Skip to main content Skip to search
01 Sep 2018
5 min 55 sec
Ariana Maki
Video Overview
Creators: 
Duptho, Sonam Chophel

Sangay Chozom from Bayling Gewog (county) in Tashiyangtse Dzongkhag (district), sings a song called "Gungtoe Thoepo". It is a song of prayers to and worship of lamas, performed on many occasions and events as a tendrel.

༉  བོད་སྒྲའི་གླུ་གཞས་ དགུང་སྟོད་མཐོན་པོ་ཟེར་མི་འདི་ ཧེ་མ་འབད་བ་ཅིན་ དར་ཁྱབ་ཆེ་ཏོག་ཏོ་སྦེ་ཡོདཔ་ཨིན་རུང་ ད་རེས་ནངས་པ་དུམ་གྲ་ཅིག་ཉམས་སུ་ཅིག་འགྱོ་སྟེ་ཡོདཔ་ཨིན། དེ་ཡང་ ད་རེས་ནངས་པའི་རིག་གསར་གྱི་གླུ་གཞས་མ་འདྲཝ་མ་འདྲཝ་ཐོན་ཏེ་ཡོད་མི་ཚུ་ གོ་བ་ཐད་ཀར་དུ་ལེན་ཚུགས་པ་ལས་བརྟེན་ཏེ་ དེ་ཚུ་ལུ་སྤྲོ་བ་ཆེ་སུ་ཅིག་བསྐྱེད་འགྱོ་ནི་དེ་གིས་ དང་ཕུ་གི་གླུ་གཞས་ཚུ་མང་ཤོས་ཅིག་ སྙན་ངག་གི་རྒྱན་བཙུགས་ཏེ་ཡོདཔ་ལས་ གོ་བ་ཐད་ཀར་དུ་ལེན་མ་ཚུགས་པའི་སྐྱོན་གྱིས་འབད་དེ་ ཨ་ཙི་ཅིག་སྤྲོ་བ་ཞན་སུ་ཅིག་འགྱོ་ནི་དེ་གིས་ དང་ཕུ་གི་གླུ་གཞས་ཚུ་མར་ཉམས་འགྱོཝ་ཨིན་པས། དེ་འབདཝ་ལས་བརྟེན་ཏེ་ དང་ཕུ་གི་གླུ་གཞས་ཤེས་མི་ ད་ལྟོ་རེམ་གཉིསམ་རེ་ཡོདཔ་ད་ཞིབ་འཚོལ་འབད་བའི་སྐབས་ལུ་ བཀྲིས་གཡང་རྩེ་སྦས་གླིང་ལས་ སངས་རྒྱས་ཆོས་འཛོམས་དང་ཆ་རོགས་ཚུ་གིས་འཐེན་ཏེ་འདུག ཨིན་རུང་ གདངས་དབྱངས་ཨ་ཙི་ཅིག་ རིང་སུ་ཅིག་སྦེ་འགྱོཝ་ཨིན་པས།

