད་ཀྱི་བཀྲིས་སྨོན་ གོ་ངོ་སོ་སོ་ག་ནི་ཡང་མེདཔ་ཨིན་མས།ཕྱག་མཚན་ཡང་ ཕྱག་གཡོན་མ་ ལྷུང་རྫས་རྣམས་འདི་ ཡོདཔ་ཨིན་མས། དེ་ལས་མཆོད་པ་ཡང་ རྣམས་འདི་ཡོདཔ་ཨིན་མས།ཕྱགས་མཚན་ཡང་ སངས་རྒྱས་མར་མེ་མཇོད་ དེ་ལས་འཇམ་པ་དགོན་པོ་འདི་ཚུ་ག་ར་ སོ་སོ་ཡོདཔ་ཨིན་མས། 

Transcript search
No results found for this search
0 of 0
 • ་Rinchen Phuntsho རིན་ཆེན་ཕུན་ཚོགས
  ད་ང་བཅས་ཀྱིས་ འ་ནཱི་སྟོནཔ་བསྒྲུབ་དགོ་པའི་དོན་དག་འདི་ ཏེ་ང་བཅས་ཀྱི་སྟོན་པ་ཟེར་མི་འདི་ གནམ་མེད་ས་མེད་ སངས་རྒྱས་དཀོན་མཆོག་ ཆོས་དཀོན་མཆོག་ དགེ་འདུན་དཀོན་མཆོག་ ཏེ་འ་ནཱི་ཁོ་ལུ་ཡོད་ལགས།
 • ་Rinchen Phuntsho རིན་ཆེན་ཕུན་ཚོགས
  ཏེ་འ་ནཱི་གི་ཏེ་ ང་བཅས་སྐྱབས་ཐོབ་ དེ་ལས་འ་ནཱི་ལས་ ང་བཅས་ཕན་ཡོན་འདི་ དེ་ལས་ལྷགཔ་སྦེ་མིན་འདུག་སྦ་ལགས་ ནང་པ་ཕྱི་པ་ནང་པ་གསེས་ན་ འ་ནཱི་སྐྱབས་འགྲོའི་ཁྱད་པར་འདུག་སྦ་ལགས།
 • ་Rinchen Phuntsho རིན་ཆེན་ཕུན་ཚོགས
  ཏེ་འ་ནཱི་སྐྱབས་འགྲོ་ཟེར་མི་འདི་ ཏེ་ནཱ་སྟོན་པ་ལས་བྱུངས་སྦེ་ཏེ་ འ་ནཱི་བསྟེན་སྦེ་ཏེ་སྐྱབས་ཐོབ་ཐོབ་ཨིན་ང་བཅས་ཀྱི་ ཏེ་ཁོ་གི་འདི་ ད་ནང་རྟེན་ག་ཅིག་ར་བཏུབ་སྦ་ལགས་ ཁོ་གཅིག་གི་ར་ ནང་རྟེན་སྦེ་སྟོན་པ་ འདི་ལས་ཁོ་གཟུངས་འདི་ མ་ཧཱ་མུ་ཎི་ཟེར་ ད་ཅིག་ང་ཞུ་མི་འདི་ འ་ནཱི་ཨིན།
 • ་Rinchen Phuntsho རིན་ཆེན་ཕུན་ཚོགས
  དེ་ལས་ སྐྱབས་འགྲོ་ སེམས་བསྐྱེད་ བཀྲིས་སྨོན་ལམ་ག་ར་སྤྱིར་བཏང་ལུ་ འ་ནཱི་སྦེ་འགྱོ་འོང་ གོང་ངོ་སོ་སོར་ག་ནི་ཡང་མེད་ཁོང་ དེ་ལས་སྐུ་གི་མ་པ་སྤྱིར་བཏང་ ཕན་ཡོན་ཅོག་ར་གཅིག་ ཁ་གནོན་ཨ་ཙིརེ་ཨ་ཙི་རེ་ སོ་སོར་སོ་སོར་ཨིན།
 • ་Rinchen Phuntsho རིན་ཆེན་ཕུན་ཚོགས
  ཏེ་འ་ནཱི་བཟུམ་སྦེ་ ཏེ་ཁོ་འདི་སྟོན་པ་ཚུལ་དུ་ཏེ་ ང་བཅས་ཀྱིས་འདི་ སྐྱབས་འགྲོ་ས་གི་ཚུལ་དུ་ ཏེ་འ་ནཱེ་སྦེ་བྱུངས་བྱུངམ་གྱི་ ང་བཅས་ཀྱི་བདེ་བ་ཐོབ་ནི་ དེ་ལས་ད་རུང་ཡར་ འ་ནཱི་བཟུམ་སྦེ་བྱུང་བྱུངམ་གྱི་སྟོན་པ་འདི་ འ་ནཱི་བཟུམ་སྦེ་ཨིན་ང་བཅས་ཀྱི་ ཏེ་འ་ནཱི་ཅིག་ར་ཨིན་སྟོན་པ་གི
 • ་Yeshi Wangchuk ཡེ་ཤེས་དབང་ཕྱུག
  ཕྱག་མཚན་ཚུ་ཏེ?
