Skip to main content Skip to search
04 Sep 2018
33 min 45 sec
Samten Yeshi
Video Overview
Creators: 
Penchela

Lam Pem Dorji talks about Tandin Ney, as caretaker of the temple for the past 35 years. This was the residence of Guru Rinpoche and his consort Khandro Yeshey Tshogyal, who founded it as per his prophecy. She meditated in a cave for years; in that cave she met Guru in her vision, and attained nirvana; thus the cave is known as Sangphu. Guru Rinpoche predicted that a treasure revealer will find a treasure; Terton Drukdra Dorji had seen Tandin at the site and named it Tandin Ney. The temple has Guru Rinpoche's statue built by Gyeltsey Tshewang Tenzin, an heir of Drukpa Kinley, and a statue of Chenriyzig (Avalokiteshvara) built by Nima, Phajo Drukgon Zhipo’s son. It is said that the head of the Chenreyzig statue self-emerged.

Transcript search
No results found for this search
0 of 0
  • བླམ་པདྨ་རྡོ་རྗེ་ Lam Pema Dorji
    ད་ མ་པ་ རྟ་མགྲིན་གནས་འདི་ཟེར་ རྟ་མགྲིན་གནས་ཞུ་དགོ་མི་འདི་ སྐབས་ཅིག་ལུ་ཨིན་མས་ལགས་ འ་ དུས་རབས་བརྒྱདཔ་ བརྒྱད་པ་ ང་བཅས་ཀྱི་ ཞབས་དྲུང་རིན་པོ་ཆེ་ མི་ལོ་བརྒྱ་གཅིག་འབྱོན་ཏེ་ མི་ལོ་བཞི་བརྒྱ་ཡར་སོང་ནུག་སྨོ་ལགས། འ་ནཱི་གི་སྐབས་ལུ་ ཏེ་ ང་བཅས་ཞབས་དྲུང་རིན་པོ་ཆེ་འབྱོན་ འབྱོན་ཞིནམ་ལས་ལྷགཔ་ ཏེ་ རྟ་མགྲིན་གནས་ཟེར་ ཆགས་ཐུག་འདི་ འདི་བ་ལས་ཆགས་མ་ཚུགས་པས།
  • བླམ་པདྨ་རྡོ་རྗེ་ Lam Pema Dorji
    སྔོན་མ་ལུ་ ནཱ་གི་གནས་དང་པོ་ ཆགས་ཐུག་འདི་དེ་ ཏེ་ མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ ཁོ་ར་བྱིན་གྱིས་རླབས་ཏེ་སྦེ་ ཁོ་ར་ལུང་བསྟན་གྱི་ལྟར་དུ་འབད་དེ་ནཱ་ས་འདི་ དང་པོ་ ཏེ་ མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱིས་ བཅགས་ནུག་ལགས། དེ་ བཅག་ཐངས་འདི་ མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ ཁོ་རའི་ལུང་བསྟན་གྱི་ལྟར་དུ་སྦེ་དེ་ ཨོ་རྒྱན་གུ་རུ་རིན་པོ་ཆེ།
  • བླམ་པདྨ་རྡོ་རྗེ་ Lam Pema Dorji
    བུམ་ཐང་བཞུགས་པའི་གི་སྐབས་ལུ་ མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ ད་ ང་ལུ་ཚེ་གཅིག་ལུས་གཅིག་ སངས་རྒྱས་པའི་གི་ གདམ་ངག་ཅིག་ཞུཝ་ཙམ་ཟེར་ཏེ་ གུ་རུ་རིན་པོ་ཆེ་ལུ་བཅརཝ་ད་ ཡ་ ད་ ང་གིས་ གདམ་ངག་ལོགས་སུ་གནང་མི་དགོ
  • བླམ་པདྨ་རྡོ་རྗེ་ Lam Pema Dorji
    ད་ ཁྱོད་ར་ཏེ་ ཁ་ཕྱོགས་ནུབ་ཕྱོགས་ཁ་ཐུག་ལུ་ ས་གནས་ ཏེ་ ཁྱད་པར་འཕགས་པ་དང་ལྡན་པའི་གནས་ བྲག་ཐམས་ཅད་ཀྱི་ ཐམས་ཅད་བྱིན་གྱིས་རླབས་པའི་གི་གནས་ གུ་རུ་རིན་པོ་ཆེ་ རྒྱ་གར་འཕགས་པའི་ཡུལ་ ཨོ་རྒྱན་གྱི་ཡུལ་དུ་ མཚོ་ད་ན་ཀོ་ཤ་ལས་ སྐུ་རང་འབྱུང་འཁྲུངས་ཏེ་ བོད་གངས་ཅན་ལྗོངས་ལུ་ རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་དང་ མཁན་ཆེན་བོ་དི་ས་ཏྭ་གི་གདན་དྲངས་ཏེ།
  • བླམ་པདྨ་རྡོ་རྗེ་ Lam Pema Dorji
    བྱོན་མི་གི་སྐབས་ལུ་ ཁོ་ར་གི་ལུང་བསྟན་ཆགས་ཆགསཔ་པའི་གི་ གནས་གཅིག་ཡོད་ འ་ནཱི་འཚོལ་ཏེ་སྦེ་བྱོན་པ་ཅིན་ ཁོྱོད་ལུ་རྟགས་མཚན་ཡང་ ཅི་དང་མ་འདྲཝ་ཅིག་འབྱུང་འོང་ ཁྱོད་ར་གི་ལུང་བསྟན་ཅིག་ འདི་ནང་འབྱུང་འོང་ ཁྱོད་ར་གི་སྒྲུབ་པ་གནང་ས་ཡང་ ཁྱོད་ར་གི་སྨོན་ལམ་ ལུང་བསྟན་དང་འཁྲིལ་ཏེ་ ཁྱོད་རའི་སྨོན་ལམ་ག་བཏབ་ས་ལུ་ ཏེ་ ཁྱོད་ར་གི་སྒྲུབ་པ་གནང་སའི་བྱག་ཕུག་འདི་ཚུ་ཡང་ འ་ནཱི་སྦེ་ ཏེ་ ལུང་བསྟན་གྱིས་གནང་ནི་ཨིན།
  • བླམ་པདྨ་རྡོ་རྗེ་ Lam Pema Dorji
    ཏེ་ ང་གིས་ གདམ་ངག་ལོགས་སུ་གནང་མི་དགོ་ འ་ནཱི་འཚོལ་ཏེ་སྦེ་བྱོན་ཅིག་ཟེར་ཏེ་ གུ་རུ་རིན་པོ་ཆེ་གིས་ མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ལུ་ དེ་སྦེ་བཅགས་བཅགསཔ་ཨིན་ཟེར་ཨིན་མས་ལགས། ཏེ་ འ་ནཱ་ལས་ ཏེ་ མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ ས་ནས་ག་ར་ག་ཏེ་ཡང་བཤལ་ སྦས་གླང་བྲག་ དེ་ལསནི་ཏེ་ ཕར་ཤར་མཁོ་ཐང་སྒྲུབ་ཆུ་ལོ་ དེ་ལསནི་གནས་འདི་དང་བསྟུན་པའི་གི་ ཏེ།
  • བླམ་པདྨ་རྡོ་རྗེ་ Lam Pema Dorji
    གུ་རུ་གིས་ བྱིན་གྱིས་རླབས་པའི་གནས་འདི་ཚུ་ ག་ཏེ་ཡང་བཤལ་འགྱོ་རུང་ རྟགས་མཚན་གང་ཡང་མ་འབྱུང་བར་བཞུགས་ནུག་ བཞུགས་ནམ་ཅིག་ལྷོདཔ་ད་ལུ་ ཏེ་ མར་ ད་རེས་ང་བཅས་ཀྱི་ ཐིམ་ཕུག་ ཏེ་ མར་ ལྕངས་ཇི་ཇི་ཟེར་མི་འདི་གི་འོག་ལུ་ ཏེ་ རྡོ་རྗེ་གཅིག་གུ་ སྐུ་ངལ་གནང་སྟེ་སྦེ་བཞུགསཔ་ད་ལུ་ ཏེ་ འ་ནཱ་ བྲག་འདི་ནང་ལུ་ ཏེ་ གཞན་ཁ་ལུ་ཆརཔ་རྐྱབ་ད་ འདི་ནང་ཉིམ་ཤར།
  • བླམ་པདྨ་རྡོ་རྗེ་ Lam Pema Dorji
    གཞན་ཁར་ཉིམ་ཤརཝ་ད་ འདི་ནང་གི་མེ་ཏོག་གི་ཆར་འབབ་ ཆོས་ཀྱི་སྒྲ་ཐོས་ ཆོས་ཀྱི་འཁོར་ལོ་བསྐོར་བའི་གི་ ཏེ་ དུང་ རྒྱ་གླིང་ལ་སོགས་པ་ གནམ་མེད་ས་མེད་ཀྱི་ ཆོས་ཀྱི་སྒྲ་ཐོས་ ཡ་ ངེ་གི་ལུང་བསྟན་ འདིར་ཙམ་ཡིན་ཟེརན་ ང་ལུ་སློབ་དཔོན་པདྨ་འབྱུང་གནས་ཀྱིས་ ང་ལུ་གདམ་ངག་འདིར་ཙམ་གནང་ཤིག་ཡོད་ ད་ ངེ་གི་ལུང་བསྟན་ འདིར་ཙམ་ཡིན་ཟེར་ཏེ་ ཏེ་འ་ནཱི་ ནཱ་ལུ་ས་དང་པོ་འདི་ མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ཀྱིས་བཅགས་ནུག་ལགས།
  • བླམ་པདྨ་རྡོ་རྗེ་ Lam Pema Dorji
    དེ་ཡང་ མར་ལས་ཡར་འབད་འབྱོན་ དེ་སྦེ་ཏེ་ ཏེ་ད་ དང་པ་མར་ས་དམར་ཛིང་ཁ་གི་ཧོག་ཀ་ལུངམ་ཅིག་ནང་ལྷོདཔ་ད་ལུ་ ཏེ་ སྐུ་ངལ་གནང་སྟེ་ རྡོ་གཅིག་གུ་སྐུ་ངལ་གནང་སྟེ་བཞུགསཔ་ད་ལུ་ ཏེ་ཨ་མི་ མོ་ར་གིས་ ཕྱག་སོར་མོ་གང་ མོ་རའི་གི་ཏེ་ཕྱག་འ་ནཱི་སྦེ་རྡོ་གུ་བཏེག་པ་ཙམ་ཅིག་གིས་ འ་ནཱ་ཕྱག་ སོར་ཐེངས་གངམ་འདི་ བདུད་རྩི་བབས་བབསཔ་ཨིན་ཟེར་ འ་ནཱི་བདུད་རྩི་ཡང་ ན་ཧིང་ཚུན་ཚོད་རང་ཡོད་ལགས།
  • བླམ་པདྨ་རྡོ་རྗེ་ Lam Pema Dorji
    ཨཱ་འམ་་་ བདུད་རྩི་དེ་ཡང་ ཏེ་ འ་་་ ང་བཅས་ཆུ་འདི་ལྟ་བ་ཅིན་ ཏེ་ འ་ ཨོམ་བཟུམ་ དེ་སྦེ་ ཏེ་ ཆུ་དཀརཔོ་སྦེ་ བྱཱར་དགུན་མེད་པར་ ཏེ་ དཀརཔོ་སྦེ་ འ་ནཱི་སྦེ་འབྱོན་འབད་འབདཝ་ད་ལུ་ ཏེ་ མཁའ་འགྲོ་མ་མོ་ར་གི་ ཕྱག་མཐིལ་ཁར་ལུ་བསྣམས་ཏེ་འབད་ ཡ་ འདོད་པ་མོས་གུས་ཅན་གྱི་སྤྱད་ན་ ཆུ་ཡང་འོ་མ་ལྟ་བུ་ཡིན་ འདོད་པ་མོས་གུས་ཆུང་ན་ ཆུ་ཡང་རང་བཞིན་བཙོག་པ་ཡིན་ཟེར་ ཏེ་ མཁའ་འགྲོ་མ་གིས་ འ་ནཱི་སྦེ་ ཏེ་ འདུལ་བྱར་ལུང་བསྟན་ འ་ནཱི་སྦེ་ མཛད་མཛདཔ་ཨིན་ཟེར་ཨིན་མས་ལགས།
