Skip to main content Skip to search
28 Aug 2018
3 min 24 sec
Ariana Maki
Video Overview
Creators: 
Sonam Tobgye, Ugyen

མཚན་ལྡན་བླ་མའི་དབུ་ཞྭ་ཟེར་མི་ བོད་སྒྲའི་གླུ་གཞས་རྙིངམ་འདི་ ལྷུན་རྩེ་རྫོང་ཁག་་སྨད་མཚོ་རྒེད་འོག་ གཞོང་སྨད་གཡུས་ཚན་ལས་ ནོར་བུ་སྒྲོལ་མ་དང་ བདེ་ཆེན་གྱིས་འཐེནམ་ཨིནམ་ད་ གླུ་གཞས་འདི་ནང་ རྩ་བའི་བླ་མའི་ཀུན་སྤྱོད་དང་ན་བཟའ་ དབུ་ཞྭ་དང་སྐུ་བཅིང་ འདི་ལས་ ཞབས་ལྷམ་དང་ཞལ་གྱི་དཀྱིལ་འཁོར་ཚུ་ལུ་ བསྟོད་པ་ཕུལཝ་ཨིན་མས། ཏེ་གླུ་གཞས་འདི་ནང་ ཅ་ཆས་འདི་ཚུ་ གནམ་མེད་ས་མེད་བྱིན་རླབས་ཅན་ཨིན་པ་ཅིན་ བླམ་འདི་གནམ་མེད་ས་མེད་ རྩ་ཆེཝ་ཨིནམ་འདི་ མ་པ་ལས་ར་ཧ་གོ་ཚུགས་པས་ཟེར་སླབ་ཨིན་མས། 

 

The song Tsenden Lamai Auzha, a Boedra song was sang by Norbu Dema and Dechen from Zhongmae village under Maedtsho geog in Lhuntse Dzongkhag. It is a glorification song to the root master, where the master is praised through his customs and belongings such dresses, the hat, the belt, the shoe and his face. It reveals that these stuffs are precious and sacred. Thus, if his belongings and parts are sacred, it is automatically known that the master will be sacred. 

 

Transcript search
No results found for this search
0 of 0
  • ནོར་བུ་སྒྲོལ་མ་ Norbu Dema
    མཚན་ལྡན་བླ་མའི་དབུ་ཞྭ། །དབུ་ཞྭ་ལ་ཚེ་རིང་དཀྱིལ་འཁོར། །རྒྱ་ལས་ཏ་ཚོ། །ཡང་ལས་ཏ་ཚོ་ཚོ། ། ཁྲུང་ཁྲུང་ལེགས་མོ་ཁྲུང་ཁྲུང་། །ཁྲུང་ཁྲུང་ལེགས་མོ་ཁྲུང་ཁྲུང་། །ད་ལ་ནི་གཡུ་ཆུང་དྲུག་དཀར། །རྒྱ་ལས་ཏ་ཚོ། །ཡང་ལས་ཏ་ཚོ་ཚོ། །
  • ནོར་བུ་སྒྲོལ་མ་ Norbu Dema
    མཚན་ལྡན་བླ་མའི་རྣ་གཡུ། །རྣ་གཡུ་ལ་གསེར་གྱི་ཨ་ལོང་། །རྒྱ་ལས་ཏ་ཚོ། །ཡང་ལས་ཏ་ཚོ་ཚོ། ། ཁྲུང་ཁྲུང་ལེགས་མོ་ཁྲུང་ཁྲུང་། །ཁྲུང་ཁྲུང་ལེགས་མོ་ཁྲུང་ཁྲུང་། །ད་ལ་ནི་གཡུ་ཆུང་དྲུག་དཀར། །རྒྱ་ལས་ཏ་ཚོ། །ཡང་ལས་ཏ་ཚོ་ཚོ། །
  • ནོར་བུ་སྒྲོལ་མ་ Norbu Dema
    མཚན་ལྡན་བླ་མའི་ཞལ་རས། །ཞལ་རས་ལ་དཀར་གསལ་ཟླ་བ། །རྒྱ་ལས་ཏ་ཚོ། །ཡང་ལས་ཏ་ཚོ་ཚོ། ། ཁྲུང་ཁྲུང་ལེགས་མོ་ཁྲུང་ཁྲུང་། །ཁྲུང་ཁྲུང་ལེགས་མོ་ཁྲུང་ཁྲུང་། །ད་ལ་ནི་གཡུ་ཆུང་དྲུག་དཀར། །རྒྱ་ལས་ཏ་ཚོ། །ཡང་ལས་ཏ་ཚོ་ཚོ། །
  • ནོར་བུ་སྒྲོལ་མ་ Norbu Dema
    མཚན་ལྡན་ལ་བླ་མའི་ན་བཟའ། །ན་བཟའ་ལ་དར་དང་གོས་ཆེན། །རྒྱ་ལས་ཏ་ཚོ། །ཡང་ལས་ཏ་ཚོ་ཚོ། ། ཁྲུང་ཁྲུང་ལེགས་མོ་ཁྲུང་ཁྲུང་། །ཁྲུང་ཁྲུང་ལེགས་མོ་ཁྲུང་ཁྲུང་། །ད་ལ་ནི་གཡུ་ཆུང་དྲུག་དཀར། །རྒྱ་ལས་ཏ་ཚོ། །ཡང་ལས་ཏ་ཚོ་ཚོ། །
  • ནོར་བུ་སྒྲོལ་མ་ Norbu Dema
    མཚན་ལྡན་བླ་མའི་སྐུ་བཅིང་། །སྐུ་བཅིང་ལ་ཀྲང་ཀྲིང་སྣེ་ལྔ། །རྒྱ་ལས་ཏ་ཚོ། །ཡང་ལས་ཏ་ཚོ་ཚོ། ། ཁྲུང་ཁྲུང་ལེགས་མོ་ཁྲུང་ཁྲུང་། །ཁྲུང་ཁྲུང་ལེགས་མོ་ཁྲུང་ཁྲུང་། །ད་ལ་ནི་གཡུ་ཆུང་དྲུག་དཀར། །རྒྱ་ལས་ཏ་ཚོ། །ཡང་ལས་ཏ་ཚོ་ཚོ། །
  • ནོར་བུ་སྒྲོལ་མ་ Norbu Dema
    མཚན་ལྡན་བླ་མའི་ཞབས་ལྷམ། །ཞབས་ལྷམ་ལ་བོད་ཀྱི་གཙང་ལྷམ། །རྒྱ་ལས་ཏ་ཚོ། །ཡང་ལས་ཏ་ཚོ་ཚོ། ། མཚན་ལྡན་ལ་བླ་མའི་ཞབས་བཅིང། །ཞབས་བཅིང་ལ་ཀྲང་ཀྲིང་སྣེ་ལྔ། །རྒྱ་ལས་ཏ་ཚོ། །ཡང་ལས་ཏ་ཚོ་ཚོ། །
  • ནོར་བུ་སྒྲོལ་མ་ Norbu Dema
    ལགས་སོ་ལགས།། །།