 • ་Rinchen Phuntsho རིན་ཆེན་ཕུན་ཚོགས
  ཏེ་ཕྱག་མཚན་འདི་ ཁོ་ར་གི་ཕྱག་འདི་མར་ གཅིག་འདི་མར་འ་ནཱེ་སྦེ་ཡོད་སྦ་ལགས་ འ་ནཱི་སྦེ་དཔྱང་སྦེ་ དེ་ལས་འ་ནཱི་ནང་འདི་ ཕྱག་དཀྱིལ་ཀྲུང་འདི་མཉམ་བཞག་ འ་ནཱེ་དཀྱིལ་ཀྲུང་སྦེ་ར་ཨིན།
 • ་Rinchen Phuntsho རིན་ཆེན་ཕུན་ཚོགས
  ཏེ་ཏེ་འ་ནཱེ་སྦེ་ ཕྱག་ནང་འདི་ལྷུང་ཟས་གསེས་ཡོད་སྦ་ ཏེ་འ་ནཱེ་སྦེ་ཕྱག་མཚན་འདི་འ་ནཱི་ཨིན་ དེ་ལས་ཆོས་གོས་སྣམ་སྦྱར་ཅིག་ ཏེ་འ་ནཱེམ་ཅིག་བཞེས་ ཏེ་ག་ནི་ཡང་མེད་ལགས་ཁོ་ལུ་ ཏེ་འ་ནཱི་དབུ་ལུ་འདི་གཙུག་ཏོར་ ཏེ་འ་ནཱེམ་ཅིག་ར་ཨིན།
 • ་Yeshi Wangchuk ཡེ་ཤེས་དབང་ཕྱུག
  ད་འཇམ་ཧིང་གི་ཁྱད་པར་ ག་དེ་སྦེ་ཡོད་ལགས་བཞེངསམ་ད?
 • ་Rinchen Phuntsho རིན་ཆེན་ཕུན་ཚོགས
  ཏེ་ཁོ་འདི་ འཇམ་ཁོ་འདི་འ་ནཱི་ ཆོས་གོས་སྣམ་སྦྱར་ཅིག་བཟོ་ དཀྱིལ་ཀྲུང་ཅིག་བཟོ་སྦེ་ཏེ་ འཇམ་ར་འཇམ་ སྟོན་པ་ཏེ་ སྐུ་ནང་ལས་ཁོ་གཅིག་འཇམ་ ཏེ་གཞན་འདི་ཚུ་ལཱ་ཁག་ཡོད།
 • ་Rinchen Phuntsho རིན་ཆེན་ཕུན་ཚོགས
  ཕྱག་མཚན་ལེ་ཤ་ཡོད་ ཏེ་འ་ནཱི་ཁོ་ཕྱག་མཚན་ག་ནི་ཡང་མེད་ལགས་ མ་པ་འ་ནཱི་སྦེ་ཕྱག་ཅིག་བཟོ་བཞག་ནི་ ཏེ་ལྷུང་ཟས་ཅིག་བཟོ་ དེ་ལས་འ་ནཱེ་སྦེ་ དཀྱིལ་ཀྲུང་མཉམ་བཞག་ཅིག་བཟོ་བཟོཝ་ད རྫོགས་སོང་ཡི་ཏེ་ འ་ནཱི་ཅིག་ར་ཨིན།
 • ་Yeshi Wangchuk ཡེ་ཤེས་དབང་ཕྱུག
  ཏེ་གུ་རུ་བཟུམ་སྦེ་ སྟོན་པ་ལུ་འདི་ད་ རྣམ་འདི་ཚུ་ལེ་ཤ་མེདཔ་འདྲས་མེན་ན་ གནམ་པ་འདི་ཚུ་ལེ་ཤ་ཡོད་ག་ལགས? ལ་ལུ་ད་གུ་རུ་འབད་བ་ཅིན་ད།
 • ་Rinchen Phuntsho རིན་ཆེན་ཕུན་ཚོགས
  ཡོད་སྟོན་པ་འདི་གི་ མ་པ་ང་བཅས་ཀྱི་འདི་ སྟོན་པ་འདི་གི་འདི་ལེ་ཤ་ཡོད་སྦ་ལགས་ མ་འོངས་པ་ད་ལྟ་བ་ དེ་ལས་སྐལ་བཟང་སངས་རྒྱས་སྟོང་ སངས་རྒྱས་འདི་གནམ་མེད་ས་མེད་ གྲངས་འབད་བ་ཅིན་འདི་འ་ནཱི་སླབ་ཡང་མི་ཚུགས།
