Skip to main content Skip to search
20 Jun 2018
6 min 24 sec
Rinchen Dorji
Video Overview
Creators: 
Sonam Tobgye

"So Yaeki Guntey Theonpo,” performed in this video by Dechen Peldrön, Jangchub Peldrön and Sonam Dema from Lubi village, is a boedra song. It describes the happiness of encountering people and animals at their places of origin. The song recounts the joy in encountering and hearing the sounds and voices of a yak mother, an authentic master at a hermitage, a king at a castle, and gracious parents at the village. One never gets enough of any of them. 

འབྲུག་རྒྱལ་ཁབ་ཀྱི་རང་ལུགས་འབོད་སྒྲ་གླུ་གཞས་ སོ་ཡར་གྱི་དགུང་སྟོད་མཐོན་པོ་ཟེར་མི་འདི་ལྷུན་རྩེ་རྫོང་ཁག་ལུ་བི་གཡུས་ཚན་ནང་ལས་བདེ་ཆེན་དཔལ་སྒྲོན་དང་བྱང་ཆུབ་དཔལ་སྒྲོན་དེ་ལས་བསོད་ནམས་སྒྲོན་མ་ཚུ་གིས་འཐེན་ཏེ་འདུག། ཕྱོགས་གཞན་ལས་མི་གསརཔ་དང་སེམས་ཅན་ཚུ་ཕྱེདཔ་ད་ སེམས་ཁར་ལུ་དགའ་བ་དང་སྤྲོ་བ་ག་དེ་འབད་བྱུངམ་ཨིན་ན་ ཞབས་ཁྲ་འདི་ནང་གསལ་སྟོན་འབད་དེ་ཡོདཔ་ཨིན།  དེ་མ་ཚད་གཡག་མོ་ཚུ་ཕྱྱེདཔ་ད་སྐད་གོཝ་བའི་སྐབས་དང་ དེ་ལས་དབེན་པའི་རི་ཁྲོད་ཚུ་ནང་ཡང་དག་པའི་མཚམས་བཅད་འདི་བཞུགས་མི་མཚམས་པ་ དེ་མ་ཚད་ཟིམ་ཅུང་ནང་ལས་རྒྱལཔོ་དང་གཡུས་ཁ་ལས་ཕམ་ཚུ་ཕྱེད་པའི་སྐབས་དགའ་བ་འབྱུང་མི་གི་སྐོར་ལས་བཤད་དེ་འདུག། གོང་གི་ཚུ་ཕྱེད་པའི་སྐབས་དགའ་བ་འཐོབ་དོ་བཟུམ་ གཞན་མི་ཚུ་ལས་དགའ་བ་མི་འཐོབ་དོ་ཡོདཔ་ཨིན། སོ་ཡར་གྱི་དགུང་སྟོད་མཐོན་པོ་ཟེར་མི་ཞབས་ཁྲ་འཐེན་ནིའི་ལམ་སྲོལ་འདི་ སྤང་མཁར་སྤྱི་འོག་ནང་ལུ་མི་རབས་རྒྱུད་དེ་འཐེན་ཡོད་མི་གཅིག་ཨིན་མས། ཨིན་རུང་ཧ་ལས་སི་སི་འབད་ ཞབས་ཁྲ་འདི་གཡུས་ཁའི་ཕམ་རྒན་ཤོས་ཚུ་གི་རྐྱངམ་ཅིག་དུས་སྟོན་དང་ལོ་མཆོད་ཚུ་ནང་འཐེན་དོ་ཡོདཔ་ཨིན། ཞབས་ཁྲ་འདི་ལུང་ཕྱོགས་སོ་སོ་ནང་ལུ་དར་ཁྱབ་ཅན་ཅིག་མེན་པས།