Transcript search
No results found for this search
0 of 0
 • སངྱས་ཆོས་འཛོམས་དང་ཆ་རོགས་ཚུ་ Sangay Chozom & Friends
  དགུང་སྟོད་མཐོན་པོ་གསེར་གྱི་ཀ་བ་ལ་དང་འདྲ་སོང་། །ཁྲི་གདུགས་ཉི་མ་གཡུ་ཡི་ལྡུམ་རའི་དང་འདྲ་སོང་། །གསེར་གྱི་ཀ་བ་ཉམས་དུ་(པ་)མེད་པ་ལ་དང་ཤོག་ཅིག །གཡུ་ཡི་ལྡུམ་ར་རྒྱུན་ཆད་མེད་པ་ལ་དང་བཞུགས། །
  The Sky beyound resembles the golden pillar And the sun resembles the turquise garden. (I wish the golden pillar to be separately) And the turquoise garden to stay consistantly.
 • སངྱས་ཆོས་འཛོམས་དང་ཆ་རོགས་ཚུ་ Sangay Chozom & Friends
  རང་སེམས་དགའ་ལ་མི་སེམས་སྐྱིད་པ་ལ་དང་ཅིག་འབྱུང་། །མཆེད་གྲོགས་རྣམས་ལ་དམ་ཚིག་གཙང་མ་ལ་དང་གཅིག །མཆེད་གྲོགས་རྣམས་ལ་དམ་ཚིག་གཙང་མ་ལ་དང་གཅིག །
  Let us be happy and let the people's mind be filled with peace and tranquility
 • སངྱས་ཆོས་འཛོམས་དང་ཆ་རོགས་ཚུ་ Sangay Chozom & Friends
  གངས་སྟོད་མཐོན་པོ་གསེར་གྱི་ཀ་བ་ལ་དང་འདྲ་སོང་། །སེང་ཆེན་དཀར་མོ་གཡུ་ཡི་ལྡུམ་ར་དང་འདྲ་སོང་། །གཡུ་ཡི་ལྡུམ་ར་རྒྱུན་ཆད་མེད་པ་ལ་དང་ཤོག་ཅིག །གསེར་གྱི་ཀ་བ་ཉམས་དུ་(པ་)མེད་པ་ལ་དང་ཤོག །
 • སངྱས་ཆོས་འཛོམས་དང་ཆ་རོགས་ཚུ་ Sangay Chozom & Friends
  རང་སེམས་དགའ་ལ་མི་སེམས་སྐྱིད་པ་ལ་དང་ཅིག་འབྱུང་། །མཆེད་གྲོགས་རྣམས་ལ་དམ་ཚིག་གཙང་མ་ལ་དང་གཅིག །མཆེད་གྲོགས་རྣམས་ལ་དམ་ཚིག་གཙང་མ་ལ་དང་གཅིག །
  The mountain beyound resembles the golden pillar And the lioness resembles the turquise garden. Let the turquoise garden stay consistantly, And the golden pillar to be separately) Let us be happy and let the people's mind be filled with peace and tranquility
 • སངྱས་ཆོས་འཛོམས་དང་ཆ་རོགས་ཚུ་ Sangay Chozom & Friends
  སྤང་སྟོད་མཐོན་པོ་དངུལ་གྱི་ཀ་བ་ལ་དང་འདྲ་སོང་། །ཤཝ་རྒས་གཡུ་མོ་གཡུ་ཡི་ལྡུམ་ར་དང་འདྲ་སོང་། །ཤཝ་རྒས་གཡུ་མོ་གཡུ་ཡི་ལྡུམ་ར་ལ་དང་འདྲ་སོང་། །
 • སངྱས་ཆོས་འཛོམས་དང་ཆ་རོགས་ཚུ་ Sangay Chozom & Friends
  དངུལ་གྱི་ཀ་བ་ཉམས་དུ་(པ་)མེད་པ་ལ་དང་ཤོག་ཅིག །གཡུ་ཡི་(དངུལ་གྱི་)ལྡུམ་ར་རྒྱུན་ཆད་མེད་པ་ལ་དང་ཤོག །
 • སངྱས་ཆོས་འཛོམས་དང་ཆ་རོགས་ཚུ་ Sangay Chozom & Friends
  རང་སེམས་དགའ་ལ་མི་སེམས་སྐྱིད་པ་ལ་དང་ཅིག་འབྱུང་། །མཆེད་གྲོགས་རྣམས་ལ་དམ་ཚིག་གཙང་མ་ལ་དང་གཅིག །མཆེད་གྲོགས་རྣམས་ལ་དམ་ཚིག་གཙང་མ་ལ་གཅིག །
  The meadow beyound resembles the pillar And the reindeer resembles the turquiose garden. Let the golden pillar to be separately) And let the turquoise garden stay consistantly, Let us be happy and let the people's mind be filled with peace and tranquility
 • སངྱས་ཆོས་འཛོམས་དང་ཆ་རོགས་ཚུ་ Sangay Chozom & Friends
  ལགས་སོ།། །།
  o k Thank you