  • དེ་ལསནི་མར་ལས་སྦེ་ ནཱ་འབྱོན་འབདཝ་ད་ལུ་འདི་ ཨ་ཕར་སྤོ་ཏོ་གུ་ ཏེ་ བྲག་ཅིག་གི་རྩ་བར་ལུ་ ཏེ་ བྱག་ཕུག་ཆུང་ཀུ་ཅིག་ནང་ལུ་ དེ་ནང་ལུ་ ཏེ་ བཞུགས་ནུག་ སྐུ་ངལ་གནང་སྟེ་གི་སྦེ་ ཨ་ཕི་ནང་ལུ་ ཏེ་ དུམ་གྲ་ཅིག་ཉམས་སུ་གནང་སྟེ་བཞུགསཔ་ད་ལུ་ ཏེ་ སྒོམ་ཆེན་གཅིག་གིས ཏེ་ རྣལ་འབྱོར་པ་གཅིག་གིས་ ཏེ་ ཆོས་ཀྱི་སྒྲུབ་པ་གནང་ས་གིས་ས་གནས་འདི་ འདིར་མེན་ཤིང་ཟེར་གཞུ་འདོམ་གང་གི་སར་བྱོན་ཟེར་ ང་བཅས་འབད་བ་ཅིན།
  • བླམ་པདྨ་རྡོ་རྗེ་ Lam Pema Dorji
    འདོམ་གང་དེ་ཅིག་གི་ས་ཁར་ལུ་བྱོན་པ་ཅིན་ཟེར་ གཞུ་འདོམ་གང་གི་སར་བྱོན་ན་ ཁྱོད་ཀྱིས་སྒྲུབ་པ་འདིར་ མཐར་ཕྱིན་ཤིང་ཟེར་ ཏེ་ ཏེ་འ་ནཱི་སྦེ་ རྣལ་འབྱོར་པ་གཅིག་གིས་ ཏེ་ མཁའ་འགྲོ་མ་ འ་ནཱི་སྦེ་ཞུ་ཞུཝ་ཨིན་ཟེར་ཨིན་མས། འདི་གི་ནངས་པ་དྲོ་པ་ ལྟ་བུ་ཅིག་ན་ ཏེ་ ཉི་ཤར་དང་བཅས་ཏེ་ འ་ནཱི་སྒྲུབ་ཁང་འདི་ ཕར་ལས་ཚུར་སྦེ་ འ་ནཱི་བྱག་གི་སྐེད་པ་བཏོག་སྟེ་འབད་ འ་ནཱི་སྦེ་འབྱོན་ ནེ་སྦེ་འབདཝ་ད་ལུ།
  • བླམ་པདྨ་རྡོ་རྗེ་ Lam Pema Dorji
    ཏེ་ བྱག་གཅིག་གི་རྩ་བ་བཞུགསཔ་ད་ལུ་ ཏེ་ མོ་ར་སྨོན་ལམ་བཏབ་ ཐུགས་སྨོན་གནང་སྟེ་སྦེ་བཞུགས་པའི་སྐབས་སུ་ལུ་ ཏེ་ འ་ནཱི་བྱག་འདི་ རང་འབྱུང་འབད་ཁ་བརྒྱང་སྟེ་ ཏེ་ མོ་ར་གི་སྐུ་གཟུགས་ཐལཝ་ཅིག་སྦེ་ ཏེ་ བྱག་གི་ བྱག་ཕུག་དེ་གི་བཟོ་རྣམ་ཡང་མཁའ་འགྲོ་གི་བྷ་ག་ལྟ་བུ་ དེ་ཡང་ལྟ་དོ་དངོས་སུ་སྦེ་མཇལ་ནི་ཡོད་ལགས་ འ་ནི་འདི་ཚུ་ཡང་།
  • བླམ་པདྨ་རྡོ་རྗེ་ Lam Pema Dorji
    འ་ནཱི་ནང་ལུ་ ཏེ་ མོ་ར་སྒྲུབ་པ་གནང་ ཉམས་སུ་གནང་སྟེ་སྦེ་ སྒྲུབ་པ་གནང་སྟེ་སྦེ་ ཏེ་ སྐུ་རྒྱབ་བྲག་ལུ་གཏད་པ་ ཞབས་གཡས་གཉིས་བྲག་ལུ་གཏད་པ་ ཕྱག་གཡས་གཉིས་ གནམ་ཁར་ཐིག་དཀར་ལུ་གཏད་པ་ཟེར་ ཏེ་ འ་ནཱི་སྦེ་ ཏེ་ གནམ་ཁར་ལུ་ གཏད་དེ་སྦེ་བཞུགས་ནུག་ འ་ནཱི་འདི་ཚུ་ཡང་ ཏེ་ ཕྱག་གི་ཕྱག་པར་ ཞབས་ཀྱི་ཞབས་པར་ འདི་ཚུ་ཡང་ ཏེ་ དངོས་སུ་སྦེ་རང་མཇལ་ནི་ཡོད་ ད་ལྟོ་ སྐུ་རྒྱབ་བྲག་ལུ་གཏད་པ་ཟེར།
  • བླམ་པདྨ་རྡོ་རྗེ་ Lam Pema Dorji
    ཏེ་ ད་ལྟོ་འ་ནཱི་བྱག་ཕུག་མིང་ཡང་ མཁའ་འགྲོའི་སངས་ཕུག་ཟེར་ཞུཝ་ཨིན་ སངས་ཕུག་ཟེར་ཞུ་དགོ་མི་འདི་ ག་ཅིསྨོ་ཟེར་བ་ཅིན་ ཏེ་ མཁའ་འགྲོ་མ་ འ་ནཱ་ལས་ལོག་སྟེ་ མ་འབྱོན་པས་ལགས་ འ་ནཱ་ལས་རང་སངས་རྒྱས་ཏེ་ འབྱོན་འབྱོནམ་ཨིན་ཟེར་ཨིན་མས་ ཏེ་ འ་ནཱི་ མ་འབྱོནམ་ཅིག་གི་ཧེ་མ་ལུ་ ཏེ་ མཁའ་འགྲོ་མ་ ཨ་ཕི་ནང་ལུ་ ལོ་བཅུ་གསུམ་ཙམ་ཅིག་སྒྲུབ་པ་གནང་སྟེ་སྦེ་ བཞུགསཔ་ད་ལུ་ ཏེ་ འ་ནཱི་བྱག་ཕུག་འདི་ནང་ལུ་ ཏེ།
  • བླམ་པདྨ་རྡོ་རྗེ་ Lam Pema Dorji
    གསལ་བའི་གི་ མེ་ལོང་ལྟ་བུ་ ཏེ་ ང་བཅས་ཀྱི་ འ་ ད་རེས་ནངས་པ་འབད་བ་ཅིན་ ཏེ་ རྟེན་འབྲེལ་བཟུམ་ འ་ནཱི་སྦེ་ལྟ་དོ་བཟུམ་ཅིག་འབད་དེ་ ཏེ་ བསོད་ནམས་ཀྱི་འདི་ལྟག་བུ་ཨིན་བས་ ཏེ་ འ་ནཱི་བྲག་ཕུག་ནང་ལུ་ ཏེ་ ཨོ་རྒྱན་གུ་རུ་རིན་པོ་ཆེ་ སྐུ་དངོས་སུ་སྦེ་མཇལ་མཇལཝ་ཨིན་ཟེར་ཨིན་མས་ མཁའ་འགྲོ་མ་གིས་ ཏེ་ ཡ་ ད་ གསལ་བའི་མེ་ལོང་ལྟ་བུ་མེན་པར་ སྐུ་དངོས་སུ་བྱོན་པར་ཤོག་ཅིག་ཟེར་ ཏེ་ ད་ ཁྱོད་དེ།
  • བླམ་པདྨ་རྡོ་རྗེ་ Lam Pema Dorji
    མེ་ལོང་ནང་བཟུམ་ཅིག་སྦེ་ ཏེ་ མེན་པ་འབད་ཞིནམ་ལས་ སྐུ་དངོས་སུ་བྱོན་གནང་ཟེར་ མཁའ་འགྲོ་མ་གིས་གསོལཝ་བཏབ་བཏབ་ཨིན་ཟེར་ཨིན་མས་ འ་ནཱ་ལས་ ཏེ་ མཁའ་འགྲོ་མ་གིས་གསོལ་བཏབ་པ་བཞིན་དུ་ ཉི་མ་གི་སྐར་མ་ལྟག་བུ་ ང་བཅས་ཀྱི་ ཉིནམ་དཀརཔོ་ལུ་ སྐརམ་མི་མཐོང་བ་ཏེ་སྨོ་ལགས། འ་ནཱ་ལས་ ཏེ་ ཉིན་མ་གི་སྐརམ་བཟུམ་ཅིག་ ཏེ་ ཡུག་གཅིག་ ཏེ་ རྟ་མཆོག་བ་ལ་ཧ་ཟེར་མི་འདི།
  • བླམ་པདྨ་རྡོ་རྗེ་ Lam Pema Dorji
    ཏེ་ གནམ་མཁའ་གི་ ལྷ་ཡུལ་གྱི་ ཏེ་ ཆིབས་ཨིན་པས་ རྟ་མཆོག་བ་ལ་ཧ་ཁ་ཟེར་མི་འདི་ཚུ་ ཏེ་ འ་ནཱི་གུ་ཆིབས་འབད་དེ་ ཏེ་ ཉིན་མ་གི་སྐར་མ་ལྟ་བུ་ ཡུག་གཅིག་ འ་ནཱི་སྦེ་ ཏེ་ ཡར་སྒྲུབ་ཁང་ནང་ འ་ནཱི་སྦེ་འབྱོན་འབྱོནམ་ཨིན་ཟེར་ཨིན་མས་ ཨོ་རྒྱན་གུ་རུ་རིན་པོ་ཆེ། འ་ནཱི་སྦེ་འབྱོན་འབདཝ་ད་ལུ་ ཏེ་ ཨོ་རྒྱན་རིན་པོ་ཆེ་ ད་ལྟོ་ འ་ནཱི་སྒྲུབ་ཁང་འདི་ཚུ་ཡང་ དངོས་སུ་སྦེ་ཡོད་ ཨོ་རྒྱན་གུ་རུ་རིན་པོ་ཆེ་ཁོ་ར་བཞུགས་ཁྲི་དང་བཅས་པ་སྦེ་ ཏེ།
  • བླམ་པདྨ་རྡོ་རྗེ་ Lam Pema Dorji
    བྱག་ཕུག་ནང་ལས་ཡང་བྱག་ཕུག་དུ་ འ་ནཱི་སྒྲུབ་པ་གནང་ འ་ནཱི་སྦེ་ ལྕོག་ཕུག་ལྟ་བུ་(?) བྲག་ལྕོག་ཕུག་ལྟ་བུ་ཟེར་ཏེ་ ཏེ་ འ་ནཱི་ནང་ལུ་ ཏེ་ ཨོ་རྒྱན་རིན་པོ་ཆེ་ཁོ་ར་ ཡུག་གཅིག་ནཱ་འབྱོན་པ་ཙམ་ཅིག་གི་ སྐུ་རྒྱབ་ལས་མར་ ཏེ་ བདུད་རྩི་བཏང་པ་ཙམ་འབབ་པ་མ་ཚད་ རྟགས་མཚན་འ་ནཱི་སྦེ་འབྱུང་འབྱུངམ་ དེ་ཡང་ ད་ལྟོ་འབབཔ་འབབ་པའི་ཤུལ་ཡོད་ལགས། བདུད་རྩི་འབྱོན་འབྱོན་པའི་ཤུལ་ཡོད་ སྔོན་མ་ང་ལྷོདཔ་ད་ལུ་སྟེ་ ཨ་ཙི་རེ།
  • བླམ་པདྨ་རྡོ་རྗེ་ Lam Pema Dorji
    ཆབ་ཆིབ་དུམ་གྲ་རེ་བྱོན་དོ་བཟུམ་ཅིག་ འ་ནཱི་སྦེ་ཡོད་ ཡོད་ ད་ དེ་རེས་ཨ་ཙི་ཉམས་སུ་ཅིག་ཡར་སོང་ནུག་ དེ་ཡང་ དེ་ད་འདོད་པའི་ ག་ར་འབད་རུང་ ཏེ་ ཁོ་ར་གི་འབྱོན་འབྱོནམ་པའི་ཆུ་འདི་ ཏེ་ ད་ལྟོ་ འ་ནཱི་ ཆུ་ལམ་འདི་ དངོས་སུ་སྦེ་རང་མཇལ་ནི་ཡོད་ འ་ཡར་ནང་ལུ་ ཨོ་རྒྱན་རིན་པོ་ཆེ་ ཁོ་ར་སྐུ་དངོས་སུ་བཞུགས་ཞིནམ་ལས་ མདུན་གྱི་གནམ་མཁའ་ལས་མར་ ལྷ་དང་ལྷ་མོ་མཁའ་འགྲོ་མ་རྣམས་ཀྱི་ མདུན་གྱི་གནམ་མཁའ་ལས་མར་ ཏེ་ བྲོ་འཁྲབ་པ་ལྟ་བུ་ཟེར།
  • བླམ་པདྨ་རྡོ་རྗེ་ Lam Pema Dorji
    འ་ནཱི་ཞབས་རྗེས་འདི་ཚུ་ཡང་ ཏེ་ བྲག་ཕུག་ནང་ལུ་ ད་ལྟོ་དངོས་སུ་སྦེ་མཇལ་ནི་ཡོད་ འ་ནཱི་འདི་ཚུ་ཡང་ ཏེ་ འ་ནཱ་ལས་ བདུད་རྩི་བཏང་པ་ཙམ་འབབ་པ་ཟེར་ ཏེ་ འ་ནཱི་སྐུ་རྒྱབ་ལས་མར་འབྱོན་འབྱོན་པའི་ རྡོར་གཞོང་གི་ཤེལ་ཆེན་(?)ཟེར་ ཏེ་ རྡོར་གཞོངམ་ བོད་ཀྱི་གཞོངམ་རྐྱབ་(?) བྱག་ནང་ཀོ་ནང་ལུ་ སྒོར་ཐིག་གཉིས་ཡོད་ ལྟག་གཅིག་དང་འོག་གཅིག་ འ་ནཱི་ནང་ལུ་ ཏེ་ འ་ནཱི་བསྒང་ལྟེམ་ལྟེ་འཁྱིལ་འཁྱིལཝ་ཨིན་ཟེར་ཨིན་མས་ རྡོར་གཞོང་ནང་ལུ་འཁྱིལ་བ་ཟེར་ ཏེ།
  • བླམ་པདྨ་རྡོ་རྗེ་ Lam Pema Dorji
    བདུད་རྩི་འདི་འ་ནཱི་སྦེ་འབྱོན་ ཏེ་ འ་ནཱ་ལས་ ཏེ་ འ་ནཱི་ནཱ་གི་ད་ལྟོ ཨོ་རྒྱན་རིན་པོ་ཆེ་འདི་དེ་ ངེ་གི་ ལུང་བསྟན་ ལྟར་དུ་མཛད་དེ་ ཏེ་ མཁའ་ ཨོ་རྒྱན་རིན་པོ་ཆེ་ ཁོ་ར་གིས་ཐུགས་སྨོན་གནང་སྟེ་སྦེ་ ད་ལྟོ་ནཱ་ཡོད་མི་འདི་ གུ་རུ་འདི་ ཨོ་རྒྱན་རིན་པོ་ཆེ་ཁོ་ར་གིས་ ཐུགས་སྨོན་གནང་བཞེངས་བཞེངསམ་ཨིན་ཟེར་ ཁོ་ར་གི་ ཏེ་ དབུ་འདི་ཁོ་ར་གི་ ལུང་བསྟན་ལྟར་དུ་འབྱོན་འབྱོནམ་ཨིན་ཟེར་ཏེ་ དེ་སྦེ་འདུག་ལགས།