 • ་Rinchen Phuntsho རིན་ཆེན་ཕུན་ཚོགས
  ཁོ་གནམ་མེད་ས་མེད་ སྟོན་པ་འ་ནཱི་ཡོད་ལགས་ སྟོན་པ་གི་འདི་ གནམ་མེད་ས་མེད་ཡོད་ འ་ནཱི་གུ་རུ་བཟུམ་སྦེ་ར་ཡོད་ ཁོ་འདི་སྟོན་པ་འདི།
 • རྟེན་འབྲེལ་བཟང་པོ Tendrel Zangpo
  ཏེ་འ་ནཱི་བཟུམ་སྦེ་ སྟོན་པ་ལེ་ཤ་ཡོད་དོ་བཟུམ་སྦེ་ཏེ་ ཕྱག་མཚན་འདི་ཚུ་ཡང་སོ་སོར།
 • ་Rinchen Phuntsho རིན་ཆེན་ཕུན་ཚོགས
  ཕྱག་མཚན་ལ་ལོ་ཅིག་གི་འདི་ ཏེ་སངས་རྒྱས་མར་མེ་མཛད་འདི་ འ་ནཱི་བཟུམ་འབད་འོང་སྦ་ རང་ར་ས་སྦེ་ དེ་ལས་བྱམས་པ་མགོན་པོ་འདི་ ཁོ་ཏེ་འ་ནཱེ་སྦེ་ཡར་ལོང་དོ་བཟུམ་སྦེ་ ཏེ་འ་ནཱེ་སྦེ་རྐང་ཁྲི་ཐོག་ཁར ་བཞུགས་དོ་བཟུམ་སྦེ་ ཏེ་ཁོ་གི་ཕྱག་མཚན་ཡང་ འ་ནཱི་བཟུམ་སྦེ་འོང་།
 • ་Rinchen Phuntsho རིན་ཆེན་ཕུན་ཚོགས
  འ་ནཱི་འོད་པ་མེད་ སྟོན་པ་འབད་བ་ཅིན་འདི་ ཁོ་མཉམ་ཞགས་དཀྱིལ་ཀྲུང་ ཏེ་འ་ནཱི་མཉམ་ཞགས་སྦེ་ཡོད་ལགས་ འ་ནཱི་ས་ལགས་ ཏེ་འ་ནཱི་མཉམ་ཞགས་ ཏེ་འ་ནཱི་ལྷུང་ཟས་ཡོད་ ཁོ་ལུ་ཡང་ལྷུང་ཟས།
 • ་Rinchen Phuntsho རིན་ཆེན་ཕུན་ཚོགས
  ཏེ་སྟོན་པ་འ་ནཱི་བཟུམ་སྦེ་ སོ་སོར་སྟོན་པ་འདི་ ག་ར་ཕྱག་མཚན་སོ་སོར་ཨིན་ སྟོན་པ་ལེ་ཤ་ཡོད།
 • ་Yeshi Wangchuk ཡེ་ཤེས་དབང་ཕྱུག
  ད་མང་ཆེ་ཤོས་ཅིག་ ནཱ་གི་ག་ཅིག་ར་བཞེངས་དོ་ལགས?
 • ་Rinchen Phuntsho རིན་ཆེན་ཕུན་ཚོགས
  མང་ཆེ་ཤོས་ར་ ང་གིས་ཏེ་ད་ ཤཱཀྱ་ཐུབ་ར་ཨིན། འོང་འ་ནཱི་འ་ནཱི་བཞེངས་དོ་ལགས་ སྟོན་པ་གཞན་འདི་ཚུ་མེན་ལགས།
 • ་Yeshi Wangchuk ཡེ་ཤེས་དབང་ཕྱུག
  མ་པ་བཞེངས་ནི་འདི་ཡོད་ག་ལགས་ཡོད་ནི་འདི?