Transcript search
No results found for this search
0 of 0
  • Dechen Peldon, Jangchub Peldon, Sonam Dema: སྭོ་ ཡས་ཀྱི་དགུང་སྟོད་མཐོན་པོའི་ཕྱོགས་ཤེད་ན། །འབྲི་མོ་ཨ་མའི་གསུང་སྐད་ལྷང་སེ་ལྷང་། །ཨ་མའི་ལ་གསུང་སྐད་ལྷང་སེ་ལྷང་། །ལྷང་སེ་ལྷང། སྭོ་ མར་དང་འོ་མའི་ཕྱོགས་ནས་ངོམས་པ་མེད། །འབྲི་མོ་ཨ་མ་འཕྲད་ན་དགའ་དགའ་རེད། །ཨ་མ་ལ་འཕྲད་ན་སྐྱིད་སྐྱིད་རེད། །སྐྱིད་ལ་སྐྱིད་རེད།
    བདེ་ཆེན་དཔལ་སྒྲོན། བྱང་ཆུབ་དཔལ་སྒྲོན། བསོད་ནམས་སྒྲོལ་མ།
  • Dechen Peldon, Jangchub Peldon, Sonam Dema: སྭོ་ ཡས་ཀྱི་དགོན་བཟང་ཁྲ་མོའི་ཕྱོགས་ཤེད་ན། །མཚན་ལྡན་བླ་མའི་གསུང་སྐད་ལྷང་སེ་ལྷང། །བླ་མའི་གསུང་སྐད་ལྷང་སེ་ལྷང་། །ལྷང་སེ་ལྷང་། སྭོ་ བྱིན་རླབས་དམ་རྫས་ཕྱོགས་ནས་ངོམ་པ་མེད། །མཚན་ལྡན་བླ་མ་མཇལ་ན་དགའ་དགའ་རེད། །བླ་མ་ལ་མཇལ་ན་སྐྱིད་སྐྱིད་རེད། །སྐྱིད་ལ་སྐྱིད་རེད།
    བདེ་ཆེན་དཔལ་སྒྲོན། བྱང་ཆུབ་དཔལ་སྒྲོན། བསོད་ནམས་སྒྲོལ་མ།
  • Dechen Peldon, Jangchub Peldon, Sonam Dema: སྭོ་ ཡས་ཀྱི་རྫོང་ཆེན་ཁྲ་མོའི་ཕྱོགས་ཤེད་ན། །དབང་ཆེན་དཔོན་པོའི་གསུང་སྐད་ལྷང་སེ་ལྷང་། །དཔོན་པོའི་གསུང་སྐད་ལྷང་སེ་ལྷང་། །ལྷང་སེ་ལྷང་། སྭོ་ བཀའ་བཀོད་ཚིག་གསུམ་ཕྱོགས་ནས་ངོམས་པ་མེད། །དབང་ཆེན་དཔོན་པོ་མཇལ་ན་དགའ་དགའ་རེ། །དཔོན་པོ་ལ་མཇལ་ན་སྐྱིད་སྐྱིད་རེད། །སྐྱིད་ལ་སྐྱིད་རེད།
    བདེ་ཆེན་དཔལ་སྒྲོན། བྱང་ཆུབ་དཔལ་སྒྲོན། བསོད་ནམས་སྒྲོལ་མ།
  • Dechen Peldon, Jangchub Peldon, Sonam Dema: སྭོ་ ཡས་ཀྱི་གཡུས་བཟང་མཐོན་པའི་ཕྱོགས་ཤེད་ན། །དྲིན་ཆེན་ཕ་མའི་གསུང་སྐད་ལྷང་སེ་ལྷང་། །ཕ་མའི་ལ་གསུང་སྐད་ལྷང་སེ་ལྷང་། །ལྷང་སེ་ལྷང་། སྭོ་ ཟས་ནོར་ལོངས་སྤྱོད་ཕྱོགས་ནས་ངོམས་པར་མེད། །དྲིན་ཆེན་ཕ་མ་མཇལ་ན་དགའ་དགའ་རེད། །ཕ་མ་ལ་མཇལ་ན་སྐྱིད་སྐྱིད་རེད། །སྐྱིད་ལ་སྐྱིད་རེད། ཡ་ལགས་སོ།། །།
    བདེ་ཆེན་དཔལ་སྒྲོན། བྱང་ཆུབ་དཔལ་སྒྲོན། བསོད་ནམས་སྒྲོལ་མ།