  • བླམ་པདྨ་རྡོ་རྗེ་ Lam Pema Dorji
    ཨོ་རྒྱན་རིན་པོ་ཆེ་གིས་ ནཱ་ལུ་ ཏེ་ བཞུགས་ ནེམ་སྦེ་འབད་ཞིནམ་ལས་ ཏེ་ ད་ ངེ་གི་ལུང་བསྟན་གྱི་ལྟར་དུ་ ཇི་སྲིད་འཁོར་བསྐལ་པ་གི་ ནམ་གནས་ཀྱི་བར་དུ་འདི་ སངས་རྒྱས་ཀྱི་བསྟན་པ་ སེམས་ཅན་ཐམས་ཅད་ལུ་ བདེ་བ་ལུ་དཀོད་ སྡུག་བསྔལ་ལས་གྲོལ་ནི་གི་ ཐབས་ཤེས་ དེ་ཚུན་ཚོད་སྟེ་ ཏེ་ ད་ལྟོ་ནཱ་བཞུགས་མི་གུ་རུ་རིན་པོ་ཆེ་ འདི་དེ་ཏེ་ ཁོ་ར་གིས་ཐུགས་སྨོན་གནང་འབད་སྦེ་ ཏེ་ འ་ནཱི་གི་སྐུ་གཟུགས་འདི།
  • བླམ་པདྨ་རྡོ་རྗེ་ Lam Pema Dorji
    ཏེ་ སྡེ་སྲིད་ཚེ་དབང་བསྟན་འཛིན་ཟེར་མི་དེ་གིས་ ཏེ་ འ་ནཱི་ཕྱག་བཟོ་འདི་ཨིན་པས་ལགས་ ཕྱག་བཟོ་འདི་ སྡེ་སྲིད་ཚེ་དབང་བསྟན་འཛིན་ཟེར་མི་འདི་ ང་བཅས་ཀྱི་ ཞབས་དྲུང་རིན་པོ་ཆེ་ འགྲོ་མགོན་གཙང་པ་རྒྱ་རས་ ཆོས་རྒྱལ་བདག་པ་ལྷ་རྒྱལ་གྱི་སྐུ་ཕྲེང་ དེ་འདི་ ཆོས་རྒྱལ་འབྲུག་པ་ཀུན་ལེགས་ཀྱི་ གདུང་སྲས་ཟེར་ཡང་བརྩིཝ་ཨིན་ཁོ་ འ་ནཱི་སྦེ་ ཏེ་ ཁོ་གི་ལུང་བསྟན་གྱི་ལྟར་དུ་ ཨོ་རྒྱན་རིན་པོ་ཆེ་ སྐུ་གཟུགས་འདི་ཁོ་གི་ཕྱག་བཟོ་ཨིན་ཟེར་ ཏེ་ དེ་སྦེ་གསུངམ་ཨིན་མས།
  • བླམ་པདྨ་རྡོ་རྗེ་ Lam Pema Dorji
    དེ་ཡང་ ཁོ་གིས་ ཞལ་འདེབས་སྦེ་ སྐུ་གཟུགས་འདི་ བཞེངས་ནེམ་སྦེ་འབདཝ་ད་ལུ་ ཏེ་ ལོག་སྟེ་དབུ་འདི་རྩ་ལས་ དེམ་མ་འབྱུང་པར་དབུ་འདི་བཞེངས་ཕུལཝ་ད་ལུ་ ཏེ་ སྐུ་གཟུགས་འདི་ སྔོན་མ་སྦོམ་སྦེ་བཞེངས་ནུག་ གཞན་ཡང་ དེ་ལསནི་ དབུ་འདི་ཡར་ཕུལ་ཚརཝ་ལུ་ ཕུལ་ཚརཝ་ད་ལུ་ ཏེ་ སྐུ་གཟུགས་འདི་ སྔར་ལས་བ་ཡང་འཕར་ཏེ་ སྦོམ་སྦེ་ ང་བཅས་ ལྒང་ཕུ་བཟུམ་སྦེ་ འཕར་ཏེ་སྦེ་འགྱོ།
  • བླམ་པདྨ་རྡོ་རྗེ་ Lam Pema Dorji
    དབུ་འདི་ཆུང་ཀུ་སྦེ་འགྱོ་སྟེ་ ཏེ་ མ་སྦུག་མཉམ་མ་ཚུགས་པར་ ཏེ་ འ་ནཱ་ལས་ཡར་ ད་ འདི་མི་བཏུབ་པས་ཟེར་ ཏེ་ དབུ་འདི་འཐེན་ཏེ་མར་ཞུ་ ད་ དོ་རུང་ཡང་གཅིག་ཞུ་འབདཝ་ད་ལུ་ ཞག་གསུམ་གྱི་ནང་འཁོད་ལུ་ སྐུ་གཟུགས་འདི་ མདུན་དུ་བཞུགས་ དབུ་འདི་ རྒྱབ་ཏུ་སྦེ་འགྱིར་ཡར་སོངམ་ཨིན་ཟེར་ཨིན་མས། ཞག་གསུམ་གྱི་ནང་ན་ ཏེ་ འ་ནཱ་ལས་ཏེ་ ཁོ་ར་སྨྱ་ངན་ལྟ་བུ་སྤྱོད་པ་བཞུགས་སྟེ་ ཡ།
  • བླམ་པདྨ་རྡོ་རྗེ་ Lam Pema Dorji
    ད་ ང་ལུ་འདི་ལུང་བསྟན་ དབུ་འདི་ང་ལུ་ ལུང་བསྟན་རྩ་ལས་མ་འབྱུང་ ད་ ག་དེ་སྦེ་དྲག་ག་ཟེར་ ཁོ་ར་སྨྱ་ངན་ ལྟ་བུ་སྤྱོད་པའི་ཐུགས་རྡུངས་ཏེ་བཞུགས་པའི་བར་ན་ལུ་ ཏེ་ རྣལ་འབྱོར་པ་གཅིག་གིས་ ཏེ་ཡ་ ཐུགས་མ་རྡུངས་ཤིག་ཟེར་ དབུ་འདི་གུ་རུ་རིན་པོ་ཆེ་ རང་གི་རང་བཞིན་ ཡོང་ཤིག་ཡིན་ཟེར་ ཏེ་ ཁོ་ར་གིས་ བསྣམས་འབྱོན་ནི་ཨིན་ ཁྱོད་ཐུགས་སྡུག་མི་དགོ་ དབུ་འདི་ཁྱོད་ལུ་ལུང་བསྟན་མེད་ ཁོ་ར་གིས་བསྣམས་འབྱོན་ནི་ཨིན་ཟེར།
  • བླམ་པདྨ་རྡོ་རྗེ་ Lam Pema Dorji
    འ་ནཱི་ཏེ་ དུས་ཀྱི་ནམ་ཅིག་ལུ་ ཏེ་ ཉི་ཤར་དང་འཁྲིལ་ཏེ་ ཟླ་བ་དང་པའི་ནང་ ཟླཝ་བཞི་པའི་གི་ ཚེས་བཅོ་ལྔ་གི་ཐོ་རངས་ ཉི་ཤར་དང་འཁྲིལ་ཏེ་ ཏེ་ འ་ནཱི་གུ་རུ་གི་དབུ་འདི་ ཨོ་རྒྱན་རིན་པོ་ཆེ་ཁོ་ར་ ཏེ་ དབུ་ལུ་ སྲོག་ཞུ་(?)བཅས་པ་ འ་ སྐུ་གཟུགས་ལུ་རི་བདུན་(?)བཅས་པ་ དབུ་ལུ་སྲོག་ཞུ་བཅས་པ་ གཅིག་གི་ ཏེ་ ཁོ་ར་གིས་ ཏེ་ དཔེར་ན་ མ་ཤེསན་ད་ལྟོ་ ང་བཅས་ཀྱི་ འཆམ་རྐྱབ་ད་ལུ་ དགེ་སློང་གི་འཆམ་ རིགས་ལྔ་བཅུ་དྲུག
  • བླམ་པདྨ་རྡོ་རྗེ་ Lam Pema Dorji
    བཟུམ་ཅིག་སྦེ་ དཔེ་འ་ནཱི་ལྟ་བུ་བཅས་པ་སྦེ་ ཏེ་ འ་ནཱི་སྦེ་དབུ་ལུ་སྲོག་ཞུ་ སྐུ་གཟུགས་ལུ་ ཏེ་ རི་བདུན་སྣ་ལྔ་རྒྱན་ཏེ་སྦེ་ ཏེ་ འ་ནཱི་གི་ཏེ་ མེ་ཏོག་གི་པད་བཏབ་ནང་ལུ་ ཏེ་ མེ་འབར་བ་ མཐའ་འཁོར་ལུ་ མེ་འབར་བ་གཅིག་གི་འ་ནཱི་དབུ་འདི་ འ་ནཱི་སྦེ་བསྣམས་འབྱོན་འབྱོནམ་ཨིན་ཟེར་གུ་རུ་རིན་པོ་ཆེ་ཁོ་ར་གིས་ བསྣམས་འབྱོན་འབྱོནམ་ཨིན་ཟེར་ ཏེ་ འ་ནཱ་ལས་ ཏེ་ ཡ་ད་ ང་གི་དབུ་ལས་ ཏེ་ དེ་འ་ནཱི་ ཏེ་ བླམ་གྱིས་ ཏེ་ ང་ལུ་དབུ་འདི་ ལུང་བསྟན་རྩ་ལས་ ང་ལུ་མ་འབྱུང་།
  • བླམ་པདྨ་རྡོ་རྗེ་ Lam Pema Dorji
    ད་ རྣལ་འབྱོར་ཁྱོད་ཀྱིས་ཕུལ་ཤིང་ཟེར་ ཏེ་ ད་ ཁྱོད་ཀྱིས་ཕུལ་གནང་ ང་གི་དབུ་འདི་ ང་རང་ལུང་བསྟན་རྩ་ལས་མ་འབྱུང་ཟེར་ ཏེ་ གུ་རུ་རིན་པོ་ཆེ་ཁོ་ར་ ཏེ་ ནང་ན་ལུ་ ཏེ་ ཨོ་རྒྱན་གུ་རུ་རིན་པོ་ཆེ་ཁོ་ར་ སྐུ་དངོས་སུ་ཨིན་པས་ སློབ་དཔོན་པད་མ་འབྱུང་ནས་ ཏེ་ གུ་རུ་ འ་ནཱ་ལས་ ཏེ་ ཁོ་ར་ དབུ་འདི་ ཕུལ་ཏེ་སྦེ་ མཐོ་གང་ཙམ་ཅིག་གི་ ཕྱེད་བཀལ་བ་ཙམ་ཅིག་གིས་ ཏེ་ ལྕགས་ཁབ་ལུ་ལྟ་བུ་ལེན་པ་ བཅོ་ཁ་ཡང་རྐྱབ་མ་དགོ
  • བླམ་པདྨ་རྡོ་རྗེ་ Lam Pema Dorji
    ག་ནི་ཡང་འབད་མ་དགོ་པ་ཅིན་ཏེ་ འ་ནཱི་སྦེ་ ཏེ་ ལེན་ནི་སྦེ་ཨིན་ཟེར་ཨིན་མས་ ཏེ་ འ་ནཱ་ལས་ ཏེ་ ཨོ་རྒྱན་རང་ འ་ནཱི་རྣལ་འབྱོར་པ་ ཏེ་དེ་ གུ་རུ་རིན་པོ་ཆེ་ཁོ་རང་ ཞལ་གལ་ཤོར་ ཐུགས་སྤྲོ་བ་དང་ངང་ལས་ ད་ ང་བོད་ཁམས་ཀྱི་གཞུང་ལུ་འགྲོ་བཞིན་ཡིན་ ད་ ཁྱོད་ཀྱིས་སེམས་ཅན་ཐམས་ཅད་ཀྱི་ ཏེ་ འཁོར་བ་སྡུག་སྔལ་ལས་གྲོལ་ ད་ཁྱོད་ཀྱིས་ ཉིན་མཚན་མེད་པར་ ཁྱོད་ཀྱི་གཟིགས་ཤིག་ཡོད་དོ་ཟེར་ཏེ་ ད་ ཁྱོད་ཀྱིས་གཟིགས་རྨ་རེད་ ཉིན་མཚན་འཁོར་བ་མེད་པར།
  • བླམ་པདྨ་རྡོ་རྗེ་ Lam Pema Dorji
    སེམས་ཅན་ཐམས་ཅད་ འཁོར་བ་སྡུག་སྔལ་ལུ་མ་བཏང་ཅིག་ཟེར་ཏེ་ ཨོ་རྒྱན་རིན་པོ་ཆེ་ འ་ནཱི་ ཏེ་ རྣལ་འབྱོར་པ་འདི་ ཁོ་ར་ཐུགས་སྨོན་གནང་ ཞུ་ འབདཝ་ད་ལུ་ ཏེ་ ཡོད་ནི་འདི་གུ་རུ་རིན་པོ་ཆེ་ ག་ཏེ་ཡང་ཡོད་ རྒྱ་གར་ལུ་ཡང་འདུག་ བོད་ལུ་ཡང་འདུག་ ང་བཅས་འབྲུག་ལུ་ཡང་ ཏེ་ ཚད་དང་གྲངས་མེད་པའི་གི་ ཏེ་ ཨོ་རྒྱན་རིན་པོ་ཆེ་ཁོ་ར་གིས་ ཞབས་ཀྱིས་བཅགས་ ཁོ་ར་གིས་ལུང་བསྟན་ གཏེར་མ་ཡོད་ སྲུང་སྐྱབས་ཡང་ཡོད།
  • བླམ་པདྨ་རྡོ་རྗེ་ Lam Pema Dorji
    ད་ འ་ནཱི་ ཞལ་འདི་ཨ་ཙི་མི་འདྲ་ལགས་ མ་འདྲ་དགོ་མི་འདི་ ག་ཅིམ་ཟེར་བ་ཅིན་ ཏེ་ ཨོ་རྒྱན་རིན་པོ་ཆེ་ཁོ་རང་ཡང་ ཏེ་ ཐུགས་སྤྲོ་བ་ལས་ངང་སྟེ་ གནམ་མེད་ས་མེད་ ད་ ང་ འཇིག་རྟེན་གྱི་འཁོར་བའི་གི་ཏེ་ འ་ ལྷོ་ལྗོངས་ཀྱི་ཡུལ་དུ་ ང་གིས་བྱིན་གྱིས་རླབས་ཅིང་ གཏེར་ཁ་ཐམས་ཅད་ ང་གིས་བཞེས་ཞིང་ཟེར་ ཏེ་ ཐུགས་སྨོན་གནང་སྟེ་འབདཝ་ད་ལུ་ཁོ་ར་ཡང་ཐུགས་ སྐྱོ་སྟེ་འབདཝ་ད་ ལོག་སྟེ་ དབུ་འདི་གིས་ ཏེ་ གུ་རུ་རིན་པོ་ཆེ་ལུ་ ཞལ་གད་ཤོར་ཤོརཝ་ཨིན་ཟེར་ཨིན་མས།
  • བླམ་པདྨ་རྡོ་རྗེ་ Lam Pema Dorji
    ཡ་ ཞལ་འཛུམ་དང་ལྡན་པར་བཞུགས་སོ་ཟེར་ ཏེ་ ཁྱོད་དགའ་འཛུམ་ཤིག་ཤི་སྦེ་བཞུགས་རྨ་རེད་ ཁྱོད་ཀྱིས་ ཏེ་ སེམས་ཅན་ཐམས་ཅད་ཀྱི་ ཏེ་ འཁོར་བ་སྡུག་སྔལ་ལས་གྲོལ་ ཏེ་ ཁྱོད་ཀྱི་གཟིགས་ཞིང་ཡོད་ ཁྱོད་ཀྱིས་གཟིགས་རྨ་རེད་ཟེར་ ཏེ་ འ་ནཱི་སྦེ་སྟེ་ གུ་རུ་རིན་པོ་ཆེ་ཁོ་ར་གིས་ ཐུགས་སྨོན་འ་ནཱི་སྦེ་གནང་གནངམ་ཨིན་ཟེར་ཨིན་མས་ལགས།
