Skip to main content Skip to search
05 Sep 2018
2 min 56 sec
Samten Yeshi
Video Overview
Creators: 
Sonam Tobgye

This short song is also a glorification song to the spiritual master and mostly to powerful leader like King and other political leaders. The verses of the song elevates those leaders stating that they are higher than highest mountain such as black mountain and their compassionate soul is clearer than a stainless knife and desires that their life spain to be as long as the length of river. The lyrics also compares that the complexation of spiritual master is as fair as snow mountain. Thus, the song impresses the great leader and the spiritual masters to pay their homage and respect.

 

གླུ་གཞས་ཐུང་ཀུ་འདི་ དགེ་བའི་བཤེས་གཉེན་དང་ འདི་ལས་དབང་ཚད་ཅན་གྱི་གོ་གནས་འཆང་མི་ དཔེར་ན་རྒྱལཔོ་དང་སྲིད་ཚོགས་ཀྱི་འགོ་དཔོན་ཚུ་ལུ་ བསྟོད་པ་སྦེ་ཕུལ་ཕུལཝ་ཅིག་ཨིནམ་ད་ གླུ་གཞས་ཀྱི་ཚིག་འདི་ནང་ དགེ་བའི་བཤེས་གཉེན་དང་དཔོན་ཁག་འདི་ཚུ་ རི་གནག་པོ་ཟེར་ཡོད་མི་ལས་ཀྱང་མཐོ་ཤོས་ཨིནམ་ད་ ཁོང་གི་བྱང་ཆུབ་སེམས་ཀྱི་ བརྩི་ཟིན་པའི་ཐུགས་བསྐྱེད་འདི་ བཙའ་མེད་པའི་གྱི་ཅུང་ལས་དྭངས་ཏོག་ཏོ་དང་ ཁོང་གི་སྐུ་ཚད་འདི་ཆུ་ལས་ཀྱང་རིངམོ་ཨིན་ཟེར་མས། ད་རུང་ཚིག་འདི་ནང་ དགེ་བའི་བཤེས་གཉེན་གྱི་ཞལ་གྱི་བཀྱག་འདི་  གང་གི་ཁཝ་ལས་ཀྱང་དྭངས་ཏོག་ཏོ་ཡོད་ཟེར་ མདོར་བསྡུ་བ་ཅིན་ གླུ་གཞས་འདི་ནང་ འགོ་ཁྲིདཔ་དྲག་ཤོས་ཚུ་དང་ དགེ་བའི་བཤེས་གཉེན་ཚུ་ལུ་ དད་པ་དང་གུས་བཏུད་ཕུལཝ་མས། 

 

Transcript search
No results found for this search
0 of 0
 • བསོད་ནམས་དབང་མོ་ Sonam Wangmo
  ཨེ་མོ་དབྱངས་ཅིག་གསུངས་ལ། །ཡས་ཀྱི་རི་བོ་ནག་པོ་ཡ་ལ་མཐོ་མི་མཐོ། །འདི་བ་ཏ་དཔོན་པོའི་གཡུས་རང་མཐོ། །ཨེ་མོ་དབྱངས་ཅིག་གསུངས་ལ། །
  The black hill above is high, Even then turquoise of king is higher.
 • བསོད་ནམས་དབང་མོ་ Sonam Wangmo
  ཨེ་མོ་དབྱངས་ཅིག་གསུངས་ལ། །ཕུ་ཡི་གངས་རི་དཀར་པོ་ཡ་ལ་དཀར་མི་དཀར། །འདི་བ་ཏ་བླ་མའི་ཞལ་རང་དཀར། །དབྱངས་ཅིག་ཨེ་མོ་གསུངས་ལ། །
  The snowy mount is bright, Even then master’s face is brighter.
 • བསོད་ནམས་དབང་མོ་ Sonam Wangmo
  ཨེ་མོ་དབྱངས་ཅིག་གསུངས་ལ། །དེ་ནས་མོན་གྱི་ལུང་པ་ཡ་ལ་འཚོ་མི་འཚོ། །འདི་བ་ཏ་དཔོན་པོའི་གཟིམ་ཅུང་འཚོ་ལ། །དབྱངས་ཅིག་ཨེ་མོ་གསུངས་ལ། །
  There grows medicine plants, Even then grows Majesty’s bean better.
 • བསོད་ནམས་དབང་མོ་ Sonam Wangmo
  ཨེ་མོ་དབྱངས་ཅིག་གསུངས་ལ། །གསེར་གྱི་གྱི་ཅུང་ཟུར་གསུམ་རྣོ་མི་རྣོ། །འདི་བ་ཏ་དཔོན་པོའི་ཐུགས་རང་རྣོ། །དབྱངས་ཅིག་ཨེ་མོ་གསུངས་ལ། །
  The trio shape knife is so shrill, Even then majesty’s mind is shriller.
 • བསོད་ནམས་དབང་མོ་ Sonam Wangmo
  ཨེ་མོ་དབྱངས་གཅིག་གསུངས་ལ། །ཕུ་ཡི་སྐྱིད་ཆུ་གཙང་ཆུ་ཡ་ལ་རིང་མི་རིང་། །འདི་བ་ཏ་དཔོན་པོའི་སྐུ་ཚེ་རིང་ལ། །དབྱངས་ཅིག་ཨེ་མོ་གསུངས་ལ། །ཨེ་མོ་དབྱངས་ཅིག་གསུངས་ལ། །
  The clear water sustain lengthy, Even then Majesty’s life sustain lengthier.
 • བསོད་ནམས་དབང་མོ་ Sonam Wangmo
  ལགས་སོ་ལགས། ཨ་ནཱིམ་ཅིག་བཞག་གེ་ད།། །།