Skip to main content Skip to search
15 Dec 2011
1 min 29 sec
David Germano
Video Overview
Creators: 
Unknown

Kelzang Püntsok makes a hotel reservation at the Kyichu hotel in Lhasa.

Transcript search
No results found for this search
0 of 0
  • བསྐལ་བཟང་ཕུན་ཚོགས་ Kelzang Püntsok
    ཁང་པ་འདུག་གས།
    Do you have room?
  • སྣེ་ལེན་པ་ Receptionist
    ཁང་པ་འདུག་ལགས།
    Yes, we do.
  • བསྐལ་བཟང་ཕུན་ཚོགས་ Kelzang Püntsok
    ཨམ་་་ ཁང་པ་གང་འདྲས་རེད་འདུག
    Um...What kind of room do you have?
  • སྣེ་ལེན་པ་ Receptionist
    ཁང་པ་འདི་འདུག གསར་པ་དང་རྙིང་པ་འདུག་ལགས།
    We have regular and new room.
  • བསྐལ་བཟང་ཕུན་ཚོགས་ Kelzang Püntsok
    ཨའང་།
    I see.
  • སྣེ་ལེན་པ་ Receptionist
    ཁྱེད་རང་གསར་པ་འདི་ནས་དགོས་གནང་འདུག རྙིང་པ་འདི་ནས་དགོས་གནང་འདུག
    Do you need a normal room or new one?
  • བསྐལ་བཟང་ཕུན་ཚོགས་ Kelzang Püntsok
    གོང་ཆེ་ཆུང་ག་གི་ཆེ་བ་ཡོད་ནཱ།
    Which one is more expensive?
  • སྣེ་ལེན་པ་ Receptionist
    ཁང་པ་གསར་པ་དེ་གོང་ཆེ་བ་ཡོག་རེད།
    The new room is more expensive (than the old one).
  • བསྐལ་བཟང་ཕུན་ཚོགས་ Kelzang Püntsok
    ཨའང་། མི་གཅིག་གཅིག་པུ་བསྡད་ས་རེད་པས།
    I see. Is it a single room?
  • སྣེ་ལེན་པ་ Receptionist
    མ་རེད། མི་གཉིས་བསྡད་བྱས་པ་བཞུགས་ས་ཡོག་རེད། གསར་པ་འདའི།
    No. For the new one, it's a double room.
  • བསྐལ་བཟང་ཕུན་ཚོགས་ Kelzang Püntsok
    ཨའང་།
    I see.
  • སྣེ་ལེན་པ་ Receptionist
    རྙིང་པ་འདའི་མི་གཅིག་བྱས་པ་བཞུགས་ས་འདུག
    We have a single room for the normal one.
  • བསྐལ་བཟང་ཕུན་ཚོགས་ Kelzang Püntsok
    ཨའང་།
    I see.
  • སྣེ་ལེན་པ་ Receptionist
    གསར་པ་འདའི་ང་ཚོ་མི་གཅིག་བྱས་པ་བཞུགས་ས་ཡོག་མ་རེད།
    We don't have a single room for the new one.
  • བསྐལ་བཟང་ཕུན་ཚོགས་ Kelzang Püntsok
    ཨའང་། ལྟ་བྱས་ནས་འདི་ནས་མར་བྱས་འགྲོ་ཕྱོགས་བདེ་པོ་ཡོད་རེད་པཱ། ལྷ་སའི་ཕར་ཚུར།
    I see. It is convenient to commute from here around the Lhasa city, right?
  • སྣེ་ལེན་པ་ Receptionist
    འགྲོ་ཕྱོགས་བདེ་པོ་ཡོག་རེད། འདིའི་དཀྱིལ་རང་འདའི་རེད་པ་ལྷ་སའི།
    It's very convenient because we are in a prime location.
  • པོ་ཏ་ལར་འཐད་ནའི། ཇོ་ཁང་ལ་འཐད་ནའི། འགྲོ་ཕྱོགས་བདེ་པོ་ཡོག་རེད།
    Whether you want to Potala Palace or Jokhang (Jowo Temple), it's very convenient to commute from here.
  • བསྐལ་བཟང་ཕུན་ཚོགས་ Kelzang Püntsok
    ལགས་སེ། ཨཱ་ནི་ངར་གསར་པ་འདི་ནས་འདི་ཞིག་གནང་དང་།
    I want to take a single room from the new one.
  • སྣེ་ལེན་པ་ Receptionist
    གསར་པ་འདའི་མི་གཅིག་བྱས་པ་བཞུགས་ས་མི་འདུག་ག
    Right now we don't have single room left for the new one.
  • ཁྱེད་རང་མི་གཅིག་བྱས་པ་བཞུགས་ས་དགོས་གནང་འདུག་གས།
    Do you need a single room?
  • བསྐལ་བཟང་ཕུན་ཚོགས་ Kelzang Püntsok
    ཨཱ་ནི་རྙིང་པ་འདི་མ་གཏོགས་ཡོག་མ་རེད་པཱ།
    So you only have a single room for the old one?
  • སྣེ་ལེན་པ་ Receptionist
    རྙིང་པ་འདའི་ཡོག་རེད།
    Yes we do.
  • བསྐལ་བཟང་ཕུན་ཚོགས་ Kelzang Püntsok
    ཨའང་། ཨཱ་ནི་རྙིང་པ་འདའི་ཡ་གཟུགས་པ་འཁྲུ་ས་དང་འདི་འདྲས་གང་ག
    Does the old room has a bathroom and other amenities?
  • སྣེ་ལེན་པ་ Receptionist
    ཚང་མ་ཡོག་རེད། གཙང་སྤྱོད་དང་ཚང་མ་ཡོག་རེད།
    It has its bathroom and everything.
  • བསྐལ་བཟང་ཕུན་ཚོགས་ Kelzang Püntsok
    གཅིག་པ་རེད་ཨང་།
    So both are same.
  • སྣེ་ལེན་པ་ Receptionist
    རེད་ལགས།
    Yes.
  • བསྐལ་བཟང་ཕུན་ཚོགས་ Kelzang Püntsok
    ཨཱ་ནི་རྙིང་པ་འདི་ནས་གཅིག་མི་གཅིག་གཅིག་པུར།
    Please give me a single room from the old one.
  • སྣེ་ལེན་པ་ Receptionist
    སྲང་ཕྷན་ཀྲང་ (ལག་འཁྱེར་)གཅིག་གནང་དང་།
    Please show me your ID card.
  • བསྐལ་བཟང་ཕུན་ཚོགས་ Kelzang Püntsok
    ལཱ་སེ།
    Here it is.
  • སྣེ་ལེན་པ་ Receptionist
    ལཱ་སེ།
    Okay.
  • སྣེ་ལེན་པ་ Receptionist
    ལཱ་སེ།
    It's done.
  • བསྐལ་བཟང་ཕུན་ཚོགས་ Kelzang Püntsok
    འོ་ཐུགས་(རྗེ་)ཆེ།
    Thank you!
  • སྣེ་ལེན་པ་ Receptionist
    ཁྱེད་རང་གི་ཕྱག་ལྡེ། ལཱ་སེ།
    Here is your key.
  • བསྐལ་བཟང་ཕུན་ཚོགས་ Kelzang Püntsok
    འོ་ཐུགས་(རྗེ་)ཆེ།
    Thank you!