  • བླམ་པདྨ་རྡོ་རྗེ་ Lam Pema Dorji
    མ་པ་ ནཱ་གི་མཚན་གཉིས་འདུག་ལགས་ མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱིས་ ནཱ་ལུ་ས་བཅགས་ལུང་བསྟན་བཅགས་ཏེ་སྦེ་འབདཝ་ད་ལུ་ བཅགས་མཐར་ཕྱིན་འདི་ ཏེ་ ཡར་བྲག་ཕུག་ནང་ལུ་སྒྲུབ་པ་གནང་ ཉིནམ་བཞི་འབདཝ་ད་ལུ་ ཏེ་ དེ་བསྒང་ལྷ་ཁང་ཡང་མིན་འདུག་ ག་ནི་ཡང་མིན་འདུག་འདི་ནང་ལུ་ ཏེ་ ག་ར་སྒྲུབ་ཁང་ནང་ཨིན་མས་ སྒྲུབ་ཁང་ནང་ལུ་ ཏེ་ ཉམས་སུ་བླང་སྟེ་ འ་ནཱི་སྦེ་བཞུགསན་མ་ཤེས་ ཡ་ ཏེ་ བོད་ལྕང་སྟོད་ལུ།
  • བླམ་པདྨ་རྡོ་རྗེ་ Lam Pema Dorji
    ཏེ་ མོ་ར་གི་ཕོ་བྲང་ མོ་ར་གི་གདན་ས་གཅིག་ཡོདཔ་ཨིན་ཟེར་མས་ འ་ནཱི་དང་ཅོག་རང་གཅིག་པས་ཟེར་ ཡར་ལུང་ཤེས་རིག་བྲག་ཟེར་ ཏེ་ ཏེ་གནས་གཅིག་འ་ནཱི་སྦེ་ ནཱ་གི་མཚན་གཅིག་ འ་ནཱི་སྦེ་འདུག་ལགས་ གཅིག་ ཏེ་ རྟ་མགྲིན་གནས་ཟེར་ཞུ་དགོ་མི་འདི་ ཏེ་ རྒྱུ་རྐྱེན་འདི་ག་ཅི་སྨོ་ཟེར་བ་ཅིན་ ད་ རྟ་མགྲིན་གནས་ སྔོན་མ་ལུ་ ཨོ་རྒྱན་རིན་པོ་ཆེ་ ཁོ་ར་སྐུ་ངོ་འབྱོན་ ཁོ་ར་གིས་ཞབས་ཀྱིས་བཅགས་ཏེ་ ཐུགས་སྨོན་གནང་།
  • བླམ་པདྨ་རྡོ་རྗེ་ Lam Pema Dorji
    ཡོད་པའི་གི་སྐབས་ལུ་ ཏེ་ གཏེར་ཁ་འདི་ མ་བཞེས་པས་ བཞེས་ནི་གི་ཐུགས་འདོད་གནང་འབདཝ་ད་ལུ་ ཏེ་ ང་ལུ་ལུང་བསྟན་ ཨ་ཙི་མིན་འདུག་ཟེར་ ངེ་གི་ཤུལ་དུ་ གཏེར་བཏོན་པ་གཅིག་འབྱོན་ནི་ཡོད་ཟེར་ ཏེ་ འ་ནཱི་གིས་ ཁོ་ལུ་ལུང་བསྟན་ཡོད་ཟེར་འབདཝ་ད་ལུ་ ཏེ་ གཏེར་བཏོན་འབྲུག་གྲགས་རྡོ་རྗེ་འབྱོན་ནུག་ལགས་ནཱ་ལུ་ གཏེར་བཞེས་པ་ འ་ནཱི་གཏེར་བཏོན་འབྲུག་གྲགས་རྡོ་རྗེ་གཏེར་བཞེས་པར་འབྱོན་ ནེམ་འབདཝ་ད་ལུ་ ཏེ་ འ་ནི་སྦེ་ ཁྲོ་བོ་སྦེ།
  • བླམ་པདྨ་རྡོ་རྗེ་ Lam Pema Dorji
    ཏེ་ རྟ་མགྲིན་ཟེར་ཞུ་དགོ་མི་འདི་ དཔལ་རྟ་མགྲིན་ཆེན་པོ་ དབུ་ལས་རྟ་སྦེ་ སྐུ་གཟུགས་འདི་ཁོ་ར་རྟ་མགྲིན་གྱི་ཕྱེད་སྦེ་ དབུ་ལས་རྟའི་རྩེ་རྒྱན་རྐྱབ་སྟེ་འབྱོན་འབྱོནམ་ཨིན་ཟེར་ཏེ་ ལུང་བསྟན་འ་ནཱི་སྦེ་འདུག་ལགས་ནཱ་གི་ ཏེ་ རྟ་མགྲིན་གནས་ཟེར་ དར་ཁྱབ་འགྱོ་དགོ་མི་འདི་ཡང་ ཨིན་ནི་འདི་ ཡར་ལས་ཡར་ལས་སྦེ་ རྟ་མགྲིན་གནས་ཟེར་ཞུཝ་ཨིན་ ཏེ་ མ་པ་གཏེར་བཏོན་འབྲུག་གྲགས་རྡོ་རྗེ་ གཏེར་ཁ་བཞེས་ས་འདི་ ནཱ་ལས་སྦེ་བཞེས་འབྱོན་ནུག
  • བླམ་པདྨ་རྡོ་རྗེ་ Lam Pema Dorji
    སྔོན་མ་ལུ་ལྷ་ཁང་ཡང་མིན་འདུག་ ང་གིས་ཤེས་ འདི་ནང་ལུ་སྐབས་ཅིག་ལུ་ ཏེ་ འ་ནཱི་ཚོང་དཔོན་ཏོག་ཅུང་ཟེར་མི་གཅིག་གིས་ རོགས་ཁོ་གིས་ འདི་ནང་ལུ་ ལྷ་ཁང་གཅིག་བཞེངས་ ནེམ་སྦེ་འབད་ ཏེ་ ཁོ་གིས་འདི་ནང་ལུ་ ཐུན་ཅིག་གནང་ ཁོ་ར་ནེམ་སྦེ་འབད་འདི་ནཱ་བཞུགས་བཞུགསཔ་མ་བཅསཔ་ལས་ ཧེ་མ་ལྷ་ཁང་དང་དེམ་ག་ནི་ཡང་མིན་འདུག་ རོགས་ ལྕང་གི་ནོར་འཚོ་ས་དང་འ་ནཱི་ཨིན་མས།
  • བླམ་པདྨ་རྡོ་རྗེ་ Lam Pema Dorji
    འདི་གི་རྟིང་ལས་ང་ ང་གིས་ཤེས་ཏེ་མ་གཏོགས་ཅིགཔ་ འདི་ནང་ལྷ་ཁང་མ་རྐྱབ་ལགས་ སྔོན་མ་གཏེར་ཁ་ཡང་མེད་ ལྷ་ཁང་ཡང་མེད་ ཏེ་ འ་ནཱི་ས་གནས་འདི་གིས་འབད་ ཏེ་ ཡར་ལུ་ རྟ་མགྲིན་གནས་ཟེར་ཚུལ་ཙམ་ཅིག་ ས་གནས་འདི་ཕོག་མ་གཏོགས་ སྔོན་མ་ལུ་ དང་ཕུ་ལུ་ ཏེ་ ནཱ་ལས་སྦེ་རང་ ཏེ་ འ་ནཱི་རྟ་མགྲིན་དེ་གིས་ གཏེར་བཞེས་པ་ གཏོར་བཏོན་འབྲུག་གྲགས་རྡོ་རྗེ་ ཏེ་ འ་ནཱ་ལས་ ཏེ་ གཏེར་བཞེས་ཏེ་ ད་ གཏེར་ཁ་འདི་ འདི་ནང་ཡོད་ཟེར་ ཏེ་ ཏེ་ རྣམ་མཐར་ནང་ཡང་མིན་འདུག
  • བླམ་པདྨ་རྡོ་རྗེ་ Lam Pema Dorji
    འདི་ནང་ཡང་མིན་འདུག་ ཏེ་ མ་པ་ཚུལ་ཙམ་ཅིག་འདི་ ཏེ་ འ་ གཏེར་བཏོན་འབྲུག་གྲགས་རྡོ་རྗེ་ ཡར་ལས་མར་གཏེར་བཞེས་ཏེ་འབད་འབྱོན་འབདཝ་ད་ལུ་ ཏེ་ མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ ཏེ་ གཏེར་བཏོན་པ་ལུ་ ཞབས་སུ་འབྱོན་ ཕེབས་སུ་འབྱོན་འབྱོནམ་ཨིན་ཟེར་མས་ ཕྱག་ལུ་ ཏེ་ ཕྱག་གཡས་པ་ལུ་ ཚེ་ཆང་བསྣམས་ ཕྱག་གཡོན་པ་ལུ་ ཕྱེ་མར་བསྣམས་ཏེ་ ཏེ་ གཏེར་བཏོན་པ་ ཡ་ གཏེར་བཏོན་པ་ ད་རེས་ཡར་ལས་མར།
  • བླམ་པདྨ་རྡོ་རྗེ་ Lam Pema Dorji
    གཏེར་བཞེས་ཏེ་འབད་འབྱོན་དོ་ཟེར་ ཏེ་ མཁའ་འགྲོ་མ་གིས་ ཏེ་ མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ ཏེ་ ཞབས་སུ་ལུ་འབྱོནམ་ད་ལུ་ ཏེ་ མཁའ་འགྲོ་ གཏེར་བཏོན་པ་གིས་ ཏེ་ ཡ་ མཁའ་འགྲོ་མ་རྣམས་ནས་ རྟེན་འབྲེལ་ལེགས་པར་བཞུགས་སོ་ཟེར་ ཏེ་ ཁྱོད་ཀྱིས་ ད་རེས་རྟེན་འབྲེལ་ལེགས་ཤོམ་འབྱུང་ཡི་ཟེར་ ཏེ་ འ་ནཱི་སྦེ་ བཞེངས་བཞེངས་ས་རང་ ཏེ་ འ་ནཱི་སྦེ་ གཏེར་བཏོན་པ་གིས་ ཏེ་ མཁའ་འགྲོ་མ་ལུ་ འ་ནཱི་སྦེ་ཞུ་ཞུཝ་ཨིན་ཟེར་ཨིན་མས།
  • བླམ་པདྨ་རྡོ་རྗེ་ Lam Pema Dorji
    ཏེ་ འ་ནཱ་ལས་ ཏེ་ མཁའ་འགྲོ་མ་ ལོག་རྒྱབ་བཤུད་རྐྱབ་ ཞབས་གཡས་པ་འདི་ འཐུཝ་ད་ལུ་ ཏེ་ ད་ལྟོ་འ་ནཱི་ ཞབས་གཅིག་འདི་རྡོའི་གུ་འཐོན་ཏེ་ཡོད་ལགས་ འདི་ཡང་ དངོས་སུ་སྦེ་མཇལ་ནི་ཡོད་ འ་ནཱི་གི་ ལོག་སྟེ་ མཁའ་འགྲོ་མ་གིས་ ཏེ་ གཏེར་བཏོན་པ་ལུ་ ཡ་ ད་ འཇུག་མ་འོང་གི་མཐའ་མ་ ངེ་གི་ཞབས་རྗེས་འདི་ འོག་ཕྱོགས་ཀླུ་ལུ་ཐིམ་ཏེ་གིས་ ཏེ་ འདུལ་བྱ་རྫོགས་ཏེ་འདུག་ཟེར།
  • བླམ་པདྨ་རྡོ་རྗེ་ Lam Pema Dorji
    འོག་ཕྱོགས་ཀླུ་ལུ་ ཐིམ་ནི་ཉེན་ཁ་འདུག་ཟེར་འབདཝ་ད་ལུ་ ཡ་ ད་ ཇི་སྲིད་འཁོར་བ་བསྐལ་པ་ནམ་གནས་ཀྱི་བར་དུ་ ཁྱོད་ཀྱི་ཞབས་རྗེས་འོག་ཕྱོགས་ཀླུ་ལ་ མ་ཐིམ་ཤིང་ ཐབས་བྱས་ཤིང་ཟེར་ ཏེ་ རྡོ་འདི་ཡར་ལྷོག་འབད་སྦེ་ ཏེ་ ད་ལྟོ་ཞབས་རྗེས་མར་ལས་ཡར་སྦེ་མཇལ་དགོ་ལགས། འདི་ཡང་ངོ་མ་སྦེ་རང་མཇལ་ནི་ཡོད་ ཞབས་གཡས་པའི་གི་ཞབས་རྗེས་འདི་ འ་ནཱི་སྦེ་ ཁོ་ར་གི་ཞབས་ལྷམ།
  • བླམ་པདྨ་རྡོ་རྗེ་ Lam Pema Dorji
    གྲྭ་ལྷམ་བཞེས་ཏེ་ཨིན་པས་ ཁོང་རའི་མཁའ་འགྲོ་མ་འདི་ཚུ་གི་ ཏེ་ ཞབས་ལྷམ་བཞེས་ནི་ཡོད་བ་སྨོ་ མ་པ་འ་ནཱི་བཟུམ་སྦེ་ འ་ནཱི་དངོས་སུ་སྦེ་མཇལ་ནི་ཡོད་ འ་ ཨོ་རྒྱན་རིན་པོ་ཆེ་ འ་ནཱི་ ད་ལྟོ་ཡར་སྒྲུབ་ཁང་ནང་ལུ་ ག་ཅི་སྨོ་ཟེར་བ་ཅིན་ ཏེ་ འ་ནཱི་ཚུར་ཁ་ཐུག་ལུ་ གུ་རུ་རིན་པོ་ཆེའི་གི་ རྟ་མཆོག་བ་ལ་ཧ་གི་ ཆིབས་པའི་གི་ཞབས་རྗེས་ ང་བཅས་རྟ་མར་ ཁ་མར་བདའ་འགྱོཝ་ད་ལུ་ ཏེ་ འདམ་པའི་ནང་ལུ་ཞབས་རྗེས།
  • བླམ་པདྨ་རྡོ་རྗེ་ Lam Pema Dorji
    རྐང་རྗེས་ རྟའི་རྐང་རྗེས་ཐོན་བཟུམ་སྦེ་ འ་ནཱི་ རྟ་མཆོག་བ་ལ་ཧ་གི་ཞབས་རྗེས་འདི་ཚུ་ ཆིབས་པའི་གི་ཞབས་རྗེས་འདི་ཚུ་ཡང་ ཏེ་ དོད་རིལ་རི་སྦེ་མཇལ་ནི་ཡོད་ ཡར་སྒྲུབ་ཁང་ནང་ལུ་ ཏེ་ ཕྱི་ཁ་ཐུག་ལུ་ གུ་རུ་རིན་པོ་ཆེ་ཁོ་ར་གི་ ཉམས་སུ་བཏང་པའི་གི་ ཁོ་ར་གིས་ སྒྲུབ་རྟགས་མཛད་མཛད་པའི་གི་ བདུད་རྩི་ཡང་ ཏེ་ བདུད་རྩི་འབྱོན་འབྱོནམ་འདི་ཚུ་ ད་ཅི་ལས་ཞུ་ཚར་ཡི་ ནཱ།
