Skip to main content Skip to search
15 Dec 2011
1 min 14 sec
David Germano
Video Overview
Creators: 
Unknown

Trashi Norbu makes a hotel reservation at the Kyichu Hotel in Lhasa.

Transcript search
No results found for this search
0 of 0
  • བཀྲ་ཤིས་ནོར་བུ་ Trashi Norbu
    ཁང་པ་འདུག་གས།
    Do you have room?
  • སྣེ་ལེན་པ་ Receptionist
    ཁང་པ་འདུག་ལགས།
    Yes, we have.
  • བཀྲ་ཤིས་ནོར་བུ་ Trashi Norbu
    ཁང་པ་གང་འདྲས་ཤིག་ཡིན་ནམ།
    What kind of room do you have?
  • སྣེ་ལེན་པ་ Receptionist
    ཁང་པ་གང་འདྲས་བྱས་པ་དགོས་གནང་འདུག གསར་པ་དགོས་གནང་འདུག་རྙིང་པ་དགོས་གནང་འདུག
    What kind of room do you need? A new one or a normal one?
  • བཀྲ་ཤིས་ནོར་བུ་ Trashi Norbu
    དབྱེ་བ་གང་འདྲ་ར་ཅིག་ཡོད་ནཱ།
    What is the difference between these two?
  • སྣེ་ལེན་པ་ Receptionist
    གསར་པ་དེ་ད་ལོ་སྒོ་ཕྱེ་རྒྱོག་རེད།
    The new one was inaugurated this year.
  • བཀྲ་ཤིས་ནོར་བུ་ Trashi Norbu
    ཨ་ལས།
    I see.
  • སྣེ་ལེན་པ་ Receptionist
    རྙིང་པ་དེ་༩༦ལོ་ནས་སྒོ་ཕྱེ་རྒྱོག་རེད།
    The old one was operational since 1996.
  • བཀྲ་ཤིས་ནོར་བུ་ Trashi Norbu
    ཨའང་། འདི་རྙིང་པ་འདའི་གོང་ག་ཚོད་རེད།
    I see. How much would that be for the old room?
  • སྣེ་ལེན་པ་ Receptionist
    རྙིང་པ་འདའི་༡༨༠རེད་ཤག
    The rate for the old one is 180 [Renminbi].
  • བཀྲ་ཤིས་ནོར་བུ་ Trashi Norbu
    ཨཱ་ནི་གསར་པཱ།
    How about the new one?
  • སྣེ་ལེན་པ་ Receptionist
    གསར་པ་༢༦༠རེད་ཤག
    For the new one, the rate is 260 [Renminbi].
  • བཀྲ་ཤིས་ནོར་བུ་ Trashi Norbu
    ཨཱ་འདི་མི་གཅིག་བསྡད་ས་རེད་(ཡང་ན་)གཉིས་རེད།
    Is it a single room or double?
  • སྣེ་ལེན་པ་ Receptionist
    མི་གཅིག་བྱས་པ་བཞུགས་ས་ཡོད་རེད། མི་གཉིས་བྱས་པ་བཞུགས་ས་ཡོད་རེད།
    We have both single and double room.
  • བཀྲ་ཤིས་ནོར་བུ་ Trashi Norbu
    ད་ལྟ་མདུན་གྱི་གོང་ཚད་དེ་མི་གཉིས་བསྡད་རྒྱོག་(ས་)རེད་མི་གཅིག་རྒྱོག་(ས་)རེད།
    The rate you quoted earlier is for a single or double room?
  • སྣེ་ལེན་པ་ Receptionist
    མི་གཉིས་བྱས་པ།
    It's a double room.
  • བཀྲ་ཤིས་ནོར་བུ་ Trashi Norbu
    མི་གཉིས་བྱས་པ་རེད་པས།
    A double room.
  • སྣེ་ལེན་པ་ Receptionist
    མི་གཅིག་བྱས་པ་བཞུགས་ས་འདའི་༡༥༠རེད་ཤག
    The rate for a single bedroom is 150 [Renminbi].
  • བཀྲ་ཤིས་ནོར་བུ་ Trashi Norbu
    འདི་གང་རེད་ཁང་པ་རྙིང་པ་འདའི་རེད་པས།
    Is it for the old room?
  • སྣེ་ལེན་པ་ Receptionist
    འོ་ལགས། རྙིང་པ་འདའི།
    Yes, it's for the old one.
  • བཀྲ་ཤིས་ནོར་བུ་ Trashi Norbu
    ཨཱ་ནི་གསར་པ་འདའི་ག་ཚོད་ཡིན་ནམ།
    And how much for the new one?