 • ་Rinchen Phuntsho རིན་ཆེན་ཕུན་ཚོགས
  རོགས་མཁོ་མངག་ལྷོདཔ་ད་ལུ་ ཚར་རེ་རེ་གཉིས་གཉིས་རེ་བཞེངས་ནི་ཡོད་ ཏེ་མང་ཤོས་ར་ ཤཱཀྱ་ཐུབ་པ་ཁོ་འདི་ སྤྱིར་བཏང་ང་བཅས་ཀྱི་སྟོན་པ་འདི་ ད་ལྟོ་ཁོ་ཨིན།
 • ་Rinchen Phuntsho རིན་ཆེན་ཕུན་ཚོགས
  ད་ལྟ་འདི་ཁོ་ཨིན་ ཏེ་འ་ནཱི་འདི་གི་ར་ཤེས་པས་སྦ་ཁོང་གིས་ཡང་ ཏེ་འ་ནཱི་དགོ་གསེས་ མཁོ་མངག་འོངམ་མས་སྦ་ ཏེ་འ་ནཱི་བཞེངས་དོ་ང་བཅས་ཀྱིས་ མང་ཤོས་ཅིག་ར་འ་ནཱི་ ཏེ་སྐབས་སྐབས་སྟོན་པ་འོད་པ་མེད་འདི་ འོང་མས་ལགས་ བཅས་སྐབས་སྐབས་མཁོ་མངག
 • ་Rinchen Phuntsho རིན་ཆེན་ཕུན་ཚོགས
  སྐབས་སྐབས་རེ་ སངས་རྒྱས་མར་མེ་མཛད་འདི་འོང་མས་ལགས་ སྐབས་སྐབས་མཁོ་མངག་སྟོན་པ་ནང་ལས་ ཏེ་གཞན་འདི་ཚུ་འོང་ནི་མིན་འདུག་ལགས།
 • ་Yeshi Wangchuk ཡེ་ཤེས་དབང་ཕྱུག
  རང་ར་ས་གི་ ལོ་དང་རྨེ་བ་འདི་ཚུ་དང་འཁྲིལ་ཏེ་གིས་ཡང་ རང་ར་སའི་སྐུ་བསྒྲུབ་དགོཔ་འདུག་སྦ་ལགས།
 • ་Rinchen Phuntsho རིན་ཆེན་ཕུན་ཚོགས
  ཨོང་ཨོང་ལགས།
 • ་Yeshi Wangchuk ཡེ་ཤེས་དབང་ཕྱུག
  སྟོན་པ་གི་འབད་བ་ཅིན་ ད་ག་ཅི་གི་ རྨེ་བ་ག་ཅིག་ལུ།
 • ་Rinchen Phuntsho རིན་ཆེན་ཕུན་ཚོགས
  ཏེ་འ་ནཱི་འདི་བལྟ་དགོ་ལགས་ ང་བཅས་ཀྱི་འ་ནཱི་ཟླ་ཐོ་ནང་བལྟ་དགོ།
 • ་Yeshi Wangchuk ཡེ་ཤེས་དབང་ཕྱུག
  ལགས་སོ།
 • ་Rinchen Phuntsho རིན་ཆེན་ཕུན་ཚོགས
  འ་ནཱི་ལ་ལུ་ཅིག་ ལོ་ཆུང་ཀུ་ལ་ལུ་ཅིག་སྦོམ་ འ་ནཱི་ལོ་འདི་ཅོག་ར་འཐད་ལུག་ཐོན་འོང་སྦ་ ཏེ་ད་ལ་ལུ་ཅིག་ ཆུང་ཀུ་འོང་སྦ་ ལ་ལུ་ཅིག་སྦོམ་འོང་ འ་ནཱི་འདི་ཨ་ཙི་ཅིག་ ཡར་མར་ཡོད་ལགས་ བལྟ་ནི་གི་ང་བཅས་ཀྱིས།
 • ་Rinchen Phuntsho རིན་ཆེན་ཕུན་ཚོགས
  ཏེ་འ་ནཱི་འདི་ ཟླ་ཐོ་མ་བལྟ་བ་ཅིན་འདི་ འ་ནཱི་བསྒྲུབ་དགོ་ཟེར་ཏེ་ འ་ནཱེ་སྦེ་ཞུ་མི་ཤེས་པས་ ཏེ་འ་ནཱི་ ང་བཅས་ལོ་གི་ཡོད་ མི་རེ་རེ་བཞིན་དུ་ སྐུ་རེ་རེ་རྨེ་བ་དང་འཁྲིལ་སྦེ་ བསྒྲུབ་ནི་གི་ཡོད་ལགས་འ་ནཱི།
 • ་Rinchen Phuntsho རིན་ཆེན་ཕུན་ཚོགས
  ལ་ལུ་ཅིག་སྟོན་པ་ཕོག་འོང་ ལ་ལུ་ཅིག་འདི་སྤྱན་རས་གཟིགས་བཟུམ་སྦེ་བསྒྲུབ་དགོ་ ལ་ལུ་ཅིག་འཇམ་དཔལ་དབྱངས་བཟུམ་སྦེ་བསྒྲུབ་དགོ་ ལ་ལུ་ཅིག་ཕྱག་ན་རྡོ་རྗེ་བཟུམ་སྦེ་བསྒྲུབ་དགོ་ ང་བཅས་ཀྱི་ལོ་གི་འབད་བ་ཅིན་ འ་ནཱི་བཟུམ་སྦེ་བསྒྲུབ་ནི་ཡོད་ལགས།