  • བླམ་པདྨ་རྡོ་རྗེ་ Lam Pema Dorji
    ད་ འ་ནཱ་ལས་མར་ དེ་ལསནི་ ཏེ་ ལོག་སྟེ་ ཏེ་ ཨོྱན་གུ་རུ་རིན་པོ་ཆེ་ཁོ་ར་གིས་ བྱིན་གྱིས་རླབས་པའི་ ནཱི་ཕར་ཚུར་ལུ་ མཐའ་འཁོར་ལུ་གནས་ ལེ་ཤཱ་ཡོད་ལགས། ཏེ་ གཏེར་ཁ་འབབ་པའི་གི་གནས་ ཕར་འབབ་པའི་སྐོར་ལས་ཚུ་གནས་ གནས་དང་པོ་ སྒོ་གཉིས་པ་ཟེར་ སྒོ་གཉིས་པ་ དེ་ལསནི་སྒོ་གསུམ་པ་ འ་ནཱ་ལས་ཕར་ལུ་ ཏེ་ ཁོ་ར་གི་གཏེར་ཁ་འདི་ཚུ་འབབས་འབབསཔ་ གསེར་གྱི་བུམ་པ་ གསེར་གྱི་གླེགས་བམ་འདི་ཚུ་འབབས་འབབས་བའི་གི།
  • བླམ་པདྨ་རྡོ་རྗེ་ Lam Pema Dorji
    གནམ་ལྕགས་ཀྱི་ རལ་གྲི་དང་བཅས་པ་སྦེ་ ཏེ་ ངོ་རྟགས་འདི་ཚུ་ཡང་འ་ནེ་སྦེ་ དེ་ལསནི་ཏེ་ ཚུར་ཁ་ཐུག་གི་བྲག་འདི་གུ་ མཁའ་འགྲོ་མ་འདི་གི་བྷ་ག་དང་བཅས་པ་ མཁའ་འགྲོ་མ་གི་སྐུ་གཟུགས་ གཡས་དུ་ དཔལ་ཆེན་རྡོ་རྗེ་བཞིན་དུ་གི་སྐུ་རང་འབྱུང་ཟེར་ གཡོན་ཁ་ཐུག་ལུ་ བྲག་དམར་གྱི་དཔེ་བཞིན་དུ་ གུ་རུ་དྲག་པོ་གི་ བྲག་དམར་གྱི་གནས་ཟེར་ ད་ ཨ་ཕི་ཁ་ཐུག་ལུ་ ཏེ་ ཞལ་མར་འགོརཝ་ད་ལུ་ གཡོན་ཁ་ཐུག་ལུ།
  • བླམ་པདྨ་རྡོ་རྗེ་ Lam Pema Dorji
    བྲག་དམར་གྱི་གནས་ཨིན་མས་ གཡས་ཁ་ཐུག་ལུ་ ཏེ་ ཕུར་པ་ འ་ནཱི་གཏེར་ཁ་སྦ་ས་གི་ འདི་ནང་ལུ་ ཏེ་ རྡོ་འདི་ ང་བཅས་འབད་བ་ཅིན་ ད་ རྡོ་སྦེ་བྱག་སྦེ་མཇལཝ་མས་ འ་ནཱི་དཔེ་བཞིན་དུ་ རྡོ་རྗེ་བཞིན་དུ་ཕུར་པ་ལྷ་ཚོགས་ཀྱི་ སྐུ་བྲག་ལུ་ གཏེར་ཁ་འདི་འ་ནཱ་ཕོ་བའི་ནང་སྦ་སྟེ་ཡོདཔ་ཨིན་ཟེར་ ཏེ་ འ་ནཱི་ངོ་རྟགས་འདི་ཚུ་ཡང་ གསལ་རིལ་རི་སྦེ་མཇལ་ནི་ཡོད་ལགས། ད་ ནཱ་ལྷ་ཁང་ནང་གི་རྟེན་ ཨོྱན་རིན་པོ་ཆེ་ དེ་ལས་ ལོག་སྟེ།
  • བླམ་པདྨ་རྡོ་རྗེ་ Lam Pema Dorji
    དེ་ ང་བཅས་ཀྱི་ རྒྱལ་སྲས་བསྟན་འཛིན་རབ་རྒྱས་ སྐུ་ཕྲེང་གོང་པ་ སྡེ་སྲིད་ཚེ་དབང་བསྟན་འཛིན་ལུ་ ཏེ་ གསུངས་ཏེ་ འ་ནཱི་སྦེ་ འདུལ་བྱ་གི་གསུངས་འབྱོན་འབྱོནམ་པའི་ལོ་རྒྱུས་འདུག་ལགས། གསུངས་འདི་ ཏེ་ ག་དེ་སྦེ་འབྱོན་འབྱོནམ་སྨོ་ཟེར་འདི་ འདུལ་བྱ་མ་འོངས་ཀྱི་མཐའ་མ་ལགས་ ཏེ་ སེམས་ཅན་ཐམས་ཅད་ འཁོར་བ་སྡུག་བསྔལ་ལས་གྲོལ་ཏེ་གིས་ ཏེ་ ངའི་གཟིགས་ཏེ་ཡོད་ཟེར་ ཏེ་ ཨོ་རྒྱན་རིན་པོ་ཆེ་གིས་ ཏེ་ འ་ནཱི་སྦེ་ ཏེ།
  • བླམ་པདྨ་རྡོ་རྗེ་ Lam Pema Dorji
    ཁོ་གིས་ བལྟཝ་འོང་ཟེར་ཏེ་ སེམས་ཅན་ཐམས་ཅད་ འཁོར་བ་སྡུག་བསྔལ་ལུ་མ་སྨྱོང་པའི་གི་ ང་ལུ་ཡིད་གཉིས་ཐེ་ཚོམ་མེད་ན་ གསོལ་བ་ང་ལུ་བཏབ་གནང་ ཏེ་ ང་གིས་མ་གཟིགས་པའི་གི་དཔེ་མེད་ཟེར་ཏེ་དེ་ འ་ནཱི་སྦེ་ གསུངས་འབྱོན་འབྱོན་པའི་ལོ་རྒྱུས་གཅིག་ཡང་འདུག་ལགས། འདི་ཚུ་ཡང་ ཏེ་ འ་ནཱི་གི་ལོག་སྟེ་ ཏེ་ ད་ལྟོ་གུ་རུ་རིན་པོ་ཆེ་གི་སྐུ་རྒྱབ་ལུ་ འཕགསཔ་སྤྱིན་རས་གཟིགས་ ཕྱག་བཞི་གཅིག་ཡོད་ལགས།
  • བླམ་པདྨ་རྡོ་རྗེ་ Lam Pema Dorji
    འ་ནཱི་ ཕ་ཇོ་འབྲུག་སྒོམ་ཞིག་པོ་ ད་ སྟོབས་ལྡན་ཕ་ཇོ་ཟེར་མི་འདི་ ག་ཏེ་ལུ་འབྱོནམ་ཨིན་ན་ ག་གིས་ཡང་མ་མཁྱེནམ་མེད་སྨོ་ བོད་ལས་མར་འབྱོན་ནུག་ བོད་གཙང་སྟོད་ལས་མར་འབྱོན་ནུག་ ཏེ་ ལུང་བསྟན་འདི་ ང་བཅས་ཀྱི་ ལྷོ་ལྗོངས་ཀྱི་ཡུལ་དུ་ཟེར་ཏེ་དེ་ ང་བཅས་ཀྱི་ ལྷོ་ལུ་ འབྲུག་པ་བཀའ་བརྒྱུད་ཀྱི་བསྟན་པ་བཙུགས་མི་ ཕ་ཇོ་འབྲུག་སྒོམ་ཞིག་པོ་ འདུལ་བྱ་གི་མཛད་པ་འབྱོན་ནུག
  • བླམ་པདྨ་རྡོ་རྗེ་ Lam Pema Dorji
    ད་ འ་ནཱི་ འབྱོནམ་ད་ལུ་ ཏེ་ ཡར་ལས་མར་ལུ་ ཏེ་ དེ་བསྒང་ལུ་ང་བཅས་ ཐིམ་ཕུག་ལུང་པ་ལུ་ ཏེ་མི་རློབས་སྦེ་ཡང་མ་དར་བས་ དེ་བསྒང་འདི་ རྒྱལ་ཁབ་ཡང་ ཡར་རྒྱས་མ་འགྱོ་བས་ ཆོས་ཀྱི་བསྟན་པ་ཡང་ གནམ་མེད་ས་མེད་མ་དར་བས་ དེ་བསྒང་ལུ་ ཏེ་ ང་བཅས་ཀྱི་ཞབས་རིན་པོ་ཆེ་ ཡར་ལས་མར་འབྱོན་ཏེ་ ག་ར་ཏེ་ ཁོ་ར་ཡང་ གནམ་མེད་ས་མེད་ ཐུགས་སྨྱ་ངན་དང་ལྟ་བུ་བཅས་པའི་ ཏེ་ སྐྱིད་ཏོང་ཏོ་བཞུགས་མ་ཚུགས་པའི་དུས་འདི་ལུ་ཨིན་པས།
  • བླམ་པདྨ་རྡོ་རྗེ་ Lam Pema Dorji
    ག་ཏེ་བཞུགས་རུང་ སྐྱིད་ཏོང་ཏོ་ བཞུགས་ནི་མེདཔ་འབད་སྦེ་ ཏེ་ གནམ་མེད་ས་མེད་ འཚུབས་ཆེ་དྲག་ བོད་ལས་མར་ལུ་ ཏེ་ གནམ་མེད་ས་མེད་ འཚུབས་བཅད་བསྐྱལ་ འ་ནཱི་སྦེ་བཞུགས་པའི་དུས་ལུ་ འ་ནཱི་གི་སྐབས་འདི་ལུ་ ཏེ་ ཕ་ཇོ་འབྲུག་སྒོམ་ཞིག་པོ་ བོད་གཙང་སྟོད་ལས་མར་འབྱོན་ ཏེ་ ད་ལྟོ་ ལུང་བསྟན་ཟམ་པ་ཟེར་མི་འདི་ ག་གིས་ཡང་ མ་མཁྱེནམ་མིན་འདུག་ ག་གིས་ཡང་ཤེས་འོང་ ཏེ་ད་རང་གིས་ཚུལ་ཙམ་ཅིག
  • བླམ་པདྨ་རྡོ་རྗེ་ Lam Pema Dorji
    ཏེ་ རང་གིས་ཞུ་ནེམ་སྦེ་འབད་བ་ཅིན་ ནཱ་གི་གནས་ནང་ལུ་ ཏེ་ ཡོད་དོ་བཟུམ་འབད་བ་ཅིན་ ཏེ་ འ་ནཱི་ ཕ་ཇོ་འབྲུག་སྒོམ་ཞིག་པོ་འདི་དེ་ བོད་གངས་ཅན་ལྗོངས་ལས་མར་ ཏེ་ ཡར་ རྟ་མགོ་ལྕགས་རི་མར་ གླིང་གཞི་ལས་མར་ཕེབས་ཏེ་འབྱོན་ཏེ་ ཏེ་ ཨ་ཕར་ལུང་བསྟན་ཟམ་པ་དེ་བསྒང་ ཏེ་ ནགས་ཚལ་ སྡུག་པ་ཅན་ ད་ལྟོ་ མི་ཡང་ད་ལྟོ་བཟུམ་སྦེ་མིན་འདུག་ ཁྱིམ་ཡང་མིན་འདུག་ དེ་བསྒང་མི་རེ་རེ་ རེ་རེ་ འ་ནཱི་སྦེ་ ཏེ་ གནམ་མེད་ས་མེད་ང་བཅས་ཀྱི།
  • བླམ་པདྨ་རྡོ་རྗེ་ Lam Pema Dorji
    ཏེ་ ལྷོ་རོང་ཟེར་ཏེ་ ལྷོ་རོང་རང་ཨིན་པས་ རོང་དོག་དྲག་གཅིག་ནང་ལུ་ གནམ་མེད་ས་མེད་མི་ཡང་མེདཔ་སྦེ་ འ་ནཱི་ཁོང་རང་ ཏེ་ རྒྱལ་བ་གོང་མ་འདི་ཚུ་གིས་ ལུང་བསྟན་གྱི་ལྟར་དུ་འབྱོན་ཏེ་ ཏེ་ ཕ་ཇོ་འབྲུག་སྒོམ་ཞིག་པོ་ ཨ་ཕི་ནང་ཕེབས་སྦེ་འབདཝ་ད་ལུ་ ཏེ་ མཁའ་འགྲོ་བསོད་ནམས་དཔལ་སྒྲོན་ ཚེ་ཧེམ་རང་རང་ས་གི་ལུང་བསྟན་ འདུལ་བྱ་སྲས་བཞི་འཁྲུང་ནི་གི་ལུང་བསྟན་ ཏེ་ ཕ་ཇོ་འབྲུག་སྒོམ་ཞིག་པོ་གི་སྲས་འཁྲུང་ནི་གི་ལུང་བསྟན་འདི་ མོ་ལུ་འབབས་ཏེ།
  • བླམ་པདྨ་རྡོ་རྗེ་ Lam Pema Dorji
    ཏེ་ འ་ནཱ་ལས་ ཏེ་ ཨ་ཕི་ནང་ལུ་ ཏེ་ ཡ་ ཁྱོད་ལུ་ལུང་བསྟན་ཡོད་ཟེར་ ཏེ་ འ་ནཱི་བུམོ་འདི་དང་གཅིག་ཁར་ལུ་ ཁྱོད་ལུ་ལུང་བསྟན་ཡོད་སྨ་རེ་ཟེར་ ཏེ་ ད་ལྟོ་ལུང་བསྟན་ཟམ་པ་ཟེར་ སའི་མིང་ཡང་ འདི་འཐོབ་སྟེ་ དེ་ ད་ལྟོ་ག་ར་ཀུན་གྱིས་ཤེས་ས་ ཏེ་ འ་ནཱི་ཕ་ཇོ་དང་ མཁའ་འགྲོ་བསོད་ནམས་དཔལ་སྒྲོན་ ཏེ་ ཕི་ནང་ལུ་ ཏེ་ ཁོ་རང་གིས་ ཏེ་ ཞལ་ཆེམས་གནང་ ཁོང་ར་གིས་ འདུལ་བྱ་དང་ལུང་བསྟན་འདི་ཚུ་ཡང་ག་ར་ཕི་ནང་ལུ་མཛད།
  • བླམ་པདྨ་རྡོ་རྗེ་ Lam Pema Dorji
    གསུང་གྲོས་མཛད་འབད་སྦེ་ ང་བཅས་མི་འབད་བ་ཅིན་ ངོ་ཤེསཔ་བཅར་ཤེསཔ་བཟོ་འབད་སྦེ་ ཏེ་ ཁོང་ར་གི་ལུང་བསྟན་གྱི་ལྟར་དུ་སྦེ་ ཏེ་ འ་ནཱ་ད་ལྟོ་ལུང་བསྟན་ཟམ་པ་ཟེར་མི་ མིང་བཏགས་དགོ་མི་ཡང་ དེ་སྦེ་དར་ནུག་ ཏེ་ འ་ནཱ་ལས་ ཏེ་ དུས་ནམ་ཅིག་ལུ་ ཏེ་ མཁའ་འགྲོ་མ་སྐུ་གཏམས་(?) ད་ མཁའ་འགྲོ་བསོད་ནམས་དཔལ་སྒྲོན་གྱི་ལུང་བསྟན་འདི་ ག་ཅི་སྨོ་ཟེར་བ་ཅིན་ སྔོན་མ་ལུ་ སྐུ་ཚེ་གོང་མ་གི།