  • སྣེ་ལེན་པ་ Receptionist
    གསར་པ་འདའི་མི་གཅིག་བྱས་པ་བཞུགས་ས་ཡོག་མ་རེད།
    We don't have a single room for the new one.
  • མི་གཉིས་བྱས་པ་བཞུགས་ས་རེད།
    It's a double room.
  • བཀྲ་ཤིས་ནོར་བུ་ Trashi Norbu
    ཨ་ལས།
    I see.
  • ཨ་ནི་འདི་ག་རེད་ཡིན་ནམ། ཆུ་ཚ་པོ་རྟག་པར་ཡོད་རེད་པས།
    And what about hot water, do you have it for the whole day?
  • སྣེ་ལེན་པ་ Receptionist
    ཆུ་ཚ་པོ་ཆུ་ཚོད་༢༤ཡོད་རེད། སྣང་དག་ཡོག་མ་རེད།
    Yes, we have it for 24 hours. There is no problem at all.
  • བཀྲ་ཤིས་ནོར་བུ་ Trashi Norbu
    ཨཱ་ནི་འདི་གང་རེད། མགྲོན་ཁང་ཁ་ལག་དང་དེ་འདྲས་གང་འདྲ་ཡིན་ནམ།
    What is that? And how about the meal?
  • སྣེ་ལེན་པ་ Receptionist
    ཞལ་ལག་འདའི་སྦུག་འདའི་མཆོད་གནང་ན་མཆོད་ས་ཡོག་རེད།
    We do have a restaurant inside the hotel.
  • བཀྲ་ཤིས་ནོར་བུ་ Trashi Norbu
    ཨ་ལས། ད་གར་སྦུག་ད་གར་བཟའ་ཆོག་ཆོག་རེད་པས།
    I see. Everything is served over there, right?
  • སྣེ་ལེན་པ་ Receptionist
    རེད་ལགས།
    Yes.
  • བཀྲ་ཤིས་ནོར་བུ་ Trashi Norbu
    ག་རེ་ཡིན་ནམ། རྒྱ་ཚལ་རེད་བོད་ཚལ་རེད།
    What do you have? Do you Chinese or Tibetan cuisines?
  • སྣེ་ལེན་པ་ Receptionist
    འདི་རེད་ལགས། བོད་ཟས་དང་ཕྱི་རྒྱལ་ཞལ་ལགས་འདུག
    We have Tibetan and western cuisines.
  • བཀྲ་ཤིས་ནོར་བུ་ Trashi Norbu
    ཨ་ལས། ལགས་སེ།་
    I see, okay.
  • ཨཱ་ནི་མགྲོན་ཁང་འགྲོ་ཕྱོགས་བདེ་ལོད་ཡོད་ནཱ།
    How convenient is it to commute from the hotel?
  • སྣེ་ལེན་པ་ Receptionist
    འགྲོ་ཕྱོགས་བདེ་པོ་ཡོག་རེད། པོ་ཏ་ལར་འཐད་གནང་ན་ཁ་ཐུག་འཐད་ན་འགྲིག་གི་རེད།
    It's very convenient. If you want to visit Potala Palace, you can go straight.
  • བཀྲ་ཤིས་ནོར་བུ་ Trashi Norbu
    འོ།
    Yes.
  • སྣེ་ལེན་པ་ Receptionist
    དེ་ནང་ཇོ་ཁང་ལ་འཐད་གནང་ན་དེ་ནས་ཚུར་བསྐོར་གནང་དང་ཇོ་ཁང་སྒོ་འགྲམ་ད་ག་རེད།
    If you want to visit the house of Jokhang (Jowo Temple), you can make a turn from there, it is nearby.
  • བཀྲ་ཤིས་ནོར་བུ་ Trashi Norbu
    ཨཱ་ནི་འདི་མགྲོན་ཁང་མོ་ཊ་དང་འདི་འདྲས་གཡར་ཡག་ཡོག་རེད་པས།
    And you do provide a car rental service?
  • སྣེ་ལེན་པ་ Receptionist
    མོ་ཊ་དང་ཨེ་འདྲས་གཡར་ཡག་ཡོག་མ་རེད།
    We don't provide that kind of service.
  • བཀྲ་ཤིས་ནོར་བུ་ Trashi Norbu
    འོ།
    Okay.
  • སྣེ་ལེན་པ་ Receptionist
    ཡོག་མ་རེད།
    We don't have.
  • བཀྲ་ཤིས་ནོར་བུ་ Trashi Norbu
    འོ་ཐུགས་(རྗེ་)ཆེ།
    Thank you very much!
  • སྣེ་ལེན་པ་ Receptionist
    གལ་གནང་གི་མ་རེད།
    My pleasure!