Skip to main content Skip to search
06 Jan 2016
3 min 25 sec
Bradley Aaron
Video Overview
Creators: 
Tibetan & Himalayan Library

This is a video of Tashi Tsomo from Yak Village in Chentsa singing a song called "The High Corral is Filled with Horses." This song is part of a collection of folk songs from the Rebgong cultural area.

འདི་ནི་རྒྱ་འབྱོར་བ་རྒྱས་པར་སྨོན་ལམ་འདེབས་པའམ་ཁ་གཡང་འབོད་པའི་གླུ་ཞིག་ཡིན།

གླུ་འདིའི་ནང་དོན་གཙོ་བོ་ནི་བདག་གཞི་མགྲོན་ཡོངས་ཀྱི་རྟ་ནོར་ལུག་གསུམ་གྱི་འཕེལ་ཁ་སྔར་ལས་དར་བ་དང་འཚོ་བ་སྔར་ལས་བདེ་ཞིང་སྐྱིད་པར་སྨོན་པའི་གླུ་ཞིག་རེད།

Transcript search
No results found for this search
0 of 0
  • ༼ཡེ་་་ལོངས་ལ་རེ་ལེན་གོ་་་་ལེན་གི་ཡོད་གོ་་་ལོངས་ལ་རེ་ལེན༽
  • རྟ་ར་གོང་མ༼ལོངས་ལ་རེ་ལེན་གོ༽རྟ་ཡིས་བཀང་།།༼ལོངས་ལ་རེ་ལེན་ཡ༽
  • རྟ་མགོ་མ་བཤར་ནས༼ལོངས་ལ་རེ་ལེན་གོ༽སྤང་ལ་འགོས།།༼ལོངས་ལ་རེ་ལེན་ཡ༽
  • རྟ་གཞུག་མ་ད་རུང༼ལོངས་ལ་རེ་ལེན་གོ༽ལྷས་ན་ཡོད།།༼ལོངས་ལ་རེ་ལེན་ཡ༽
  • རྟ་སྟོང་ཁ་འབུད་ཀི༼ལོངས་ལ་རེ་ལེན་གོ༽སྨོན་ལམ་འདེབས།།༼ལོངས་ལ་རེ་ལེན་ཡ༽
  • ལྷས་ར་བར་མ༼ལོངས་ལ་རེ་ལེན་གོ༽ནོར་གྱིས་བཀང་།།༼ལོངས་ལ་རེ་ལེན་ཡ༽
  • ནོར་སྔུན་མ་བཤར་ནས༼ལོངས་ལ་རེ་ལེན་གོ༽རྫ་ལ་འགོས།།༼ལོངས་ལ་རེ་ལེན་ཡ༽
  • ནོར་གཞུག་མ་ད་རུང༼ལོངས་ལ་རེ་ལེན་གོ༽ལྷས་ན་ཡོད།།༼ལོངས་ལ་རེ་ལེན་ཡ༽
  • ནོར་སྟོང་ཁ་འབུད་ཀི༼ལོངས་ལ་རེ་ལེན་གོ༽གླུ་རེ་ལེན།།༼ལོངས་ལ་རེ་ལེན་ཡ༽
  • ལྷས་ར་ཞོལ་མ༼ལོངས་ལ་རེ་ལེན་གོ༽ལུག་གིས་བཀང་།།༼ལོངས་ལ་རེ་ལེན་ཡ༽
  • ལུག་སྔུན་མ་བཤར་ནས༼ལོངས་ལ་རེ་ལེན་གོ༽རྫ་ལ་འགོས།།༼ལོངས་ལ་རེ་ལེན་ཡ༽
  • ལུག་གཞུག་མ་ད་རུང༼ལོངས་ལ་རེ་ལེན་གོ༽ལྷས་ན་ཡོད།།༼ལོངས་ལ་རེ་ལེན་ཡ༽
  • ལུག་སྟོང་ཁ་འབུད་ཀི༼ལོངས་ལ་རེ་ལེན་གོ༽གླུ་ཞིག་ལེན།།༼ལོངས་ལ་རེ་ལེན་ཡ༽
  • གླུ་ཤེས་ནི་མིན་ར༼ལོངས་ལ་རེ་ལེན་གོ༽དགའ་ནི་ཡིན།།༼ལོངས་ལ་རེ་ལེན་ཡ༽