  • བླམ་པདྨ་རྡོ་རྗེ་ Lam Pema Dorji
    མོ་ར་ ཏེ་ ཕ་དམ་པ་སངས་རྒྱས་ཀྱི་ སྐུ་ཚེ་གོང་མ་ མ་ཅིག་ལབ་ཀྱི་སྒྲོན་མའི་རྣམ་སྤྲུལ་ ལྷ་ཡི་གི་སྟེང་དུ་ ལྷ་ཡི་གི་ཞིང་ཁམས་ལུ་བཞུགས་ནུག་ ལོག་སྟེ་ མཁའ་འགྲོ་བསོད་ནམས་དཔལ་སྒྲོན་གྱི་ལུང་བསྟན་གུ་ལྷོདཔ་ད་ལུ་ ཏེ་ འཇིག་རྟེན་གྱི་ཁམས་འདི་ནང་ལུ་འབྱོན་ནུག་ འཇིག་རྟེན་གྱི་ཁམས་འདི་ནང་ལུ་ཏེ་འབྱོན་ ནེམ་སྦེ་འབདཝ་ད་ལུ་ ཏེ་ ང་བཅས་ཀྱི་ཕ་ཇོ་འབྲུག་སྒོམ་ཞིག་པོ་ འབྲུག་པ་བཀའ་བརྒྱུད་ཀྱི་བསྟན་པ་སྲུང་མི་གི་ ཏེ།
  • བླམ་པདྨ་རྡོ་རྗེ་ Lam Pema Dorji
    ལུང་བསྟན་འདི་མོ་ལུ་འབབས་ཏེ་ ཏེ་ འ་ནཱི་གི་ ཏེ་ ཕ་ཇོ་དང་ ཁོང་ར་གཉིས་ ཏེ་ ལུང་བསྟན་མཛད་དེ་སྦེ་བཞུགས་པའི་སྐབས་སུ་ལུ་ ཏེ་ དུས་ནམ་ཅིག་ལུ་ ཏེ་ ད་ལྟོ་ ཏེ་ སྲས་འཁྲུངས་ས་འདི་ཡང་ ཏེ་ད་ཀུན་གྱིས་མཁྱེན་ ད་ སློབ་དཔོན་བུ་གིས་ཡང་མཁྱེནམ་འོང་ ཏེ་ ད་ལྟོ་ཡང་ རྒྱ་ནག་མཚམས་པ་ཟེར་ ང་བཅས་ཡར་རྟ་མགོ་ལྕགས་རི་འགྱོ་ས་གི་ཡར་ ཧཱའི་ཌཱལ་(ཆུའི་གློག་)གྱི་ལྟག་ལུ་ ལུངམ་ཅིག་ནང་ལུ།
  • བླམ་པདྨ་རྡོ་རྗེ་ Lam Pema Dorji
    ཏེ་ བྱག་ཕུག་ སྔོན་མ་ང་གིས་ཡང་ཚར་གཅིག་མཇལ་ཡི་ འ་ནཱི་བྱག་ཕུག་ནང་ལུ་ ཏེ་ སྐུ་འཁྲུངས་ སྐུ་འཁྲུངས་ཏེ་གིས་འབད་ ཏེ་ འདི་ནང་ལུ་ ཏེ་ སྲས་བཞི་འཁྲུངས་ནུག་ སྲས་དང་པ་ལུ་ སྲས་ཉི་མ་ལོ་ སྲས་ལྷག་པ་ལོ་ སྲས་དྲག་པ་ལོ་ཟེར་མི་འདི་ཚུ་ཡང་ འ་ནཱི་ནང་ལུ་ ཏེ་ སྲས་འཁྲུངས་ཏེ་འབད་དེ་ ལོག་སྟེ་ མཁའ་འགྲོ་མ་ ཏེ་ སྐུ་སྨྱ་ངན་ལྟ་བུ་ ང་བཅས་འབད་བ་ཅིན་ ནདཔ་བཟུམ་ཅིག་འབད་དེ་བཞུགས་ནུག
  • བླམ་པདྨ་རྡོ་རྗེ་ Lam Pema Dorji
    ཏེ་ ཁོ་ར་གིས་ ཏེ་ མོ་ར་ཐུགས་དྲན་པ་ཡོདཔ་བཟུམ་ མེདཔ་བཟུམ་ཅིག་སྦེ་ ཏེ་ འ་ནཱི་སྦེ་ ཏེ་ སྨྱ་ངན་ལྟ་བུ་ཅིག་བཞུགསཔ་ད་ལུ་ ཏེ་ ཡབ་ཀྱིས་ ཡ་ ད་ ཁྱེད་རྣམས་པར་ ཁྱེད་ཆ་ཁྱབ་ ད་ སྒལ་ཏོ་གུ་འབག་ ལག་པར་འཁྱིད་ ལྟོ་གཅིག་འབད་དེ་ གསོ་བའི་ལུང་བསྟན་མེད་ཟེར་ ཏེ་ ད་ རང་རང་སོ་སོ་གི་གནས་དུ་འདུལ་བྱ་ག་ཏེ་ཨིན་ན་ ཁྱེད་རང་འབྱོན་སྨ་རེ་ཟེར་ཏེ་དེ་ ཡབ་ཀྱིས་ པུ་ར་(ག་ར་)ཆུ་ནང་བཤགས་བཏང་བཏངམ་ཨིན་ཟེར་མས།
  • བླམ་པདྨ་རྡོ་རྗེ་ Lam Pema Dorji
    ཆུ་ནང་བཤགས་ཏེ་འབད་ ཏེ་ འ་ནཱི་སྦེ་བཏང་ ད་ ཁྱེད་རང་ཆ་ཁྱབ་ལུང་བསྟན་དང་འཁྲིལ་ཏེ་ ཏེ་ བྱོན་ཤིག་ཟེར་ ཏེ་ ག་ཏེ་ཨིན་རུང་ཟེར་ ཡུམ་ལས་སྐུ་གཟུགས་ལས་འཁྲུངས་ཚརཝ་ཅིག་རང་ཨིན་པས་ ཏེ་ འ་ནཱི་སྦེ་ ཆུ་ནང་བཤགས་བཏང་ ནེམ་སྦེ་འབདཝ་ད་ལུ་ ཏེ་ འ་ནཱ་ སྲས་དམ་པ་ཟེར་མི་འདི་ ད་ ད་ལྟོ་མར་ སྲམ་རྫིང་ཁར་ཟེར་ སྲམ་རྫིང་ཁར་ཟེར་ཞུ་དགོ་མི་འདི་ རྫིང་ཁར་ཟེར་མི་འདི་ ཏེ་ འ་ ད་རེས།
  • བླམ་པདྨ་རྡོ་རྗེ་ Lam Pema Dorji
    ཕལ་སྐད་ནང་བཟུམ་ཅིག་ བློ་ད་འ་ནཱི་སྦེ་ཡོདཔ་ཨིན་པས་ ཕར་སླབ་ཐངས་འདི་ དུམ་གྲ་ཅིག་ ཏེ་ སྔོན་མ་ལུ་ སྲམ་རྫིང་ཟེར་ ཏེ་ ང་བཅས་རའི་འ་ནཱ་ ཆུ་ནང་ཉ་ཟ་མི་གི་སྲམ་འདི་ སྲམ་འདི་ལུ་སྤྲུལ་ཏེ་འབད་དེ་ ཏེ་ ད་ལྟོ་མར་ ཏེ་ སྲམ་མར་རྫིང་ཁར་ཟེར་ འ་ནཱ་སྲམ་ལུ་སྤྲུལ་ཏེ་འབད་ ཏེ་ ནཱ་འབྱོན་འབྱོནམ་ཨིན་ཟེར་ཨིན་མས་ ཏེ་ ཁོ་ར་ དགུང་ལོ་ལུ་གསུམ་ དེ་ཅིག་ཁར་ ནཱ་དགུང་ལོ་ལྔ་ལངས་ནུག་ དགུང་ལོ་ལྔ་ལངསམ་ད་ལུ་ ཏེ་ འཕགསཔ་སྤྱིན་རས་གཟིགས་ ཁོ་རའི་ཡབ་འདི།
  • བླམ་པདྨ་རྡོ་རྗེ་ Lam Pema Dorji
    འཕགསཔ་སྤྱིན་རས་གཟིགས་ཀྱི་ ཏེ་ སྐུ་ཤ་ལུས་པོ་ངོ་མ་ཨིན་པས་ འཕགསཔ་སྤྱིན་རས་གཟིགས་ཀྱི་སྤྲུལ་པ་ ཁོ་ར་སྟོབས་ལྡན་པ་དངོས་སུ་ཨིན་པས་ ཏེ་འ་ནཱི་ གཉིད་ལམ་ནང་ལུ་ ཏེ་ ཁོ་ར་ འཕགསཔ་ སྤྱན་རས་གཟིགས་ཀྱི་ ཏེ་ སྤྲུལ་པ་སྐྱེས་ཏེ་འབད་ ཏེ་ སྲས་འདི་གིས་ ཏེ་ སྐུ་མདུན་ལུ་ འ་ནཱི་སྦེ་ ཏེ་ གཉིད་ལམ་ནང་ལུ་ འ་ནཱི་སྦེ་འབྱོན་འབདཝ་ད་ལུ་ ཏེ་ འདི་གི་ནངས་པ་དྲོ་པ་ གཉིད་ཚོརཝ་ཅིག་ ཡ་ མདངམ་ཕྱི་རུ་ ང་ འཕགསཔ་སྤྱིན་རས་གཟིགས་འདི་ སྐུ་དངོས་སུ་མཇལ་ཡི།
  • བླམ་པདྨ་རྡོ་རྗེ་ Lam Pema Dorji
    ང་སྤྱིན་རས་གཟིགས་ཀྱི་སྐུ་འདྲ་གཅིག་བཞེངས་དགོ་པས་ཟེར་འབདཝ་ད་ལུ་ ཏེ་ འ་ནཱི་ཐོག་གཅིག་བཞེངས་ཚརཝ་ཅིག་ ཏེ་ ཡར་ལྟག་གི་འདི་ ཏེ་ རང་འབྱུང་སྦེ་འབྱོན་འབྱོནམ་ཨིན་ཟེར་ འ་ནཱི་ད་ལྟོ་གུ་རུ་གི་སྐུ་རྒྱབ་འདི་ དེ་ཏེ་ འཕགསཔ་སྤྱིན་རས་གཟིགས་སྐུ་རང་འབྱུང་འདི་ སྲས་དམ་པ་གི་ཕྱག་བཟོ་ཨིན་པས་ལགས། ཏེ་ གསུངས་འབྱོན་པའི་ལོ་རྒྱུས་མིན་འདུག་ ཏེ་ འ་ནཱི་ཡར་ལྟག་ལས་ཀྱི་འདི་ ཞལ་ ཞལ་བཅུ་ཐམ་འདི་ ཏེ་ ཁོ་ར་རང་འབྱུང་སྦེ་འབྱོན་འབྱོནམ་པའི་ ཏེ་ འ་ནཱི་འདུག་ལགས་ ནཱ་ རྣམ་ཐར་འདི་ཚུ་ནང་ལུ།
  • བླམ་པདྨ་རྡོ་རྗེ་ Lam Pema Dorji
    ལྷ་ཁང་འདི་ ཏེ་ མ་པ་འབྱོན་ནི་འདི་དེ་ ང་བཅས་འབྲུག་པ་བཀའ་བརྒྱུད་ཀྱི་བླ་མ་ མཁས་སྒྲུབ་དར་བསྟན་པ་ པན་དི་ཏ་ཁོང་གཉིས་གསུམ་ཅིག་འབྱོན་ནུག་ལགས་ མཐོང་དབང་ཤཀྱཱ་རིན་ཆེན་ཟེར་མི་ རྒྱལ་བ་ཤཱ་ཀྱ་འབྱོན་ནུག་ལགས་ དེ་ལསནི་ཕར་ ང་བཅས་ཀྱི་ ཞབས་དྲུང་གི་ སྐུ་ཕྲེང་གཉིས་པ་ གསོལཝ་ལ་བྱམས་མགོན་ངག་དབང་འཕྲིན་ལས་ཟེར་འདི་ བྱམས་མགོན་ཡང་འབྱོན་ནུག་ལགས།
  • བླམ་པདྨ་རྡོ་རྗེ་ Lam Pema Dorji
    དེ་ལསནི་ རྗེ་ ཀུན་དགའ་རྒྱ་ ནཱ་ རྗེ་ཀུན་དགའ་རྒྱ་མཚོ་ཟེར་མི་འདི་འབྱོན་ནུག་ ཧོང་མཚོ་བཀྲ་ཤིས་སྒང་གདན་ས་བཅགས་མི་ དེ་ལས་ཡར་ མདོ་སྡེ་བྲག་ གདན་ས་བཅགས་མི་ རྗེ་ཡོན་ཏན་མཐའ་ཡས་ཟེར་མི་འདི་འབྱོན་ནུག་ལགས། ད་ སྡེ་སྲིད་ཚེ་དབང་བསྟན་འཛིན་ཟེར་མི་འདི་ ཡར་ལས་མར་མ་པ་ ལྷ་ཁང་གདན་དྲངས་མི་འདི་ དེ་ སྡེ་སྲིད་ཚེ་དབང་བསྟན་འཛིན་ ཀུན་མཁྱེན་པད་མ་དཀར་པོ་ ང་བཅས་ཀྱི་ འ་ ད་ལྟོ་ཡར་རྟ་མགོ་ལུ་བཞུགས་མི་གི་སྤྲུལ་སྐུ།
  • བླམ་པདྨ་རྡོ་རྗེ་ Lam Pema Dorji
    རྒྱལ་སྲས་བསྟན་འཛིན་རབ་རྒྱས་ཀྱི་ སྐུ་ཕྲེང་གོང་མ་གིས་ ཏེ་ འ་ནཱི་གི་སྐབས་ལུ་ ཏེ་ འ་ནཱི་ ཡར་ལས་མར་གྱི་ ཏེ་ ལྷ་ཁང་འདི་ ནཱ་ གུ་རུ་འདི་ཡར་ལས་མར་གདན་དྲངས་ ཏེ་ ཡར་ལས་མར་གཟིགསཔ་ད་ལུ་ འ་ནཱ་སྤང་ཆུང་ཀུ་ཅིག་ནང་ བྱག་གི་སྐེད་པ་ལུ་ ཏེ་ སྤང་ཆུང་ཀུ་གཅིག་ནང་ལུ་ ཏེ་ འ་ནཱི་སྦེ་ཉིམ་ཤར་འབད་སྦེ་ ཏེ་ འ་ནཱི་ གཞན་ཁ་ལུ་ ཆརཔ་རྐྱབ་ད་ འདི་ནང་ཉིམ་ཤར།
  • བླམ་པདྨ་རྡོ་རྗེ་ Lam Pema Dorji
    གཞན་ཁར་ལུ་ཉིམ་ཤརཝ་ད་ འདི་ནང་ལུ་ ཏེ་ མེ་ཏོག་གིས་ཆར་ ཡར་ལས་མར་གཟིགསཔ་ད་ འུམ་ ད་ ཁོ་གིས་འདུལ་བྱ་འདི་ འ་མི་ནང་འོང་མས་ འདི་ནང་ལུ་ ཏེ་ ས་སྒོ་ཡང་དོག་དྲག་ཨིན་མས་ འཇུག་མ་འོང་གི་ནང་ འདི་ནང་ལུ་ ཏེ་ མཇལ་ཁ་ཞུ་མི་ཡང་དཀོན་སུ་ཅིག་འོང་ནི་མས་ བྲག་དོག་དྲག་ཅིག་ནང་ཨིན་མས་ཟེར་ འ་ནཱི་གི་སྐབས་ལུ་ ཏེ་ མཁྱེན་ཆེན་བསོད་ནམས་འོད་ཟེར་ཟེར་མི་འདི།
  • བླམ་པདྨ་རྡོ་རྗེ་ Lam Pema Dorji
    འ་ནཱི་གི་སྐབས་ལུ་ཁོ་གི་གདན་ས་འདི་ ཕར་སྤ་རོ་ཆུ་སྦུག་ཨིན་མས་ལགས་ མཁྱེན་ཆེན་བསོད་ནམས་འོད་ཟེར་ཟེར་མི་འདི་གིས་ ཨ་ཡར་ལས་མར་ གདན་དྲངས་ཏེ་སྦེ་ ནཱ་ལུ་སྒྲུབ་ཁང་ཆུང་ཀུ་ཅིག་ འ་ནེ་སྦེ་ ཏེ་ ཡར་ལས་མར་གུ་རུ་དང་ ནེ་ཚུ་ ད་འ་ནཱི་སྦེ་ཡར་ལས་མར་ཞུ་སྟེ་སྦེ་ སྒྲུབ་ཁང་འ་ནེ་སྦེ་བཅགས་ནུག་ འ་ནཱ་ལས་ ཏེ་ འ་ རྗེ་ཡེ་ཤེས་སེང་གེ་གི་སྐབས་ལུ་ ཏེ་ བཞུགས་ནུག་ལགས་ ནཱ་ལུ།
  • བླམ་པདྨ་རྡོ་རྗེ་ Lam Pema Dorji
    སྒྲུབ་པ་གནང་ རྟགས་མཚན་གནང་ ཕུར་པའི་གི་མངོན་པ་གནང་ འ་ནཱི་འདི་ཚུ་ཡང་ ཏེ་ བདུད་རྩི་འདི་ཚུ་ཡང་ ཡར་ཐོན་པའི་ནང་ལུ་ ཏེ་ བདུད་རྩི་ནང་ཀ་ཡང་འཁོལ་ རྟགས་མཚན་འ་ནཱི་སྦེ་འབྱུང་ཡི་ འ་ནཱི་ཁོ་གི་སྐབས་ལུ་ ཏེ་ ལྷ་ཁང་དུམ་གྲ་ཅིག་རྒྱ་བསྐྱེད་བཏང་ནུག་ལགས་ ཏེ་ ཁོ་གི་སྐབས་ལུ་ ཏེ་ འ་ནཱི་གི་ཤུལ་ལུ་ དེ་ རྗེ་ཀུན་དགའ་རྒྱ་མཚོ་འབྱོན་ནུག་ལགས་ རྗེ་ཀུན་དགའ་རྒྱ་མཚོ་གིས་ཡང་ ཏེ་ ཁོ་ར་གི་སྐུ་འབག་ཡང་ཡོད།
  • བླམ་པདྨ་རྡོ་རྗེ་ Lam Pema Dorji
    ཏེ་ འ་ནཱི་གི་སྐབས་ལུ་ ཏེ་ འ་ནཱི་གི་སྐབས་ལུ་ ཏེ་ དུམ་གྲ་ཅིག་ སྦོམ་སུ་ཅིག་ ཏེ་ འ་ནཱི་ཁོ་གི་སྐབས་ལུ་ ཏེ་ འ་ནཱི་སྦེ་ ཏེ་ ང་འདི་འ་ནཱ་ལས་ ལོག་ཤུལ་ལས་ ཏེ་ ང་བཅས་ཀྱི་ ཏེ་ སྦུག་ན་མི་གི་ ཏེ་ ད་ ང་བཅས་ར་གི་ ཏེ་ འཇིག་རྟེན་ཕལ་པ་ མཁས་པ་ཞབས་དྲུང་རིན་པོ་ཆེ་གིས་ བྱིན་གྱིས་རླབས་ ཏེ་ རང་སོའི་གི་ཏེ་ དེ་བསྒང་ ལྕང་གི་ཁྱལཔ་ལོ་ ག་ཅི་ལོ་ཟེར་ འ་ནཱི་ ཏེ་ ལྷ་ཁང་འདི་འ་ནཱི་སྦེ་ རང་སོའི་ས་གནས་དང་འཁྲིལ་ཏེ།
  • བླམ་པདྨ་རྡོ་རྗེ་ Lam Pema Dorji
    ཏེ་ དང་ཕུ་ལྷ་ཁང་འདི་ཚུ་ རང་སོའི་ས་གནས་དང་འཁྲིལ་ཅི་འབད་ ཏེ་ འདི་གི་བདག་འཛིན་འབད་དགོ་པས་བ་ འ་ནཱི་སྦེ་འབད་ཞིནམ་ལས་ ཏེ་ ཁོ་ར་ མི་སེར་ཆ་ཁྱབ་ཀྱིས་གིས་ ཏེ་ འ་ནཱི་ཉམས་བཅོས་འ་ནཱི་སྦེ་འབད་ནུག་ལགས། འཕགསཔ་བཅུ་གཅིག་ཞལ་ སྤྱིན་རས་གཟིགས་ ནཱ་ འ་ འེང་ འཕགསཔ་བཅུ་གཅིག་ཞལ་གྱི་ལྷ་ཁང་གཅིག་ ཏེ་ སྔོན་མ་མིན་འདུག་ལགས་ ཕི་ཁ་ཐུག་ལུ་ ད་ འ་ནཱི་ང་ནཱ་ལྷོད་ཞིནམ་ལས་ ཏེ་ ཉམས་བཅོས་འབད།
  • བླམ་པདྨ་རྡོ་རྗེ་ Lam Pema Dorji
    དུམ་གྲ་ཅིག་ ཏེ་ ཁོང་ར་ད་ ལྕང་འདི་ཚུ་ཡང་ ག་ར་ཏེ་ མི་སེར་ག་ར་ཏེ་ དེ་བསྒང་འུ་སྡུག་ཉག་ཕྲ་འབད་ ཡར་རྒྱས་འགྱོ་མ་ཚུགས་ མེ་མཆོད་ནང་ལྷ་ཁང་ཨ་ཙི་ཅིག་ ཞིག་གསོ་ཤོར་སོང་ནུག་ལགས་ ཏེ་ ང་གིས་ནཱ་ལྷོད་ ད་ ང་གིས་ལོ་ངོ་ ཏེ་ སུམ་ཅུ་སོ་ལྔ་དེམ་ཅིག་འགྱོ་དོ་ ཏེ་ ང་གིས་ དུམ་འདྲ་ཅིག་རྩ་འགེངས་ ཕར་གཅིག་ཚུར་གཅིག་འབད་ ཏེ་ ལྷ་ཁང་ནང་མ་དངུལ་ཡང་མིན་འདུག
  • བླམ་པདྨ་རྡོ་རྗེ་ Lam Pema Dorji
    གནམ་མེད་ས་མེད་རྩ་འགེངས་བའི་གི་ མ་དངུལ་ག་ནི་ཡང་མིན་འདུག་ མ་དངུལ་ཡང་བཏོན་རྐྱབ་པ་ཅིན་ མ་དངུལ་ཡང་མིན་འདུག་ ཏེ་ ང་གིས་ཕར་འགྱིར་ཚུར་འགྱིར་རེ་འབད་ ཏེ་ དུམ་གྲ་རེ་ ཌོ་ནི་ཤཱན་(ཞལ་འདེབས་)རེ་ཨ་ཙི་རེ་འཚོལ་འབད་སྦེ་ ཏེ་ ང་གིས་ཉམས་གསོ་འ་ནཱི་སྦེ་ཞུ་ ལྷ་ཁང་གི་གསེར་ཏོག་འདི་ཚུ་ཡང་ ང་གིས་དུམ་གྲ་ཅིག་ཕར་ཚུར་བཀལ་ དེ་ལས་ ཡར་ལྕགས་ཤོག་འདི།
  • བླམ་པདྨ་རྡོ་རྗེ་ Lam Pema Dorji
    ལྷ་ཁང་ཁོ་ར་གི་ མ་དངུལ་དུམ་གྲ་ཅིག་འདུག་ ཏེ་ འ་ནཱི་ལྷ་ཁང་གི་ ཁོང་རའི་དམངས་ཀྱི་ རྒཔོ་འབད་ སྤྱི་མི་འབད་སྦེ་ ད་ ཁ་ཙ་ཁ་ཉིནམ་ཅིག་ཁར་གྱོངས་སོང་ཡི་ཁོ་ བྲག་ཕུ་ཟེར་མི་འདི་ ཏེ་ ཁོ་གིས་བདག་འཛིན་སྲུང་ ཏེ་ ཁོ་དང་ང་འབད་དེ་ ཏེ་ དུམ་གྲ་ཅིག་ ཏེ་ རབ་རུབ་བཏང་སྟེ་ ང་གིས་འབད་ཚུགས་ཚུགསཔ་ ཕར་འགྱིར་ཚུར་འགྱིར་ཅིག་འབད་ ཏེ་ ལྷ་ཁང་མ་དངུལ་དུམ་གྲ་ཅིག་ ཁོ་གིས་ལག་པ་ཡོདཔ་ཨིན་ཟེར་མས་ ཏེ་ འ་ནཱི་སྦེ།
  • བླམ་པདྨ་རྡོ་རྗེ་ Lam Pema Dorji
    བཀལ་ཡི་ ཏེ་ གསེར་ཏོག་འདི་ སྔོན་མ་ང་གིས་རྒྱལ་མཚན་གཅིག་བརྡུངས་བཀལ་ཡི་ འདི་ག་ར་ ཏེ་ ཁོང་ར་དམངས་ཀྱིས་ མ་དངུལ་ཡང་མ་བཏང་ འདི་ང་གིས་ཕར་དང་ཚུར་འབད་ གྲོགས་རམ་འཚོལ་བཀལ་ ལོག་སྟེ་རོགས་ ཏེ་ མངོན་ཤེས་མཁན་པོ་ཟེར་མི་འདི་ ནཱ་འབྱོན་ ནཱ་འབྱོན་ཏེ་འབད་ཏེ་ ཏེ་ ད་ཡི་ནང་ལུ་གསེར་ཏོག་གཅིག་ང་གིས་ ཏེ་ ཕྱག་ཞུ་གེ་ཟེར་ ཏེ་ ཁོ་ར་གིས་ འ་ནཱི་སྦེ་ཐུགས་སྨོན་གནང་འབད་ཞིནམ་ལས་ ཏེ་ འ་ནཱི་གསེར་ཏོག་རྐྱངམ་གཅིག་ཟངས་ཉག་རྐྱང་།
  • བླམ་པདྨ་རྡོ་རྗེ་ Lam Pema Dorji
    གསེར་ཡང་མ་བཏང་ གསེར་འདི་ཚུ་ཡང་ ང་གིས་ཕར་དང་ཚུར་འབད་ ཌོ་ན་ཤཱན་(ཞལ་འདེབས་) འཚོལ་ཏེ་རང་ འ་ནཱི་སྦེ་བཏང་ ཏེ་ འ་ནཱི་ལྷ་ཁང་ཐོག་ཆ་བཅོ་བའི་གི་ ད་འབྲེལ་བྱ་འབད་དེ་ ཏེ་ གསེར་ཏོག་ཡང་འ་ནཱི་ལུ་བཀལ་ ནེ་སྦེ་ ད་ལྟོ་འ་ནཱ་སྦེ་ ཁྲ་ཅོམ་ཅོ་ འདོད་ཅན་བུ་གི་གདོང་ཁར་ལུ་ མཛེས་ཏོག་ཏོ་མཐོང་དགོ་མི་འདི་ ག་ར་ང་བཅས་ར་རབ་རུབ་འབད་དེ་རང་ འདི་ནང་གི་ལྷ་ཁང་དེ་ ཉམས་བཅོས་འདི་ འ་ནཱི་སྦེ་འབད་ཡི།
  • བླམ་པདྨ་རྡོ་རྗེ་ Lam Pema Dorji
    ད་ འདི་འ་ནཱ་མཆོད་བཤམ་འདི་ གནམ་མེད་ས་མེད་ ཞིག་གསོ་ཤོར་རམ་ སྔོན་མ་མཆོད་བཤམ་ཆུང་ཀུ་གཅིག་ཡང་མིན་འདུག་ མར་ཐོག་ཡང་ དམའ་གེ་གེ་འབད་སྦེ་ ཏེ་ མཆོད་ཁྲི་འདི་ཚུ་ཡང་ ག་ར་ཐུང་ཀུ་ཅིག་རང་ཨིན་མས་ ཨ་ཕི་ཟམ་ འ་ནཱ་ མཆོད་བཤམ་འདི་ ཡུདཔ་ཅིག་ ལྷ་ཁང་མཆོད་བཤམ་འདི་བཞེངས་ཏེ་ཡུདཔ་ཅིག་ ལོ་གསུམ་སྟོང་དེ་ཅིག་ ཡུདཔ་ཅིག་ལོ་བདུན་བཅུ་ བརྒྱད་བཅུ་ལངས་མི་མི་འདི་ཚུ་ ང་གིས་ལྕང།
  • བླམ་པདྨ་རྡོ་རྗེ་ Lam Pema Dorji
    ཁོང་ར་མི་རྒན་ཤོས་འདི་ཚུ་ ང་གིས་ དྲི་བ་བཀོདཔ་ད་ལུ་ ང་བཅས་ཆུང་སུ་ཅིག་འབད་བའི་བསྒང་རང་ལྷ་ཁང་འདུག་ཟེར་ཨིན་མས་ ཏེ་ ཁོང་ཡུདཔ་ཅིག་ ལོ་བདུན་བཅུ་ བརྒྱད་བཅུ་ཡར་སོང་ནུག་ལགས། འ་ནཱི་གིས་ཡང་མི་ཤེས་པས་ལགས་ ཏེ་ ལྷ་ཁང་ཡུན་ འ་ནཱི་སྐབས་ལུ་ རྐྱབ་རྐྱབ་ཨིན་ཟེར་མི་འདི་ ག་གིས་ཡང་མི་ཤེས་པས་ ལྷ་ཁང་འདི་ག་གི་སྐབས་ལུ་ རྐྱབ་རྐྱབ་ཨིན་ན་ ཨིན་ནི་འདི་གནམ་མེད་ས་མེད་ལོ་ཡར་སོང་ནུག
  • བླམ་པདྨ་རྡོ་རྗེ་ Lam Pema Dorji
    ཤིང་ཆ་ཡང་སྦོམ་སྦེ་བཙུགས་ནུག་ འདི་ཛམས་(?)གནམ་མེད་ས་མེད་རམ་ འ་ནཱི་སྦེ་འབད་ཞིནམ་ལས་ དྲག་ཤོས་ཨོ་རྒྱན་ཚེ་བཅུཔ་དང་ ཨམ་བདེ་ཆེན་ནཱ་འབྱོན་ ཏེ་ རོགས་ཁོང་ནཱ་ལུ་ ཐུགས་སྨོན་གནང་པར་འབྱོན་འབད་ ཏེ་ ང་ར་གིས་ཡང་ སེམས་ཁར་ དེ་འཕྲོ་ལས་རང་ སེམས་ཁར་འོང་སྦེ་འབད་དེ་ ཁོང་གཉིས་ལུ་གསོལཝ་བཏབ་སྦེ་འབད་ ད་ མཆོད་བཤམ་འ་ནཱི་སྦེ་རམ་འགྱོ་དོ།
  • བླམ་པདྨ་རྡོ་རྗེ་ Lam Pema Dorji
    ད་ ང་གིས་ཐབས་ཤེས་གཅིག་རྩ་ལས་མ་མཐོང་ ག་དེ་སྦེ་དྲག་ག་ཟེརཝ་ད་ལུ་ ཏེ་ རོགས་དྲག་ཤོས་དང་ཨམ་གིས་ དེ་འཕྲོ་ལས་ཞལ་གྱིས་བཞེས་ པ་འོ་ བཅོ་དགོ་པས་ བཅོ་དགོ་པས་ ད་ འདི་དེ་སྦེ་མི་བཏུབ་པས་ ད་ ག་དེ་འབད་རུང་ང་འབད་འོང་ ད་ འདི་རང་ འ་ནཱི་ ག་དེ་སྦེ་བཅོ་ནི་ཨིན་ན་ ད་ ལཱ་ག་དེ་སྦེ་འབད་ནི་ཨིན་ན་ འ་ སྦོམ་ཤོས་ག་དེ་སྦེ་དགོ་ནི་ཨིན་ན་ཅིག་ ད་ཁྱོད་ར་གིས་ བཀོད་བཏང་།
  • བླམ་པདྨ་རྡོ་རྗེ་ Lam Pema Dorji
    འབད་སྨ་རེ་ཟེར་ ཏེ་ བཟོ་བོ་ཡང་དྲག་ཤོས་ཁོ་ར་གིས་བཏང་འབད་སྦེ་ ཏེ་ ད་ ད་རེས་འ་ནཱ་ ཁྲ་ཅོམ་ཅོ་ མི་གི་གདོང་ཁར་ མཛེས་ཏོག་ཏོ་སྡོད་དགོ་མི་འདི་ དེ་བསྒང་དྲག་ཤོས་དང་ཨམ་ལུ་ བཀའ་དྲིན་དགའ་ཚོར་ཡོད་ལགས་ གནམ་ལོ་གཉིས་སྟོང་བརྒྱད་ལུ་བཙུགས་བཙུགསཔ་ཨིན་ལགས་ ནཱི་མཆོད་བཤམ་འདི་ལུ་ ཁོང་གཉིས་ཀྱིས་མ་དངུལ་ མ་བཏུབ་བཏུབ་གནང་འབད་སྦེ་ ཏེ་ ད་རེས་མཆོད་བཤམ་འདི།
  • བླམ་པདྨ་རྡོ་རྗེ་ Lam Pema Dorji
    སྦྱིན་ཆགས་ཏོག་ཏོ་ ང་བཅས་རྟེན་འདི་ཚུ་ འ་ནཱི་རྟེན་འདི་ཚུ་ཡང་ ཨ་ཙི་རེ་ཉམས་གསོ་ ཞིག་གསོ་ཤོར་མི་འདི་ཚུ་ཡང་བཅོ་ཁ་རྐྱབ་ ཞལ་གསེར་འདི་ཚུ་ཡང་ཕུལ་འབད་སྦེ་ ཏེ་ ང་གིས་ ད་རེས་ཀྱི་སྐྱབས་རྗེ་ཡང་ནཱ་ཞུ་ཡི་ དེ་ལས་ ང་བཅས་ཡར་རྟ་མགོ་གི་རྒྱལ་སྲས་བསྟན་འཛིན་རབ་རྒྱས་ཡང་ནཱ་ཞུ་ཡི་ སྔོན་མ་ཁོ་ར་སྐུ་ཚེ་གོང་མ་གི་ ཁོ་ར་གི་གདན་ས་ཨིན་མས་ ཁོ་ར་གིས་ཡང་ཐུགས་སྨོན་གནང་།
  • བླམ་པདྨ་རྡོ་རྗེ་ Lam Pema Dorji
    གནང་ དེ་འ་ནཱི་ ད་རེས་ཀྱི་གཏེར་བཏོན་འབྲུག་གྲགས་རྡོ་རྗེ་ ཏེ་ འཕྲལ་འཕྲལ་འབྱོན་ནི་ཡོད་ལགས་ ཡང་སྲིད་དེ་ ཕར་སྤ་རོ་ སངས་སྔགས་ཆོས་འཁོར་ལུ་ ཏེ་ ཕྱག་དཔེ་གཟིགས་པའི་བསྒང་ཡོད་ འཕྲལ་འཕྲལ་རང་ ཁ་ཙ་ཁ་ཉིནམ་ཡང་འབྱོན་ཡི་ ན་ཧིང་ཡང་ཚར་གཉིས་དེ་ཅིག་རང་འབྱོན་ ཏེ་ ང་བཅས་ཀྱི་ རྒྱལ་བ་གོང་མ་འདི་ཚུ་ཡང་ ག་ར་ཞབས་ཀྱིས་བཅགས་ཏེ་ ད་རེས་ འ་ནེམ་ཅིག
  • བླམ་པདྨ་རྡོ་རྗེ་ Lam Pema Dorji
    ཏེ་ ལྷ་ཁང་འདི་ ཉམས་གསོ་མེད་པར་ ཏེ་ མེ་འབར་ཡི་ གནམ་མེད་ས་མེད་ གནམ་དགུན་ལོ་ལྟར་བཞིན་དུ་ མེ་འབར་འབད་སྦེ་ ཏེ་ ཁོ་ར་གིས་ ཐུགས་རྗེ་བྱིན་རླབས་ཨོ་རྒྱན་གུ་རུ་རིན་པོ་ཆེ་ ད་ལྟོ་འདི་ ཁོ་ར་བྱིན་རླབས་མ་ཉམས་པར་ཡོད་ལགས། ཏེ་ ད་ སྐུ་མཆོད་འབུམ་སྡེ་འདི་ཚུ་ལུ་ ཡར་ ཟླཝ་དང་པའི་ནང་ གནས་རྟེན་བཅུ་དྲུག་བཏང་དགོ་ལགས་ མ་པ་ཨིན་ནི་འདི་ འབུམ་སྡེ་སྔོན་མ་གི་ཡང་འདུག་ འདུག་ནི་ ཡོདཔ་ད་ལུ།
  • བླམ་པདྨ་རྡོ་རྗེ་ Lam Pema Dorji
    ཟླཝ་གཉིས་པའི་གི་ཚེས་བཅུ་གཅིག་ དགོངས་དུས་ཚེས་བཅུ་གཅིག་ གུ་རུ་རིན་པོ་ཆེ་ཁོ་ར་གི་ དགོངས་དུས་ཚེས་བཅུ་གཅིག་ ཟླཝ་བདུན་པའི་ནང་སྨྱུང་གནས་ཆ་གཅིག་ ཟླཝ་བརྒྱད་པའི་ནང་ ཚེས་བཅུ་གཅིག་ འ་ནཱི་རང་ཨིན་པས་ བཀའ་འགྱུར་འདི་ ང་མར་ མ་ཡེ་སཱོར་ལས་ པད་ནོར་རིན་པོ་ཆེ་ཞིང་གཤགས་ཡོད་པའི་སྐབས་སུ་ལུ་ ཏེ་ མར་ ཁོ་ར་སྐུ་མདུན་ལུ་བཅར་འབད་སྦེ་ ཏེ་ ནཱི་ནང་ལུ་ སྐུ་རྟེན་གསུང་རྟེན།
  • བླམ་པདྨ་རྡོ་རྗེ་ Lam Pema Dorji
    མིན་འདུག་ ད་ བཀའ་འགྱུར་གཅིག་ ཆེན་པོ་གཅིག་ག་ནི་ཡང་མིན་འདུག་ ད་ སེམས་ཅན་ཐམས་ཅན་ལུ་ ཕན་ཐོགས་པའི་གི་ རྒྱལ་བའི་གི་གསུང་རབ་ཆེན་པོ་གཅིག་ ཏེ་ ང་གིས་ པད་ནོར་རིན་པོ་ཆེ་ལུ་གསོལཝ་བཏབ་འབད་དེ་ མར་ལས་ འ་ནཱི་སྦེ་བཏོན་འབད་ ཏེ་ ད་ལྟོ་ལོ་བསྟར་ཞིན་དུ་ ལྷག་དོ་ལགས་ དེ་ཡང་ དམངས་ཀྱི་མ་དངུལ་ག་ནི་ཡང་མེད་ལགས་ ག་ནི་ཡང་མ་བཏང་འདི་གུ་ ཏེ་ ང་རང་གིས་རྩ་འགེངས་ ང་རང་གིས་རང་ཞབས་ཏོག་ཞུ།
  • བླམ་པདྨ་རྡོ་རྗེ་ Lam Pema Dorji
    འབད་དེ་ དེ་ཡང་ ད་ ལོ་བརྒྱད་དེ་ཅིག་ཡར་སོང་ཡི་ལགས་ དེ་ ང་གིས་ ཚོགས་འབུམ་ཅིག་བཙུགས་ དེ་ལསནི་ ཚེས་བཅུ་འདི་ཚུ་ཡང་ རྒྱས་ཤིང་རྒྱསཔ་སྦེ་ དོ་ཅི་ཡང་ང་གིས་ ཚོགས་འབུམ་ཉིནམ་གསུམ་བཏང་ཡི་ལགས་ ན་ཧིང་ཉིནམ་གཉིས་བཏང་ཡི་ ཞེ་ཧིང་ཉིནམ་གསུམ་བཏང་ཡི་ ཏེ་ འདི་གི་ཧེ་མ་འདི་ཚུ་ ཏེ་ ང་གིས་ ཉིནམ་རེ་ཉིནམ་རེ་བཏང་འབད་སྦེ་ ད་ ནཱ་གི་འབུམ་སྡེ་ ཟླཝ་དང་པའི་ནང་གནས་བརྟན་བཅུ་དྲུག
  • བླམ་པདྨ་རྡོ་རྗེ་ Lam Pema Dorji
    གཉིས་པའི་ནང་ ཏེ་ ཚེས་བཅུ་ནཱ་གི་དུས་ཀྱི་དགོངས་དུས་ཚེས་བཅུ་ གསུམ་པའི་ནང་ ང་བཅས་ ཞབས་དྲུང་སྐུ་མཆོད་ དེ་ཡང་ གསརཔ་ཨིན་ལགས་ དེ་ཡང་ ང་གིས་ ཏེ་ ག་དེ་དྲག་དྲག་མ་ཆད་པར་བཙུགས་དོ་ལགས་ ད་ གསུམ་པའི་ བཞི་པའི་ནང་ སྨྱུང་གནས་བཙུགས་དོ་ལགས་ང་གིས་ ད་ ས་ག་ཟླཝ་འདི་ལུ་ དུས་ཆེན་ཏེ་ མ་པ་ཨིན་ནི་འདི་ ཟླཝ་བདུན་པའི་ནང་ཨིན་པས་ དེ་འབདཝ་ད་ལུ་ ཏེ་ ག་ར་ཤ་འདི་ཚུ་ཡང་ བཱན་རྐྱབ་(བཀག་དམ་རྐྱབ)།
  • བླམ་པདྨ་རྡོ་རྗེ་ Lam Pema Dorji
    ག་ར་ལུ་ དུས་ཆེན་ཁྱད་པར་ཅན་ ཏེ་ དུས་ཆེན་ལྔ་འཛོམས་ དུས་ཆེན་སྦོམ་ཨིན་པས་ ཏེ་ འ་ནཱ་ལས་ ང་གིས་སྨྱུང་གནས་འདི་ ཏེ་ ཟླཝ་བཞི་པའི་ནང་བཙུགས་དོ་ལགས་ སྨྱུང་གནས་ཆ་གཉིས་གཉིས་ ད་ སྨྱུང་གནས་བཙུགས་ཏེ་ ང་གིས་ སྨྱུང་གནས་ཡུདཔ་ཅིག་ ཆ་སུམ་བཅུ་ལྷག་དོ་ལགས་ ལྔ་པའི་གི་སྤྲེལ་ཟླ་ཚེས་བཅུ་ ཏེ་ དྲུག་པའི་ནང་ དྲུགཔ་ཚེས་བཞི་ དེ་ཡང་ གསརཔ་ཨིན་ལགས།
  • བླམ་པདྨ་རྡོ་རྗེ་ Lam Pema Dorji
    འདི་ད་ བསྟན་པའི་གི་ཞབས་ཏོག་ཨིན་པས་ འགྲོ་བ་རིགས་དྲུག་སེམས་ཅན་ཐམས་ཅད་ག་ར་ རྒྱལ་ཁབ་ལུ་ སྐུ་རིམ་ལྟ་བུ་ཅིག་འབད་བསམ་ཏེ་ ང་གིས་བཀའ་འགྱུར་འདི་ཚུ་ཡང་ ཏེ་ ང་རང་ཉོན་མོངས་ནད་དང་ དམག་འཁྲུག་ མུ་གེ་ཐམས་ཅད་ཞི་ནི་གི་དོན་ལུ་ རྩ་འགེངས་ཏེ་ ང་རང་གི་ ད་ མ་དངུལ་མེད་རུང་ ཏེ་ ཕར་དང་ཚུར་འབད་རང་ རོགས་འབྱོར་པ་ཅན་འདི་ཚུ་གིས།
  • བླམ་པདྨ་རྡོ་རྗེ་ Lam Pema Dorji
    ཏེ་ ག་ར་ཆ་རོགས་འབདཝ་མས་ལགས་ ནེམ་ཟླཝ་གཉིས་པའི་གི་ཚེས་བཅུ་ དེ་ཡང་ ཡར་ང་བཅས་ ཐིམ་ཕུག་ཚེས་བཅུ་ འགོ་བཙུགས་པའི་ཚེས་ རྒྱལ་སྲས་བསྟན་འཛིན་རབ་རྒྱས་ ཁོ་ར་གིས་ཐུགས་སྨོན་གནང་བཞག་བཞགཔ་པའི་གི་སྐུ་མཆོད་ ཏེ་ འ་ནཱི་ལུ་ ཏེ་ ཡར་ ཐིམ་ཕུག་ཚེས་བཅུ་ སྒྲོམ་མཆོད་ཀྱི་ཚེས་བཅུ་འགོ་བཙུགས་པའི་ཚེ་ ཚེས་བཅུ་ཐམ་གྱི་ཚེ་ ནཱ་ཡང་ཚེས་བཅུ་བཏང་དགོ་ལགས་ ལོ་བསྟར་བཞིན་དུ་རང་།
  • བླམ་པདྨ་རྡོ་རྗེ་ Lam Pema Dorji
    ཏེ་ འ་ནཱི་ཡང་བཏང་ ཏེ་ ཟླཝ་དགུ་པའི་ལྷ་བབས་དུས་ཆེན་ ཏེ་ དེ་ཡང་ གསར་བསྒྲུབས་ཨིན་ ཧེ་མ་མིན་འདུག་ དེ་དེ་ཡང་རོགས་རྩ་བོ་རེ་ཡང་ཐོན་མས་ ཏེ་ མ་འཐོན་པའི་སྐབས་སུ་ལུ་ ང་ར་གིས་བཟུང་འབད་སྦེ་ ཏེ་ ཡུདཔ་ཅིག་ལོ་བཅུ་ཐམ་བཅུ་གཅིག་དེ་ཅིག་ འབུམ་སྡེ་གསར་སྒྲུབ་འདི་ཚུ་ཡང་ འ་ནཱི་སྦེ་རང་བཙུགས་ཏེ་རང་ཡོད་ལགས་རྩ་འགེངས་ཏེ།